ཆང་འཐུངས་ཏེ་རླངས་འཁོར་བསྐོར་ན་རང་གཞན་གཉིས་ཀའི་བདེ་འཇགས་ལ་གནོད།

文摘   2025-01-17 15:50   青海  



ཁྲིམས།

ཆང་འཐུངས་ཏེ་རླངས་འཁོར་བསྐོར་ན་རང་གཞན་གཉིས་ཀའི་བདེ་འཇགས་ལ་གནོད།




བློ་མཐུན་རྩོམ་སྒྲིག་པ་ལགས།
2023ལོའི་ཟླ3པའི་ཚེས23ཉིན་གྱི་ནམ་གུང་ཆུ་ཚོད་གཅིག་ཡས་མས་སུ། ངས་ཟ་ཁང་ཞིག་ཏུ་ཆང་འཐུངས་རྗེས་རླངས་འཁོར་བསྐོར་ཏེ་ཡུལ་ལ་འགྲོ་བའི་ལམ་བར་དུ། ལམ་འགྲོ་བ་ཞིག་གིས་ངས་ཆང་འཐུངས་ཏེ་རླངས་འཁོར་བསྐོར་བའི་གནས་ཚུལ་འགྲིམ་འགྲུལ་ཉེན་རྟོག་པར་ཐེར་འདོན་བྱས། དེ་བས་ཉེན་རྟོག་པ་བྱ་འཕུར་བ་ལྟར་ཐོན་ནས་ང་ལམ་དུ་བཀག་སྟེ་ཆང་བཅུད་ཞིབ་དཔྱད་ཚད་ལེན་བྱས་པ་ན། ཞིབ་དཔྱད་ཚད་ལེན་ཐེངས་དང་པོའི་མཇུག་འབྲས་ནི54mg/100mlདང་ཐེངས་གཉིས་པའི་མཇུག་འབྲས་ནི33mg/100mlཡིན་པས། ང་ལ་དངོས་གནས་ཆང་འཐུངས་རྗེས་རླངས་འཁོར་བསྐོར་བའི་བྱ་སྤྱོད་ཡོད་པ་གཏན་འཁེལ་བྱས། དེའི་འཕྲོར་ཉེན་རྟོག་པས་ངའི་ཁ་ལོ་བའི་ལག་རྟགས་ལ་ཞིབ་བཤེར་བྱེད་སྐབས། བློ་ཡུལ་ལས་འདས་པ་ཞིག་ནི་ངས2021ལོའི་ཟླ4པའི་ཚེས12ཉིན་ཆང་འཐུངས་ནས་རླངས་འཁོར་བསྐོར་བའི་བྱ་སྤྱོད་འགྲིམ་འགྲུལ་རུ་ཆེན་ཞིག་གིས་ཞིབ་བཤེར་ཐག་གཅོད་བྱས་པའི་ཟིན་ཐོ་ཡོད་པ་ཤེས་ཤིང་། ཐེངས་འདི་ནི་ཆང་འཐུང་ནས་རླངས་འཁོར་བསྐོར་བའི་བྱ་སྤྱོད་ཐེངས་གཉིས་པ་ཡིན་པའང་ཤེས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ཉེན་རྟོག་པས་འདི་ལྟ་བུའི་གྱོད་དོན་ཇི་ལྟར་ཐག་བཅད་ན་འགྲིག
ཞེས་འབྲུག་འབུམ་གྱིས།

བློ་མཐུན་འབྲུག་འབུམ་ལགས། 
རང་རྒྱལ་གྱི་སྤྱི་ཚོགས་དཔལ་འབྱོར་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་སོང་བ་དང་བསྟུན་མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཀྱང་གོང་དུ་འཕེལ་བཞིན་ཡོད། དེས་ན་གྲོང་ཁྱེར་ནས་གྲོང་རྡལ་བར་དུ་འགྲོ་འོང་བྱེད་པའི་རླངས་འཁོར་ཇེ་མང་ནས་ཇེ་མང་ཡིན་ཞིང་། དེ་དང་བསྟུན་ནས་མང་ཚོགས་ཀྱི་འགྲིམ་འགྲུལ་བདེ་འཇགས་འདུ་ཤེས་ཞན་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚད་ཇེ་མང་ནས་ཇེ་མང་རེད།
གོང་གི་གྱོད་དོན་འདིར་གཞིགས་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྱོད་ཀྱིས་སླར་ཡང་ཆང་འཐུངས་ནས་རླངས་འཁོར་བསྐོར་བའི་ཁྲིམས་འགལ་བྱ་སྤྱོད་ལ་ཁྲིམས་ལྟར་སྲིད་འཛིན་བཀག་ཉར་ཉིན7དང་ཁ་ལོ་བའི་ལག་རྟགས་རྩིས་མེད་དུ་གཏོང་བར་མ་ཟད་དངུལ་ཆད་སྒོར1900བཅས་ཀྱི་སྲིད་འཛིན་ཆད་པ་གཅད་རྒྱུ། རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན91པའི་ཚན་པ1པོའི་གཏན་འཁེལ་ལྟར་ན།“ཆང་འཐུངས་རྗེས་རླངས་འཁོར་བསྐོར་ན་ཁ་ལོ་བའི་ལག་རྟགས་གནས་སྐབས་བཀག་ཉར་ཟླ6ལ་བྱ་རྒྱུ་དང་དངུལ་ཆད་སྒོར1000ནས2000མན་གཅད་རྒྱུ་དང་། ཆང་འཐུངས་ནས་རླངས་འཁོར་བསྐོར་བར་ཆད་པ་བཅད་ཐོག་སླར་ཡང་ཆང་འཐུངས་རྗེས་རླངས་འཁོར་བསྐོར་ན་ཉིན10མན་གྱི་བཀག་ཉར་བྱེད་པར་མ་ཟད་དངུལ་ཆད་སྒོར1000ནས2000མན་གཅད་རྒྱུ་དང་། ཁ་ལོ་བའི་ལག་རྟགས་རྩིས་མེད་དུ་གཏང་རྒྱུ ”ཞེས་བཀོད་ཡོད།
ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།





ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།



ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章