​དཔའ་ལུང་གི་ཐད་གཏོང་མཁན་ཞིག་ལ་སྐྱོན་བརྗོད་སློབ་གསོ་བཏང་།

文摘   2025-01-07 18:49   青海  




དཔའ་ལུང་གི་ཐད་གཏོང་མཁན་ཞིག་ལ་སྐྱོན་བརྗོད་སློབ་གསོ་བཏང་།



ཟླ1པོའི་ཚེས6ཉིན། མཚོ་ཤར་གྲོང་ཁྱེར་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུའུ་དྲ་རྒྱའི་བདེ་འཇགས་རུ་ཆེན་གྱིས་རྫོང་དྲ་འཕྲིན་གཞུང་ལས་ཁང་དང་མཉམ་དུ་ཁྲིམས་ལྟར་ཐད་གཏོང་མཁན་ཞིག་ལ་སྐྱོན་བརྗོད་སློབ་གསོ་བཏང་། 
ཤེས་རྟོགས་བྱུང་བར་གཞིགས་ན། དྲ་རྒྱའི་སྟེགས་བུ་ག་གེ་མོའི་ཐད་གཏོང་མཁན་མཱ་ཆེ་གེ་མོས་ཐད་གཏོང་བྱེད་སྐབས་ཚུལ་མིན་གྱི་གཏམ་བརྗོད་སྤེལ་ནས་ཤུགས་རྐྱེན་ངན་པ་བཟོས་ཡོད། ཉེན་རྟོག་པས་ཐད་གཏོང་མཁན་དེ་ལ་སྐྱོན་བརྗོད་སློབ་གསོ་ནན་མོ་བཏང་སྟེ། མཉམ་སྦྲེལ་དྲ་བའི་ཐད་གཏོང་ཞབས་ཕྱིའི་དོ་དམ་གཏན་འབེབསདངདྲ་རྒྱའི་ཆ་འཕྲིན་ནང་དོན་གྱི་སྐྱེ་ཁམས་བཅོས་སྐྱོང་གཏན་འབེབསསོགས་ཁྲིམས་སྲོལ་ལ་སློབ་སྦྱོང་བྱེད་དུ་བཅུག་ནས་ཁས་ལེན་དམ་བཅའི་ཡི་གེའི་སྟེང་མིང་རྟགས་བཀོད། 
སྐྱོན་བརྗོད་སློབ་གསོ་བཏང་བ་བརྒྱུད། ཐད་གཏོང་མཁན་དེས་རང་ཉིད་ཀྱི་ནོར་འཁྲུལ་ལ་ངོས་ཟིན་ཐོབ་ཅིང་། ཁེངས་སྐྱུང་ངང་དྲ་རྒྱའི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་མོ་བྱ་རྒྱུ་དང་ལེན་བྱས་ནས་ཤེས་དཔལ་ངང་དྲ་ལ་ཞུགས་པ་དང་ལུགས་མཐུན་ངང་སྐད་ཆ་བཤད་པ། རང་འགུལ་ངང་དྲ་རྒྱའི་ཁོར་ཡུག་ལ་སྲུང་སྐྱོང་བཟང་པོ་བྱ་རྒྱུའི་དམ་བཅས།

སངས་བཀྲ་ཡིས་བསྒྱུར།


ལག་བསྟར་རྩོམ་སྒྲིག་པ། སངས་བཀྲ།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།




ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章