མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་སྙན་ཞུ་ཉིང་བཏུས།
1. བདེ་འཇགས་དང་བརྟན་བརླིང་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱས་ནས་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཁྲིམས་ལྟར་ཉེས་དོན་གྱོད་དོན7245ཞིབ་གཅོད་བྱས་ནས་ཉེས་ཅན7945ལ་ཁྲིམས་ཐག་བཅད།བསམ་བཞིན་དུ་མི་བསད་པ་དང་བཙན་གཡེམ། འཕྲོག་བཅོམ་སོགས་ཀྱི་གྱོད་དོན641ཞིབ་གཅོད་བྱས།མགོ་སྐོར་གཡོ་ལེན་དང་དེ་འབྲེལ་གྱི་ཉེས་དོན་གྱོད་དོན959ཞིབ་གཅོད་བྱས།གཏུག་ཡུལ85ཡོད་ཅིང་ཉེས་བསགས་རྒྱུ་ནོར་སྒོར་ཁྲི3800ལྷག་ཡོད་པའི“7·17”འབར་མའི་བྱང་རྒྱུད་གློག་འཕྲིན་དྲ་རྒྱའི་གཡོ་ལེན་གྱོད་དོན་ཁྲིམས་ལྟར་འདྲི་ཞིབ་བྱས།ལྐོག་ཟ་རྔན་ལེན་སོགས་ལས་གནས་གྱོད་དོན187ཞིབ་གཅོད་བྱས་ཤིང་། དེའི་ཁྲོད་དུ་ཁུང་ལིང་ཏུང་དང་མོ་ཁྲུང་མིང་། ཞེ་ཁང་རྨིན་སོགས་སྔོན་གྱི་ཞིང་ཆེན་རིམ་པས་དོ་དམ་བྱེད་པའི་ལས་བྱེད་མི་སྣ6འདུས།དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་དར་སྤེལ་དུ་བཏང་ནས། གཏུག་བཤེར་སྔོན་དུ་ཁག་བགོས་པའི་རྩོད་གླེང50249འདུམ་འགྲིག་བྱུང་ཞིང་། ཁྲིམས་ཁང་གིས་གྱོད་དོན31324འདུམ་སྒྲིག་བྱས།2. ཁྲིམས་ལྟར་དཀྱིལ་སྙིང་སྤྱི་ཡོངས་ལ་ཞབས་ཕྱི་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་འགན་སྲུང་བྱས།ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ཚོང་དོན་གྱོད་དོན33048དང་མ་རྡིབ་གྱོད་དོན64ཁྲིམས་ལྟར་ཞིབ་གཅོད་བྱས།ཟི་ལིང་འབྲིང་རིམ་ཁྲིམས་ཁང་གིས་ཚྭ་མཚོ་མེའུ་ཡེས་དང་ཚྭ་མཚོ་ཧེ་ན་ཀུང་སིའི་མ་རྡིབ་བསྐྱར་སྒྲིག་གི་གྱོད་དོན་ཞིབ་གཅོད་བྱས་ཏེ། ཚྭ་མཚོའི་ཁེ་ལས་ཀྱི་ལས་བཟོ་བ6000ལྷག་གི་ལས་ཞུགས་གཏན་འཇགས་སུ་བཏང་།2024ལོར། ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་བདག་སྤྲོད་བྱས་པའི་ཡིད་རྟོན་བྱང་བུའི་རྩོད་གླེང་གྱོད་དོན་དུས་མཉམ་དང་བསྡུར་ན52.43%གྱིས་མར་ཆགས་པ་དང་། ཚོང་ཟོང་ཁང་པ་སྔོན་འཚོང་གན་རྒྱའི་རྩོད་གཞིའི་གྱོད་དོན་དུས་མཉམ་དང་བསྡུར་ན62.87%གྱིས་མར་ཆགས།ཤེས་ཡོན་བདག་དབང་གི་གྱོད་དོན256ཞིབ་གཅོད་བྱས་ལ། ཕྱི་འབྲེལ་གྱི་དམངས་དོན་དང་ཚོང་དོན་གྱོད་དོན10ཞིབ་གཅོད་བྱས།ཁོར་ཡུག་ཐོན་ཁུངས་གྱོད་དོན864ཞིབ་གཅོད་བྱས་ནས་ཁྲིམས་འཛིན་ངོས་འཛིན་གྱོད་དོན15ཁྲིམས་ལྟར་འདྲི་ཞིབ་བྱས་ཤིང་། སྒོར་མོ་དུང་ཕྱུར17.63མུ་རི་གཏེར་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་བཀོལ།ཞིང་ཆེན་ཁྲིམས་ཁང་དང་ཅང་སུའུ་མཐོ་རིམ་ཁྲིམས་ཁང་གཉིས་ཀྱིས་ཡུས་ཧྲུའུ་གྲོང་ཁྱེར་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་ཉམས་གསོ་རྟེན་གཞི་བཙུགས།སྲིད་འཛིན་གྱོད་དོན1448དང་རྒྱལ་ཁབ་སྐྱིན་གསབ་གྱོད་དོན256ཞིབ་གཅོད་བྱས།ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་གསར་དུ་བདག་སྤྲོད་བྱས་པའི་འདྲི་རིམ་དང་པོའི་སྲིད་འཛིན་གྱོད་དོན་དུས་མཉམ་དང་བསྡུར་ན25.82%མར་ཆགས་པ་དང་། སྲིད་འཛིན་ལས་ཁུངས་ཀྱི་འགན་འཁུར་བ་ཁྲིམས་རར་ཞུགས་ཏེ་ཞུ་ལན་སློག་ཚད89.11%ལ་སླེབས་པ་དེ་དུས་མཉམ་དང་བསྡུར་ན4.92%འཕར།3. སྲིད་འཛིན་དམངས་ཆེད་ལག་ལེན་གཏིང་ཟབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་འཛིན་ཐོབ་སྣང་མཐོར་འདེགས་སུ་བཏང་།སློབ་གསོ་དང་སྨན་བཅོས། ལས་ཞུགས་སོགས་དམངས་ཚིས་ཁྱབ་ཁོངས་དང་འབྲེལ་བའི་དམངས་དོན་གྱོད་དོན77112ཞིབ་གཅོད་བྱས།ཞིང་ཆེན་ཁྲིམས་ཁང་དང་ཟི་ལིང་དམག་དོན་ཁྲིམས་ཁང་གཉིས་ཀྱིས་ཁྲིམས་ལྟར་ཁྲིམས་འཛིན་རོགས་སྐྱོར་མ་དངུལ་ཁྲི416.15གཏོང་སྤྲོད་བྱས་པ་དང་། ཞུ་གཏུག་འགྲོ་སོང་སྒོར་ཁྲི2919.3ཕྱིར་འགྱངས་དང་ཉུང་འཕྲི། སྤྲོད་མི་དགོས་པར་བྱས།ལག་བསྟར་གྱོད་དོན62661མཇུག་བསྒྲིལ་བ་དང་སྒོར་དུང་ཕྱུར135.21ལག་བསྟར་བྱས། དམངས་ཚིས་དང་འབྲེལ་བའི་ལག་བསྟར་གྱོད་དོན11171མཇུག་བསྒྲིལ་བ་དང་སྒོར་དུང་ཕྱུར12.18ལག་བསྟར་བྱས།ཡིད་རྟོན་ཤོར་བའི་ལག་བསྟར་བྱ་ཡུལ་མིང་ཐོ་མི་ཐེངས15795ཁྱབ་སྒྲོག་བྱས་ཤིང་། མི་ཐེངས23246ལ་འཛད་སྤྱོད་ཆེ་བ་ཚོད་འཛིན་པའི་བཀའ་ཁྱབ་བསྒྲགས།ཞིང་ཆེན་ཡོངས་ཀྱི་མི་དམངས་ཁྲིམས་ར84ཡིས་གྱོད་དོན31162ཞིབ་གཅོད་བྱས་པ་དང་། སྐོར་སྐྱོད་འདྲི་གཅོད་ཐེངས2912སྤེལ།ནང་ཆེན་རྫོང་ཁྲིམས་ཁང་གིས་ཞུ་གཏུག་སྔོན་གྱི་རྩོད་གཞི200ལྷག་ཐག་གིས་བཅད།ཟི་ལིང་གྲོང་ཁྱེར་མཁར་བྱང་ཆུའུ་ཁྲིམས་ཁང་གིས་སྡེ་ལས་རྩོད་གཞི1801ཐག་གིས་བཅད།ཁྲིམས་ལུགས་དྲིལ་སྒྲོག་བྱ་འགུལ་ཐེངས1679སྤེལ།ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གིས་ལས་བྱེད་མི་སྣ316མངགས་ནས་སློབ་གྲྭ་ཆུང་འབྲིང་གི་ཁྲིམས་སྐྱོང་སློབ་གཙོ་གཞོན་པར་བསྐོས།4. ངེས་པ་དོན་གྱིས་གྱོད་སྒྲུབ་སྤུས་ཕྱོད་མཐོ་རུ་བཏང་ནས་མགྱོགས་མྱུར་ངང་འདྲི་གཅོད་བྱ་བ་དེང་རབས་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་།ཞིང་ཆེན་ཡོངས་ཀྱི་ཁྲིམས་ཁང་གི་གྱོད་སྒྲུབ་སྤུས་ཕྱོད་བརྟན་པོའི་ངང་འཕར་ཞིང་། ཆེས་མཐོའི་ཁྲིམས་ཁང་གི་འདྲི་གཅོད་སྤུས་ཀའི་དོ་དམ་དམིགས་ཚད18ཀྱི་དཔྱད་ཞིབ་ཁྲོད་ཐོག་དང་པོར་ཚད་ལོན་ཕྱོད100%ལ་ཐོན།ཁྲུན་བཅད་ཡིག་རིགས1དང་ཁྲིམས་རའི་འདྲི་ཞིབ2ལ་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི“ཕུལ་དུ་བྱུང་བའི་ཁྲུན་གཅོད་ཡིག་རིགས་བརྒྱ”དང“ཕུལ་དུ་བྱུང་བའི་ཁྲིམས་རའི་འདྲི་གཅོད་བརྒྱ”ཡི་གྲས་སུ་བདམས།ཞིང་ཆེན་ཁྲིམས་ཁང་གིས་ཞིབ་འཇུག་གསར་སྤེལ་བྱས་པའི“གྱོད་དོན་གཟིགས་མཆན་མ་ལག”གིས་གཟིགས་མཆན་བརྒྱུད་རིམ་སྔར་ལས་ཚད་ལྡན་དུ་བཏང་བས། ཐིང་ཀྲང་གིས་གཟིགས་མཆན་འགོད་པའི་འགན་འཁྲི་ལག་བསྟར་བྱེད་པར་རོགས་སྐྱོར་བྱས།རྒྱལ་ཡོངས་ཁྲིམས་ཁང་གི་གཞུང་ལས་གྱོད་སྒྲུབ་སྟེགས་བུ“དྲ་བ་གཅིག”གི་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་ཁུངས་ཧུར་ཐག་གིས་བརྩོན་ལེན་བྱས་ནས། རྒྱལ་ཡོངས་ཀྱི་དྲ་ཐོག་ཉེར་སྤྱོད་ཚོད་ལྟའི་བྱ་བ་ལེགས་འགྲུབ་བྱུང་བའི་ཁྲིམས་ཁང་ཨང་གཉིས་པར་གྱུར།ཞིང་ཆེན་ཁྲིམས་ཁང་གིས་གཙོ་ཁྲིད་བྱས་ནས་རྩོམ་འབྲི་གནང་བའི《མི་དམངས་ཁྲིམས་ཁང་གྲངས་འཛིན་གྲོས་ཚོགས་ཁང་གི་ཆ་འཕྲིན་ཅན་འཛུགས་སྐྲུན་ལག་རྩལ་ཚད་ལྡན》ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་དང་ལེན་བྱས།ཞིང་ཆེན་ཁྲིམས་ཁང་གིས་རང་རྐྱ་འཕེར་བའི་སྒོ་ནས་ཞིབ་འཇུག་གསར་སྤེལ་བྱས་པའི་གློག་རྡུལ་མིང་འགོད་མ་ལག་དང་འཁྱེར་བདེ་ཁྲིམས་ཁང་མ་ལག་ལ་རྒྱལ་ཡོངས་ཀྱི་མཉེན་ཆས་རྩོམ་དབང་ཐོ་འགོད་དཔང་ཡིག་ཐོབ།5. ཐོག་མཐའ་བར་གསུམ་དུ་ནན་སྡོམ་བྱམས་སྐྱོང་རྒྱུན་འཁྱོངས་བྱས་ནས་ཧུར་ཐག་གིས་དུས་རབས་གསར་པའི་མི་དམངས་ཁྲིམས་ཁང་གི་ཧྲག་དམག་དཔུང་སྡེ་བཙུགས།ཆབ་སྲིད་གཞུང་ལུགས་ཤེས་བྱ་དང་འདྲི་གཅོད་ལས་སྒོའི་ཉམས་མྱོང་གསོག་འཇོག་ལ་དོ་སྣང་བྱས་ནས། རིགས་སོ་སོའི་གསོ་སྦྱོང་ཐེངས38སྤེལ་བ་དང་ལས་བྱེད་ཉེན་རྟོག་མི་ཐེངས12472གསོ་སྦྱོང་ལ་ཞུགས།འབྲིང་རིམ་ཁྲིམས་ཁང་ལ་ཁྲིམས་དཔོན42དང་ཞིང་ཆེན་ཁྲིམས་ཁང་ལ་ཁྲིམས་དཔོན15འདེམ་སྒྲུག་བྱས། གཞི་རིམ་ཁྲིམས་ཁང་གི་ཕུལ་བྱུང་ཡོན་ཀྲང2ཞིང་ཆེན་ཁྲིམས་ཁང་ལ་འདེམ་འཐེན་བྱས་ཏེ་སྡེ་ཁག་གི་འགན་འཁུར་བ་བྱས།མགོ་ལོག་འབྲིང་རིམ་ཁྲིམས་ཁང་གི་ཧྥན་ཅིན་ཧའོ་དགའ་བདེ་རྫོང་ལུང་མོ་ཆེ་སྡེ་བའི་