ཞིབ་དཔྱོད་ཁང་གི་སྙན་ཞུ་ཉིང་བཏུས།

文摘   2025-01-24 17:51   青海  



མཚོ་སྔོན་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུ་ཉིང་བཏུས།
 1. དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འགན་སྲུང་བྱས་ནས་སྤྱི་ཡོངས་ལ་ཞབས་ཕྱི་བསྒྲུབས།
རང་འགུལ་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཞབས་ཕྱི་བསྒྲུབས། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་ཞིབ་ཞིབ་དཔྱོད་གཏིང་ཟབ་ཏུ་སྤེལ་ནས། ལོ་ཧྲིལ་པོར་སྐོར་ཞིབ་ཞིབ་དཔྱོད་ཐེངས64སྤེལ། གྱོད་གཞི་ཁུངས་སྣེ130རྙེད། གྱོད་གཞི100ཐོ་འགོད་བྱས་པ་དང་། ཁོར་ཡུག་འབག་བཙོག་དང་ཁྲིམས་འགལ་འཛིན་རྙབ་སོགས་ཁོར་ཡུག་ཐོན་ཁུངས་ལ་གཏོར་བརླག་བཟོ་བའི་ཉེས་གསོག་སྐོར་གྱི་མི162ཞུ་གཏུག་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྤྱི་ཕན་གཏུག་བཤེར1179ལས་སྒྲུབ་བྱས། “རྨ་ཆུ་སྲུང་སྐྱོང(མཚོ་སྔོན་དུམ་མཚམས)སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་གཞི་རིམ་དུ་བསྐྱོད་པའི”ཆེད་དོན་འགུལ་སྐྱོད་སྤེལ་ནས་ཞིབ་དཔྱོད་གྲོས་མགོ77བཏོན།
ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བསྐྲུན། ཁྲོམ་རའི་དཔལ་འབྱོར་གྱི་སྒྲིག་ལམ་ལ་གཏོར་བརླག་གཏོང་བའི་ཉེས་ཅན266དང་དངུལ་རྩའི་དོ་དམ་སྒྲིག་ལམ་ལ་གཏོར་བརླག་གཏོང་བའི་ཉེས་ཅན34། རིག་གནས་བདག་དབང་ལ་གནོད་འཚེ་གཏོང་བའི་ཉེས་ཅན10ཞུ་གཏུག་བྱས། བྱང་གཅོད་འགུལ་སྐྱོད་དང་རྒྱུན་གཅོད་འགུལ་སྐྱོད། འཛེར་འདོན་འགུལ་སྐྱོད་བཅས་བསྟུད་མར་སྤེལ་ནས། མི666ཞུ་གཏུག་བྱས། ཁྲིམས་མིན་གྱིས་མ་དངུལ་བསྡུ་རུབ་ལ་རྡུང་རྡེག་གཏོང་བའི་ཆེད་དོན་འགུལ་སྐྱོད་སྤེལ་ནས་མི19ཞུ་གཏུག་བྱས།
དོན་དངོས་ཐོག་ཁྲོམ་རའི་བྱེད་པོའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས། སྤྱི་བདེ་ལས་ཁུངས་ལ་མཉམ་འབྲེལ་བྱས་ནས་དམངས་གཉེར་ཁེ་ལས་ལ་འབྲེལ་བའི་ཉེས་དོན་གྱོད་རྙིང20གཙང་སེལ་བྱས་ལ། ཁེ་ལས་ལ་འབྲེལ་བའི་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི12དང་ཞུ་གཏུག་ཞུ་འབུལ་གྱོད་དོན18ལས་སྒྲུབ་བྱས། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་ཉེས་གསོག་གི་ཉེས་དོན་ཁྲིམས་གཅོད་ཁྲོད་ཀྱི་རྒྱུ་ནོར་དང་འབྲེལ་བའི་ཁག་ལ་བསལ་བཤེར་བྱས་ནས་གྱོད་དོན321ལག་བསྟར་བྱས་ལ། ཁེ་ལས་ཀྱི་གྱོང་གུན་སྒོར་ཁྲི1554འདེད་ལེན་བྱས།
