ཤོག་སྦག་ཉོ་འཚོང་གི་གྱོད་གཞི་གཉིས་རྩད་ཆོད།

文摘   2025-01-09 22:15   青海  




མིན་ཡོན་རྫོང་སྤྱི་བདེ་ཡིས་ཉེན་ཡོད་དངོས་རྫས་བཙོངས་མཁན3བཟུང་།


ཉེ་ཆར། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མིན་ཡོན་སྤྱི་བདེ་ཅུའུ་ཧའོ་མོན་མངགས་གཏོང་ཁང་གིས་ཁྲིམས་འགལ་ངང་ཤོག་སྦག་ཉོ་འཚོང་བྱེད་པའི་གྱོད་དོན2བསྟུད་མར་རྩད་ཆོད་དེ་ཤོག་སྦག་བཙོངས་མཁན3འཛིན་བཟུང་བྱས།

2025ལོའི་ཟླ1པོའི་ཚེས2ཉིན། མི་དམངས་ཉེན་རྟོག་པས་བྱ་བའི་ཁྲོད། མི་ཞིག་གིས་རླངས་འཁོར་བསྐོར་ནས་མངའ་ཁུལ་དུ་ཁྲིམས་འགལ་ངང་ཤོག་སྦག་བཙོངས་པ་ཤེས་རྟོག་བྱུང་རྗེས། འཕྲལ་དུ་ཡུལ་དངོས་སུ་རྒྱུ་སྤུས་ཞན་པའི་ཤོག་སྦག་སྒམ12གཞུང་བཞེས་བྱས་ཏེ། ཁྲིམས་འགལ་ངང་ཉེན་ཡོད་དངོས་པོ་ཉོ་འཚོང་བྱེད་མཁན་པའེ་ཆེ་གེ་མོ(ཕོ། ལོ41། མཚོ་སྔོན་མིན་ཡོན་གྱི་མི)འཛིན་བཟུང་བྱས།

2025ལོའི་ཟླ1པོའི་ཚེས2ཉིན་གྱི་ཕྱི་དྲོར། མི་དམངས་ཉེན་རྟོག་པས་བྱ་བའི་ཁྲོད་མིན་ཡོན་རྫོང་པེ་ཧྲན་ཤང་གི་གྲོང་མི་ཝང་ཆེ་གེ་མོ(ཕོ། ལོ25། མཚོ་སྔོན་མིན་ཡོན་གྱི་མི)དང་ཀུའོ་ཆེ་གེ་མོ(ཕོ། ལོ25། མཚོ་སྔོན་མིན་ཡོན་གྱི་མི)གཉིས་ཀྱིས་ཧའོ་མོན་གྲོང་རྡལ་མངའ་ཁུལ་དུ་ཁྲིམས་འགལ་ངང་ཤོག་སྦག་བཙོངས་པ་ཤེས་རྟོགས་བྱུང་རྗེས། འཕྲལ་དུ་ཤོག་སྦག་སྒམ35གཞུང་བཞེས་བྱས།

ཞིབ་བཤེར་བྱས་པ་བརྒྱུད། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་པའེ་ཆེ་གེ་མོ་དང་ཝང་ཆེ་གེ་མོ། ཀུའོ་ཆེ་གེ་མོ་བཅས་ཀྱིས་ཁྲིམས་འགལ་ངང་ཉེན་ཡོད་དངོས་པོ་ཉོ་འཚོང་བྱས་པའི་ཉེས་གསོག་དོན་དངོས་སྦ་གསང་མེད་པར་ཁས་ལེན་བྱས།

མིག་སྔར། གྱོད་དོན་དེར་མུ་མཐུད་དུ་རྩད་ཞིབ་བྱེད་བཞིན་པའི་སྒང་རེད།

མཁའ་འབུམ་རྒྱལ་གྱིས་བསྒྱུར།



ལག་བསྟར་རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།




ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章