ཧྲུའུ་ཅི་དང་པོར་མངག་སྡོད་བྱས་ནས། དམངས་ལ་དཀའ་ཁག་སེལ་བའི་རོགས་སྐྱོར་བྱ་བར་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོའི་དཔྱད་མཆན་ཁས་ལེན་ཐོབ།མཚོ་ཤར་འབྲིང་རིམ་ཁྲིམས་ཁང་གི་ལས་བྱེད་ཉེན་རྟོག་ཆའོ་ཞའོ་ཕིང་དང་ལི་ཡུས་ལིན་གཉིས་ཀྱིས་ཆུ་ལ་བྱིངས་པའི་བུ་མོའི་སྲོག་བསྐྱབས་པས། 2024ལོའི་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡི་བདེན་པའི་རྒྱབ་ལངས་ཀྱི་དཔའ་བོའི་གྲས་སུ་ཚུད།6. རང་རྟོགས་སྒོས་ཕྱོགས་ཡོངས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ཁྲིམས་ཁང་གི་བྱ་བར་བསྟུད་མར་ཤུགས་སྣོན་དང་ལེགས་བཅོས་བྱས།ཞིང་ཆེན་དམངས་ཆེན་འཐུས་མི་དང་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞི་བསམ་འཆར39ལས་སྒྲུབ་བྱས།འཐུས་མི་དང་ཨུ་ཡོན་གྱི་དོ་སྣང་བྱེད་པའི་གྱོད་དོན11ནན་ཏན་གྱིས་བསྒྲུབས་ནས་ལས་སྒྲུབ་གནས་ཚུལ་ཕྱིར་སློག་བྱས།རང་འགུལ་གྱིས་འཐུས་མི་དང་ཨུ་ཡོན་མི་ཐེངས40གདན་འདྲེན་བྱས་ནས་ཁྲིམས་ཁང་ལ་གཟིགས་ཞིབ་དང་གྱོད་དོན་གལ་ཆེན་གྱི་ཁྲིམས་རའི་ཞིབ་གཅོད་ལ་ཟུར་ཉན་བྱེད་དུ་བཅུགཞིང་ཆེན་ཡོངས་ཀྱི་གཞི་རིམ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དང་ཁྲིམས་ཁང་ཡོན་ཀྲང་གི་གསོ་སྦྱོང་སྐབས་དང་པོ་སྤེལ།ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིང་ཆེན་ཁྲིམས་ཁང་གིས་ཞིབ་དཔྱོད་ཀྲང་གདན་འདྲེན་བྱས་ནས་ཐེངས11ལ་འདྲི་གཅོད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་ཟུར་ཞུགས་བྱེད་དུ་བཅུག་པ་དང། གྱོད་དོན18ལ་གྲོས་སྡུར་བྱས།2025ལོའི་བྱ་བའི་བཀོད་སྒྲིགཆབ་སྲིད་འཛུགས་སྐྱོང་ལ་མུ་མཐུད་ནས་ཤུགས་བསྣན་དགོས།བསམ་བློའི་འདུ་ཤེས་རྒྱུན་ཆད་མེད་པར་གསར་སྒྱུར་བྱ་དགོས།འགན་འཁྲི་དང་ལས་འགན་ལྷག་བསམ་རྣམ་དག་གིས་བསྒྲུབ་དགོས།ཁྲིམས་འཛིན་ཁྱབ་ཁོངས་ཀྱི་བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བྱ་དགོས།དཔུང་སྡེ་འཛུགས་སྐྲུན་མུ་མཐུད་ནས་གཏིང་ཟབ་ཏུ་གཏང་དགོས།ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།
ལྟ་སྐུལ་བ། སྐལ་བཟང་རྒྱལ།
སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།
ཁ་པར། 0971-6312635
སྦྲག་སྲིད། 810008
ཡིག་ཟམ། qhfzb@aliyun.com
地址:青海省西宁市西关大街79号
电话:0971-6312635
邮编:810008
E_mail:qhfzb@aliyun.com