ཁྲིམས་ལྟར་རུལ་སུངས་ངོ་རྒོལ་གྱི་ཞིབ་དཔྱོད་འགན་འཁྲི་ལག་བསྟར་བྱས། གོ་གནས་ཉེས་གསོག་སྐོར་གྱི་མི223གཏུག་བཤེར་བྱས། དེའི་ནང་ཐིང་ཅུའུ་རིམ་པའི་མི13དང་རྫོང་ཁྲུའུ་རིམ་པའི་མི19ཡོད།
2. ཆུ་ཚད་སྔར་ལས་མཐོ་བའི་དུས་བདེའི་མཚོ་སྔོན་གྱི་འཛུགས་སྐྲུན་ལ་རོགས་འདེགས་བྱས་ནས་བདེ་འཇགས་ལ་འདེགས་སྐྱོར་བྱས།
མཐའ་གཅིག་ཏུ་རྒྱལ་ཁབ་བདེ་འཇགས་ལ་སྲུང་སྐྱོང་བྱས། སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་དོན་འཁྱོལ་ནན་ཏན་བྱས་ཏེ། ཞིང་ཆེན་གྱི་རྒྱལ་ཁབ་བདེ་འཇགས་ཐིང་དུ་སྒོ་བྱང་བཀལ་ཏེ་མྱུལ་ཞིབ་ལྟ་སྐུལ་མཉམ་སྒྲུབ་གཞུང་ལས་ཁང་བཙུགས་ནས་རྒྱལ་ཁབ་བདེ་འཇགས་རིགས་ཀྱི་གྱོད་གཞི་ལས་སྒྲུབ་སྤུས་ཚད་མཐོ་རུ་བཏང་།
ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས། ཉེས་དོན་ཉེས་གསོག་རིགས་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་བཏང་ནས་མི2369ལ་འཛིན་བཟུང་ཆོག་མཆན་བཀོད་པ་དང་མི6978གཏུག་བཤེར་བྱས། མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ལ་གནོད་འཚེ་ཚབས་ཆེན་བཏང་བའི་ཉེས་དོན་ཉེས་གསོག་ལ་ཁྲིམས་ལྟར་གཟབ་ནན་དང་ཉེས་ཆད་ལྕི་མོ་གཅོད་པ་རྒྱུན་འཁྱོངས་བྱས་ནས། བསམ་བཞིན་མི་བསད་པ་དང་འཕྲོག་བཅོམ། བཙན་གཡེམ་སོགས་དྲག་ཤུགས་ཉེས་གསོག་ཚབས་ཆེན་རིགས་བརྒྱད་ལ་གཏོགས་པའི་མི317གཏུག་བཤེར་བྱས་པ་དང་། ནག་འཇོམས་ངན་སེལ་འཐབ་རྩོད་ལ་རྒྱུན་རྣམ་ཅན་དུ་སྐུལ་འདེད་བཏང་སྟེ། ནག་ཚོགས་དང་འབྲེལ་བའི་གྱོད་གཞི་ལས་སྒྲུབ་ཀྱི་བྱ་བའི་སྒྲིག་སྲོལ་གཏན་འབེབས་བྱས་ནས། ནག་ཚོགས་དང་འབྲེལ་བའི་ཉེས་ཅན་མི33གཏུག་བཤེར་བྱས།
ཧུར་ཐག་གིས་སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་བཏང་། རྩ་ལག་མཉམ་བཅོས་རྒྱུན་འཁྱོངས་བྱས་ནས་སྤྱི་ཚོགས་བཅོས་སྐྱོང་ཞིབ་དཔྱོད་གྲོས་མགོ497གཏན་འཁེལ་ཁྱབ་བསྒྲགས་བྱས་པ་དང་། གྲོང་ཁྱེར་དང་ཁུལ5། རྫོང་ས་ཁུལ15ཡི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞིབ་དཔྱོད་གྲོས་མགོ་བྱ་བར་རྒྱབ་སྐྱོར་བྱེད་པའི་གྲོས་ཆོད་བཏོན། མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག“གྱོད་དོན་རེ་རེར་ལན་ཡོད་པ”དོན་འཁྱོལ་བྱས། རིམ་གསུམ་ཞིབ་དཔྱོད་ཀྲང་གིས་ཡིག་སྐུར་ངོ་གཏུག་ལ་ཡོང་བའི་མང་ཚོགས་མི་ཐེངས888སྣེ་ལེན་དང་། ཡོངས་བསྒྲགས་དཔང་ཉན་གྱོད་གཞི618ལ་མདོ་འཛིན་བྱས། ཡིག་སྐུར་ངོ་གཏུག་གི་གྱོད་གཞི642ལ་འགན་གཙང་ལེན་བྱས་ནས་ལས་སྒྲུབ་བྱས། མང་ཚོགས་ཀྱི་ཡིག་སྐུར་ངོ་གཏུག་ལ་ཉིན7ནང་ལན་བསློགས་ཕྱོད་དང་ཟླ3ནང་ལན་བཏབ་ཕྱོད་གཉིས་བསྟུད་མར་ལོ3རིང100%ལ་སླེབས་པ་སྲུང་འཛིན་བྱས།
