འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་སྙན་ངག་བློ་སྦྱོང་2

民生   2025-01-30 00:09   西藏  
འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོ།
རྟ་ནག་རིན་པོ་ཆེ་ངག་དབང་ཤེས་རབ།
འཆད་ཁྲིད་ནང་དོན། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་སྙན་ངག་བློ་སྦྱོང་ཞུ་བའི་ཞལ་གདམས།
འཆད་ཁྲིད་པ། རྟ་ནག་རིན་པོ་ཆེ་ངག་དབང་ཤེད་རབ།
                                             རྩ་ཚིག
དར་དིར་འགྲོ་བའི་ཚོགས་རྣམས་མ་ལུས་ཀུན།། བན་བུན་དད་གཞི་དྲག་པོའི་ཀུན་སློང་དང་།། ཁྲལ་ཁྲོལ་བློ་གྲོས་ཡངས་པའི་ཤེས་རབ་ཀྱིས།། ལྗན་ལྗིན་ལས་ཀྱི་སྡིག་སྒྲིབ་སྦྱང་བར་གྱིས།། མྱུར་བ་མྱུར་བར་སྡིག་སྒྲིབ་མ་སྦྱངས་ན།། རང་རེ་རང་རེའི་ལས་འདི་དབང་བཙན་པས།། བདེ་བ་བདེ་བར་ཤེས་ཀྱང་འདམ་དབང་མེད།། སྡུག་པ་སྡུག་པར་ཤེས་ཀྱང་འདོར་དབང་མེད།། 

༈ སློབ་ཚན་འདི་ཡི་ནང་དོན་གནད་བསྡུས། 

  འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་མཛད་པའི་སྙན་ངག་བློ་སྦྱོང་ཞུ་བའི་ཞལ་གདམས་འདི་ནི།   རྗེ་བདག་ཉིད་ཆེན་པོས་ཚིག་སྦྱོར་ཕུན་སུམ་ཚོགས་པ་སྙན་ངག་ལེའུ་བར་པའི་སྒྲ་རྒྱན་གྱི་ལམ་ནས་ཐེག་པ་ཆེ་ཆུང་གི་ཉམས་ལེན་གྱི་གནད་ཐམས་ཅད་ཁ་གསལ་གོ་བདེར་གསུངས་པའི་ཞལ་གདམས་ཡིད་བཞིན་གྱི་ནོར་བུ་ཞིག་ཡིན། འདི་ལ་སྦྱང་བརྩོན་ལེགས་པར་མཛད་ན། ཐེག་པ་ཆེ་ཆུང་གི་བློ་སྦྱོང་ལམ་རིམ་གྱི་གོ་བ་ཡང་དག་པ་ཞིག་ཆགས་རྒྱུར་ཕན་པ་ངེས་ཅན་ཐོབ་རྒྱུར་ཐེ་ཚོམ་སྤུ་རྩེ་ཙམ་ཡང་མེད་པས་སྐལ་ལྡན་དོན་གཉེར་ཀུན་གྱི་ཐུགས་དབྱིངས་སུ་འཇགས་པར་འཚལ།། །།

达那文化
欢迎加入达那文化公众平台
 最新文章