2022ལོའི་ཟླ10པའི་ཚེས30ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཐེངས་སོ་བདུན་པའི་གྲོས་ཚོགས་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་། 2023ལོའི་ཟླ4པའི་ཚེས1ཉིན་ལག་ཏུ་བསྟར་རྒྱུ།
ལེའུ་བདུན་པ།
སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།
དོན་ཚན་བརྒྱ་དང་བཞི་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་།
རྨ་ཆུའི་འབབ་རྒྱུད་ཀྱི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་།
རྨ་ཆུའི་འབབ་རྒྱུད་དོ་དམ་སྒྲིག་གཞི་དང་དེའི་ཁོངས་གཏོགས་དོ་དམ་སྒྲིག་གཞི། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་སྒྲིག་གཞི་བཅས་ཀྱིས་འགན་འཁྲི་བགོས་ཚུལ་ལྟར་རྨ་ཆུའི་འབབ་རྒྱུད་ཀྱི་ཐོན་སྐྱེད་དང་འཚོ་བ་དང་།
གསར་སྤེལ་དང་འཛུགས་སྐྲུན་སོགས་ཀྱི་བྱེད་སྒོ་སྣ་ཚོགས་ལ་ལྟ་སྐུལ་དང་ཞིབ་བཤེར་བྱ་རྒྱུ་དང་།
ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་ཞིབ་བཤེར་ཐག་གཅོད་དང་། རྨ་ཆུ་སྲུང་སྐྱོབ་ལས་ཀའི་འབྲེལ་ཡོད་ཆ་འཕྲིན་ཡོངས་བསྒྲགས།
སྤྱི་དམངས་ཞུགས་པའི་གོ་རིམ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་སྡེ་ཚན་དང་། སྡེ་ཚན་དང་མི་སྒེར་ལ་ཁྲིམས་ལྟར་རྨ་ཆུ་སྲུང་སྐྱོང་ལས་ཀའི་འབྲེལ་ཡོད་ཆ་འཕྲིན་འཐོབ་པའི་དབང་ཆ་ཡོད་པ་དང་།
ཁྲིམས་འགལ་གྱི་བྱ་སྤྱོད་ཐེར་འདོན་དང་ཞུ་གཏུག་བྱེད་དབང་ཡོད།
དོན་ཚན་བརྒྱ་དང་ལྔ་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་།
རྨ་ཆུའི་འབབ་རྒྱུད་ཀྱི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་དང་།
རྨ་ཆུའི་འབབ་རྒྱུད་ཀྱི་དོ་དམ་སྒྲིག་གཞི་དང་དེའི་ཁོངས་སུ་གཏོགས་པའི་དོ་དམ་སྒྲིག་གཞི།
རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་སྐུལ་དོ་དམ་སྒྲིག་གཞི་བཅས་ཀྱིས་རྨ་ཆུ་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་བྱེད་ནུས་ཆེ་རུ་གཏོང་བ་དང་།
ཚན་རྩལ་ཅན་དང་ཆ་འཕྲིན་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ། ཁྲིམས་བསྟར་མཐུན་སྦྱོར་ནང་རྐྱེན་འཛུགས་པ་བཅས་བྱས་ནས་སྲིད་འཛིན་ས་ཁོངས་ལས་བརྒལ་བ་དང་སྐྱེ་ཁམས་ལ་ཚོར་བ་རྣོན་པའི་ས་ཁོངས་དང་དེ་བཞིན་ཁྲིམས་འགལ་གྱོད་གཞི་ཚབས་ཆེན་བཅས་ལ་ཁྲིམས་ལྟར་མཉམ་འབྲེལ་གྱིས་ཁྲིམས་འཛིན་བྱ་དགོས།རྒྱལ་ཁབ་ཀྱིས་རྨ་ཆུའི་འབབ་རྒྱུད་ཀྱི་ཁྲིམས་འཛིན་འགན་སྲུང་འཛུགས་སྐྲུན་ལ་ཤུགས་སྣོན་དང་།
རྨ་ཆུའི་འབབ་རྒྱུད་ཀྱི་ཁྲིམས་འཛིན་རོགས་ལས་སྒྲིག་འཛུགས་བྱས་ནས་སྤེལ་བ། སྲིད་འཛིན་ཁྲིམས་བསྟར་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་མཐུན་སྦྱོར་གཞོགས་འདེགས་བྱེད་པར་སྐུལ་འདེད།
འབྲེལ་ཡོད་སྡེ་ཚན་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པར་བཅའ་ཁྲིམས་ཀྱི་ཞབས་ཞུ་འདོན་སྤྲོད་བྱེད་པར་བསྔགས་སྐུལ་བཅས་བྱ་རྒྱུ།དོན་ཚན་བརྒྱ་དང་དྲུག་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་དང་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་རྨ་ཆུ་སྲུང་སྐྱོང་བྱེད་ཤུགས་ཆུང་བ་དང་།
གནད་དོན་མངོན་གསལ་དོད་པ། མང་ཚོགས་བསམ་འཆར་ཆེ་བ་བཅས་ཀྱི་ས་ཁུལ་ལ་ས་ཁུལ་དེ་གའི་རྫོང་རིམ་པ་ཡན་ལ་གྱི་ས་གནས་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་པ་གཙོ་བོར་སྐོང་འདྲི་བྱས་ནས་དེར་བྱེད་ཐབས་སྤྱད་དེ་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་བྱ་དགོས་པའི་བླང་བྱ་བཏོན་ཆོག
ཁ་ཆད་གྲོས་མོལ་དང་དག་ཐེར་ཡོ་བསྲང་བྱས་ཚུལ་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱ་དགོས།དོན་ཚན་བརྒྱ་དང་བདུན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དུས་བཀག་ལྟར་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་དུ་སྤེལ་བའི་ལས་ཀའི་གནས་ཚུལ་སྙན་སེང་ཞུ་དགོས།
རྨ་ཆུའི་འབབ་རྒྱུད་ཀྱི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་ གཞུང་གིས་དུས་བཀག་ལྟར་རིམ་པ་དེ་གའི་མི་དམངས་འཐུས་མིའི་ཚོགས་ཆེན་ནམ་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་པོའི་སྒོ་ནས་གོང་དུ་སྤེལ་ཚུལ་སྙན་སེང་ཞུ་དགོས།
ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།
ལྟ་སྐུལ་བ། སྐལ་བཟང་རྒྱལ།
སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།
མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།
ཁ་པར། 0971-6312635
སྦྲག་སྲིད། 810008
ཡིག་ཟམ། qhfzb@aliyun.com
地址:青海省西宁市西关大街79号
电话:0971-6312635
邮编:810008
E_mail:qhfzb@aliyun.com