3. དོན་དངོས་སྟེང་དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་ནས་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་བྱས།
ཤུགས་ཆེན་པོས་དམིགས་བསལ་ཚོགས་སྤྱི་ཡི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས། བུད་མེད་དང་རྒན་པ། དབང་བོ་སྐྱོན་ཅན་སོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བའི་ཉེས་གསོག་སྐོར་གྱི་མི103འཛིན་བཟུང་བྱེད་པར་ཆོག་མཆན་བཀོད་པ་དང་། ཟས་རིགས་སྨན་རྫས་ཁྱབ་ཁོངས་ཀྱི་གྱོད་གཞི420ལས་སྒྲུབ་བྱས། གཏུག་བཤེར་ནུས་པ་མེད་པའི་དམིགས་བསལ་ཚོགས་སྤྱིར་རྒྱབ་སྐྱོར་བྱས་ནས་དམངས་དོན་གཏུག་བཤེར518བྱས། དམག་འབྲེལ་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། དམག་མིའི་ཁེ་དབང་སྲུང་སྐྱོང་ཁྱབ་ཁོངས་ཀྱི་སྤྱི་ཕན་གཏུག་བཤེར་གྱོད་གཞི37ལས་སྒྲུབ་བྱས།
ཁྲིམས་ལྟར་དམངས་ཚིས་དང་འབྲེལ་བའི་གྱོད་དོན་བསྒྲུབས། ནུས་ཤུགས་ཡོད་རྒུས་དམངས་ཀྱི“དངུལ་ཁུག”སྲུང་སྐྱོང་བྱས་ནས། གློག་འཕྲིན་མགོ་སྐོར་བཏང་བ་དང་ཁྲིམས་མིན་གྱིས་མང་ཚོགས་ཀྱི་བཅོལ་དངུལ་བསྡུ་ལེན་བྱེད་པ་སོགས་ཀྱི་ཉེས་གསོག་སྐོར་གྱི་མི198གཏུག་བཤེར་བྱས།
ལོ་ན་མ་སོན་པའི་སྐྱེ་བོའི་བདེ་ཐང་འཚར་ལོངས་ལ་སྲུང་སྐྱོང་བྱས། ཞིང་ཆེན་ཏང་ཨུས་ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་དང་ཉེས་གསོག་སྔོན་འགོག་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས། ལོ་ན་མ་སོན་པའི་སྐྱེ་བོའི་ཞིབ་དཔྱོད་བྱ་བར་ཤུགས་སྣོན་པའི“བསམ་འཆར24”གཏན་འཁེལ་བྱས། ལོ་ན་མ་སོན་པའི་སྐྱེ་བོ་ལ་གནོད་འཚེ་གཏོང་བའི་ཉེས་གསོག་ལ“བཟོད་སྒོམ་མེད་པ”རྒྱུན་འཁྱོངས་བྱས་ནས། མི355འཛིན་བཟུང་ལ་ཆོག་མཆན་བཀོད་པ་དང་མི432གཏུག་བཤེར་བྱས། ལོ་ན་མ་སོན་པའི་སྐྱེ་བོའི་ཞིབ་དཔྱོད་བྱ་བའི“ཆུང་གཅེས། སེམས་སྲུང”གི་སྤུས་རྟགས་གསར་འཛུགས་གཏིང་ཟབ་ཏུ་བཏང། འབྲེལ་ཡོད་ལས་ཁུངས་དང་མཉམ་དུ་ཞིང་ཆེན་རིམ་པའི་ལོ་ན་མ་སོན་པའི་སྐྱེ་བོའི་ལྟ་སྐྱོང་རྟེན་གཞི15བཙུགས་པ་དང་། ཁྲིམས་སྐྱོང་སློབ་རར་བསྐྱོད་པའི་བྱ་འགུལ་ཐེངས1413སྤེལ།
