༼ལུང་བསྟན་བབས་པའི་བསུ་བ་དབྱངས་སྙན་དྲི་ཟའི་གླིང་བུ།༽
སྐད་འཐེན་མི། ཨ་ནེ་རྡོ་རྗེ་ཆོས་སྒྲོན།
སྙན་ཆ། བུམ་ཐངཔ་ཀརྨ།
༼ལུང་བསྟན་བབས་པའི་བསུ་བ་དབྱངས་སྙན་དྲི་ཟའི་གླིང་བུ།༽
Joyous Arrival of the Great Teacher.
རི་བོ་གྲུ་འཛིན་གཉིས་པའི་ཞིང་ཁམས་ལས།།
From the realm of the second Potala,
བསམ་བཞིན་ང་བཅས་བཙུན་མ་ཚུ་ལུ་དགོངས་།།
Mindfully considering us, the nuns,
བརྩེ་བའི་སྙིང་རྗེས་རྒྱབ་ལུ་མ་བཞག་པར།།
With loving compassion, not left behind,
མཁན་ཆེན་བསོད་ནམས་བྱོན་པ་དགའ་ཚོར་ཞུ།།
We rejoice in the arrival of the great teacher Sonam.
མཁས་པའི་སྙན་གྲགས་ནམ་མཁའི་དབུས་ལུ་ཁྱབ།།
Your scholarly fame spreads throughout the sky,
འགྲོ་དོན་མཛད་པ་རྒྱ་འབྲུག་གཉིས་ལུ་གང་།།
Your beneficial deeds fill both India and Bhutan,
བསོད་ནམས་འབུམ་ལས་ལྷག་པའི་མཁན་ཆེན་ཁྱེད།།
Great teacher, whose merit exceeds a hundred thousand,
བསོད་ནམས་སྤྱིར་ལས་གནས་འདིར་བྱོན་པ་དགའ།།
We rejoice that you've come to this place of general merit.
སྐོམ་འཐུང་འདོད་པའི་ང་བཅས་སློབ་མ་ཡང་།།
We, your students, thirsty for knowledge,
མ་དྲོས་མཚོ་ལས་འདོད་པའི་རེ་བ་མེད།།
Have no desire beyond this lake of nectar.
ཡབ་ཡུམ་རྣམས་ཀྱི་སྐུ་བསོད་དབང་ཐང་ལས།།
From all the blessings and life force of the Royals, Yab and Yum,
བསམ་བཞིན་བྱོན་པ་དགའ་ཚོར་ཧིང་ལས་ཞུ།།
We sincerely rejoice in your intentional arrival.
འཆད་རྩོད་རྩོམ་གསུམ་གང་བའི་བུམ་པ་ལས།།
From the vase filled with the three: exposition, debate, and composition,
དམ་པའི་བདུད་རྩི་རྒྱུན་དུ་མ་ཆད་པར།།
May the nectar of the holy ones flow continuously,
སྐལ་ལྡན་སློབ་མའི་དོན་ལུ་བབས་ཏེ་གིས།།
Descending for the sake of fortunate students,
བསྐལ་བརྒྱར་བར་ཆད་མེད་པར་བཞུགས་གྱུར་ཅིག།
May you remain without obstacles for a hundred eons.
བླ་མ་ཁྱེད་ཀྱི་སྙིང་རྗེའི་གཤོག་པའི་འོག།
Under the wings of your compassion, teacher,
དམ་པའི་ཆོས་ཀྱི་བདུད་རྩིའི་བདེ་བ་མྱོང་།།
We experience the bliss of the nectar of the holy Dharma.
འབྲལ་བ་མེད་པ་སྐྱབས་པའི་མགོན་དུ་བཞུགས།།
Remain as our inseparable refuge and protector,
སངས་རྒྱས་བསྟན་པ་ཡུན་དུ་གནས་པར་ཤོག།
We pray that the Buddha's teachings may long endure.