ཞབས་དཀར་ཚོགས་དྲུག་རང་གྲོལ།
རྟ་ནག་རིན་པོ་ཆེ་ངག་དབང་ཤེས་རབ།
འཆད་ཁྲིད་ནང་དོན། གཤིན་པོའི་འདས་མཆོད་ཀྱི་སྐོར།
མཛད་པ་པོ། ཞབས་དཀར་ཚོགས་དྲུག་རང་གྲོལ།
འཆད་ཁྲིད་པ། རྟ་ནག་རིན་པོ་ཆེ་ངག་དབང་ཤེས་རབ།
རྩ་ཚིག།
བུ་གཅིག་ཤི་བའི་མ་ཡིན་ཀྱང་། །མ་ངུ་འཆི་བ་མགོ་རྔ་མེད། །ཆེ་བ་དགེ་བཤེས་རྒྱལ་བློན་དང་། །ཕྱུག་པོ་དབུལ་པོ་ཀུན་གྱི་མགོར། །རྐྱེན་ངན་མི་འོང་གཅིག་ཀྱང་མེད། །སྔ་ཕྱི་བྱས་ནས་ཀུན་ལ་འོང་། །ཁྱིམ་ཚང་གཅིག་ལ་བྱུང་བ་མིན། །ཚེ་ཡི་མཐའ་ལ་བབས་པའི་ཚེ། །སྨན་པའི་རྒྱལ་པོ་འཚོ་བྱེད་དང་། །མཐུ་སྟོབས་བདག་པོ་ཕྱག་རྡོར་དང་། །འཆི་མེད་དཔལ་སྟེར་ཚེ་དཔག་མེད། །དངོས་སུ་བྱོན་ཡང་ཕན་མི་ཐོགས །
དཀར་ཆག
གཤིན་པོའི་འདས་མཆོད་ཀྱི་སྐོར། 1
གཤིན་པོའི་འདས་མཆོད་ཀྱི་སྐོར། 2