4. ནུས་ཤུགས་ཡོད་རྒུས་དྲང་བདེན་དྲང་གཞག་སྲུང་སྐྱོང་བྱས་ནས་ཁྲིམས་སྐྱོང་འགན་འཁྲི་དང་དུ་བླངས།
གྱོད་གཞི་རེ་རེ་སྤུས་ཕྱོད་མཐོ་བའི་སྒོ་ནས་དངོས་སྒྲུབ་བྱས། ལོ་ཧྲིལ་པོར་རིགས་སོ་སོའི་གྱོད་གཞི་བསྡོམས་པས35349ལས་སྒྲུབ་བྱས། ཉེས་དོན་ཞིབ་དཔྱོད་གཏིང་ཟབ་ཏུ་སྤེལ། མྱུལ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི111ཐོ་འགོད་དང་གྱོད་གཞི259ཕྱིར་འཐེན་བྱས་པར་ཁྲིམས་ལྟར་ལྟ་སྐུལ་བྱས་ལ། དུས་མཉམ་དང་བསྡུར་ན་སོ་སོ34.3%མར་ཆག་པ་དང28.2%ཡར་འཕར་ཡོད། མི55རྗེས་སྣོན་འཛིན་བཟུང་དང་མི94རྗེས་སྣོན་ཞུ་གཏུག་བྱས་པ་དེ་དུས་མཉམ་དང་བསྡུར་ན་སོ་སོ1.8%མར་ཆགས་པ་དང32.4%འཕར་ཡོད། ཉེས་དོན་བསྐྱར་གཅོད་གྱོད་གཞི39བཏོན་ནས། ཉེས་ཡོད་ལ་ཆད་པ་དང་ཉེས་མེད་ལ་དག་འབུད་བྱས། 
དམངས་དོན་དང་སྲིད་འཛིན་ཞིབ་དཔྱོད་ལ་ཤུགས་སྣོན་བྱས། རིགས་སོ་སོའི་དམངས་དོན་ཞིབ་དཔྱོད་ལྟ་སྐུལ་གྱོད་གཞི4344བདག་སྤྲོད་བྱས་པ་དེ་དུས་མཉམ་དང་བསྡུར་ན10.5%ཡར་འཕར་ཡོད། བསྐྱར་གཅོད་དང་བསྐྱར་ཞུའི་ཞིབ་དཔྱོད་གྲོས་མགོ21བཏོན། རིགས་སོ་སོའི་སྲིད་འཛིན་ཞིབ་དཔྱོད་ལྟ་སྐུལ་གྱི་གྱོད་གཞི2201བདག་སྤྲོད་བྱས་ཤིང་དུས་མཉམ་དང་བསྡུར་ན240%ཡར་འཕར། ཞིབ་དཔྱོད་གྲོས་མགོ138བཏོན་ནས། སྲིད་འཛིན་རྩོད་གཞི3ངོ་བོའི་སྟེང་ནས་ཞི་འཇགས་སུ་བཏང། ཁྲིམས་གཅོད་ལྡོག་ཕྱོགས་ནས་སྦྲེལ་མཐུད་བྱེད་པར་འཚོལ་ཞིབ་དང་སྐུལ་འདེད་བཏང་ནས། གྱོད་གཞི1132ཐག་གཅོད་བྱས་ཤིང་། སྲིད་འཛིན་ལས་ཁུངས་ཀྱིས་ཞུ་གཏུག་མི་བྱེད་པའི་མི683ལ་ཁྲིམས་ལྟར་སྲིད་འཛིན་ཆད་པ་གཅོད་པར་སྐུལ་འདེད་བཏང་། 
སྤྱི་ཕན་གཏུག་བཤེར་ཞིབ་དཔྱོད་ཚད་ལྡན་དུ་བཏང་། སྤྱི་ཕན་གཏུག་བཤེར་གྱོད་གཞི3005ཐག་གཅོད་བྱས་ལ་ཞིབ་དཔྱོད་གྲོས་མགོ1870བཏོན། ཁྲིམས་ལྟར་གྱོད་དོན49གཏུག་བཤེར་བྱས་ནས། མགོ་ལོག་ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་བསྒྲུབས་པའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁུལ་གྱི་སྐྱེ་དངོས་སྐྱེ་ཁམས་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བའི་སྲིད་འཛིན་སྤྱི་ཕན་གཏུག་བཤེར་གྱོད་གཞི་སོགས་གྱོད་གཞི6ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་དཔེ་མཚོན་གྱོད་གཞིར་བདམས།
5. ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྱོང་བྱས་ནས་འགན་སྒྲུབ་རྨང་གཞི་ཇེ་བརྟན་དུ་བཏང་།
ལས་སྒོའི་བྱང་ཚད་དང་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་བྱས། སྡེ་ཁག་ཡོངས་སུ“ཧལ་ཧོལ་དང་ནར་འགྱངས”ཀྱི་སྤྱོད་པའི་ཆེད་དོན་བཅོས་སྐྱོང་བཀོད་སྒྲིག་བྱས་ཤིང། གྱོད་སྒྲུབ་ལས་སྒྲུབ་ནན་ཏན་དང་ཕན་མཐོ་ཡོང་བའི་གོམས་གཤིས་བཟང་པོ་ཆགས་པར་སྐུལ་འདེད་བཏང་སྟེ། ལོ་ཧྲིལ་པོར་འདྲི་གཅོད་དང་པོའི་གཞུང་གཏུག་གྱོད་སྒྲུབ་དུས་ཡུན་དེ་དུས་མཉམ་དང་བསྡུར་ན་ཉིན23.1གིས་ཇེ་ཐུང་དུ་བཏང་།“ཞིབ་དཔྱོད་ཁང་གཅིག་ལ་སྤུས་རྟགས་གཅིག”གསར་སྐྲུན་གཏིང་ཟབ་བྱས་ཏེ། མགོ་ལོག་ཁུལ་དར་ལག་རྫོང་ཞིབ་དཔྱོད་ཁང་གི“རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྔོན་མདོག་ཞིབ་དཔྱོད”ཅེས་པའི་མཉམ་འགུལ་རྩོད་སེལ་གྱི་བྱ་བའི་བྱེད་ཐབས་དེ2024ལོའི་རྒྱལ་ཡོངས་ཞིབ་དཔྱོད་ལས་ཁུངས་ཀྱི་གཞི་རིམ་ཞིབ་དཔྱོད་ཁང་འཛུགས་སྐྱོང་བྱེད་པའི་ཁྱད་ལྡན་སྤུས་རྟགས་སུ་བདམས།
6. མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱས་ནས་ཉི་འོད་ཁྲིམས་འཛིན་ལ་སྐུལ་འདེད་གཏང་དགོས།
སྤྱི་ཚོགས་ཀྱི་ལྟ་སྐུལ་དང་ལེན་ལ་སྔར་ལས་རང་རྟོགས་ཡོད་པ་དང་། ཞིབ་དཔྱོད་སྒོ་འབྱེད་ཉིན་མོའི་བྱེད་སྒོ་རྒྱུན་རྣམ་ཅན་དུ་སྤེལ་བ་དང་།གྱོད་གཞིའི་གོ་རིམ་རང་བཞིན་གྱི་ཆ་འཕྲིན་སོགས9224ཡོངས་བསྒྲགས་བྱས་པ་དང་།མི་དམངས་ཀྱི་ལྟ་སྐུལ་པ་གདན་འདྲེན་ཞུས་ནས་གྱོད་དོན6541སྒྲུབ་པའི་ཁྲོད་ཞུགས། ཞིབ་བཤེར་ཁྲིམས་སྦྱོར་དུས་རིམ་གྱི་ཁྲིམས་རྩོད་པའི་དག་འབུད་ཡོངས་སུ་ཁྱབ་པའི་ཚོད་ལྟ་བྱ་རྒྱུར་སྐུལ་འདེད་གཏང་དགོས།
2025ལོའི་བྱ་བའི་བཀོད་སྒྲིག


སྔར་ལས་མཐོ་བའི་འགྲེང་གནས་ཀྱིས་ཆབ་སྲིད་ལྷག་བསམ་བརྟན་འཛུགས་བྱ་དགོས།

སྔར་ལས་ལེགས་པའི་འགན་སྒྲུབ་ཀྱིས་དཀྱིལ་སྙིང་སྤྱི་ཡོངས་ལ་ཞབས་ཕྱི་བསྒྲུབ་དགོས།

སྔར་ལས་བརྟན་པའི་བྱེད་ཐབས་ཀྱིས་ཁྲིམས་འཛིན་དམངས་ཕན་ལག་བསྟར་བྱ་དགོས།

སྔར་ལས་ཆེ་བའི་ནུས་ཤུགས་ཀྱིས་བཅའ་ཁྲིམས་ལྟ་སྐུལ་ཟབ་སྤེལ་བྱ་དགོས།

སྔར་ལས་ནན་པའི་རེ་བ་ཡིས་མཐུན་སྒྲིལ་དཔུང་སྡེ་འཛུགས་སྐྲུན་བྱ་དགོས།


ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།




ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章