དབུ་མའི་སྐོར་གྱི་དེབ་གསར་འགྲེམ་བརྡ།

文化   2024-10-02 09:35   四川  

དཔེ་ཆ་འགྲེམ་བརྡ།


ལུང་མཛོད་འདི་ཆེད་དུ་མདོ་དང་རྒྱ་གཞུང་དག་ལས་བཏུས་པ་ཞིག་ཡིན་ལ། བརྗོད་བྱ་གཙོ་བོ། ཉན་རང་གིས་ཆོས་ཀྱི་བདག་མེད་རྟོགས་པ་དང་མ་རྟོགས་པར་འདོད་པའི་སྒྲུབ་བྱེད་དང་། དབུ་མ་སྔ་ཕྱི་རབས་ཀྱི་དགག་བྱ་འཇོག་ཚུལ་སོགས་ཀྱིས་མཚོན་པའི་དབུ་མའི་སྐོར་ལ་སྡེ་ཚན།  ༼༣༤༽  དང་གྲུབ་མཐའི་སྐོར་ལ་སྡེ་ཚན། ༼༥༽  བཅས་སྡེ་ཚན། ༼༣༩༽ ཡོད། 


མདོ་རྒྱུད་ཀྱི་བཀའ་ ༼༤༢ ༽ དང་། རྒྱ་གར་མཁས་པའི་བསྟན་བཅོས། ༼༡༠༡༽ བཅས་བསྡོམས་པའི་བཀའ་དང་བསྟན་བཅོས་མི་འདྲ་བ། ༼༡༤༣༽ ལྷག་ལས་བཏུས་པ་ཞིག་ཡིན་ལ། 

རིས་སུ་མ་ཆད་པའི་ཆོས་བརྒྱུད་སོ་སོའི་ནང་དུ་དབུ་མའི་རྒྱ་གཞུང་དག་ལས་དབུ་མ་འཇུག་པའི་རང་འགྲེལ་འདི་ཉིད་འཆད་ཉན་གྱི་དར་ཁྱབ་ཆེ་ཤོས་ལྟ་བུར་སྣང་བ་མ་ཟད།  ཆོས་བརྒྱུད་སོ་སོའི་ཆེད་དུ་སྦྱང་བྱར་གྱུར་པའི་བོད་ཀྱི་མཁས་པ་རྣམས་ཀྱིས་མཛད་པའི་དབུ་མའི་དགོངས་འགྲེལ་གྱི་གཞུང་ཆེན་མང་པོ་ཞིག་ཀྱང་། འཇུག་པ་རང་འགྲེལ་དང་སྒོ་བསྟུན་ནས་མཛད་པར་སྣང་བས།  དོན་གཉེར་ཅན་རྣམས་གཞུང་ཆེན་ཁག་ལ་འཇུག་བདེ་བ་དང་།  ལུང་བཙལ་སླ་བའི་ཆེད་དུ།  ལུང་མཛོད་འདིའི་སྡེ་ཚན་བགོ་སྟངས་དང་། གོ་རིམ་སྒྲིག་སྟངས་དག་ཀྱང་དབུ་མ་འཇུག་པའི་རང་འགྲེལ་ལྟར་དུ་བྱས་ཡོད།


གཞུང་སོ་སོའི་མཛད་པ་པོའི་མཚན་ཐོ་ཟུར་དུ་བཀོད་ཡོད་ལ། ཆོས་གྲྭའི་ནང་དུ་ལུང་འདྲེན་བདེ་བ་དང་། ཁ་པར་དང་རྩིས་འཕྲུལ་སོགས་ལས་གཞུང་བཙལ་སླ་བའི་ཆེད་དུ་གཞུང་འགའ་རེར་མཚན་རྒྱས་བསྡུས་གཉིས་རེ་བཀོད་ཡོད་པས་དེ་ལུགས་སུ་གཟིགས་པར་འཚལ་ཞེས་ཞུ་བ་ལགས་སོ། །


སྒྲིག་པ་པོས།



格言乐园
ལེགས་བཤད་དགའ་ཚལ་གླིང་གི་འཕྲིན་སྟེགས་སུ་ཕེབས།想感受大德高僧们的教言,请关注《格言乐园》公众平台🙏
 最新文章