ཨ་རིའི་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་རྒྱས་པ།

文化   2024-11-06 13:40   四川  


࿑ ལེགས་བཤད་དགའ་ཚལ་གླིང་གི་འཕྲིན་སྟེགས་ནི་བོད་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས། ཁ་འདོན་དང་དགེ་སྐུལ། འཚོ་བའི་རྒྱུན་ཤེས། གསར་འགྱུར། ཆོས་ཁྲིད་སོགས་བརྩམས་ཆོས་སྣ་མང་ཞིག་སྤེལ་བཞིན་ཡོད་པས་ཀློག་པ་པོ་ཡོངས་ཀྱིས་རྒྱབ་སྐྱོར་གྱི་ཚུལ་དུ་རང་གི་ཡིད་ལ་འཐད་པའི་བརྩམས་ཆོས་དག་གཞན་ལ་ངོ་སྤྲོད་དམ་བརྒྱུད་སྤེལ་རེ་གནང་བར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།


ཨ་རིའི་འོས་བསྡུ་དང་འབྲེལ་བའི་གནས་ཚུལ་རྒྱས་པ།

༡མང་གཙོ།    ༢ངོ་བོ།  ༣འཛམ་གླིང་འཁྲུག་ཆེན་གསུམ་པ།

ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོའི་ཉི་མ་དངོས་གཞི་དེ་བསླེབས།  ད་ལྟ་ཨ་རིའི་མངའ་སྡེ་དང་བྱེ་བྲག་ས་ཁུལ་དག་ཏུ་འོས་བླུག་བཞིན་པའི་མཚམས།  སྲིད་འཛིན་འོས་མི་གཉིས་ཀྱི་ཕྱོགས་ནས་སྲིད་དོན་ཁྱབ་སྒྲོག་ཤུགས་ཆེན་བྱས་པའི་་གྲུབ་འབྲས་སུ།  ད་ལྟ་མི་མང་པོའི་སྣང་ངོར་འོས་བསྡུ་འདི་ནི་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་མཐའ་མའི་རྒྱལ་ཕམ་རྩོད་པའི་གཡུལ་འགྱེད་ལྟ་བུ་ཞིག་ཏུ་ཆགས་ཟིན་ལ།དེའི་མཇུག་འབྲས་སུ་ད་ལྟ་ནི་ཕན་ཚུན་ལ་སྡང་སེམས་དང་།  འོས་བསྡུའི་མཇུག་འབྲས་ཐད་དངངས་འཚབ་ཀྱིས་བསྟུམ་པའི་དུས་ཡུན་ཉེན་ཁ་ཅན་ཞིག་ཏུ་གྱུར།

ཀཱ་མ་ལ་ཧ་རེ་སི།
ཀཱ་མ་ལ་ཧ་རེ་སི་ཡིས།  སྒྲོ་ནལ་ཁྲི་རམ་ཕུ་སྲིད་འཛིན་དུ་བསླེབས་ཚེ།དེ་ནི་ཤེས་བཞིན་དུ་ཨ་རིའི་མང་གཙོ་མཇུག་བསྡུས་པ་དང་།  ཨ་རི་དེ་སྒེར་གཅོད་ཀྱི་ལམ་དུ་བརྫངས་པ་ཡིན་པ་དང་།  སྒྲོ་ནལ་ཁྲི་རམ་ཕུ་ནི་ཕུ་ཀྲན་དང་ཞེ་ཅེན་ཕིན་སོགས་སྒེར་གཅོད་པ་གཞན་དག་ལ་དགའ་བོ་ཡོད།སྨོན་པ་འཆོར།  ཡིད་རང་བྱེད།  བསྔགས་པ་བརྗོད་མཁན་ཞིག་ཡིན་པས།  རང་ཉིད་ཀྱང་ཁོ་ཚོ་ལྟར་ཆགས་འདོད་མཁན་ཞིག་ཡིན་པ་སྒྲོག་བཞིན་ཡོད་ལ།དེ་དང་ལྷན་ཀཱ་མ་ལ་ཧ་རེ་སི་རང་ཉིད་ནི་ཨ་རིའི་མང་གཙོ་སྲུང་སྐྱོབ་མཁན་གྱི་རང་དབང་ལྷ་མོ་མཐའ་མ་ལྟ་བུ་ཞིག་ཡིན་པ་སྒྲོག་བཞིན་ཡོད།

ཕྱི་ལོ་ 2020 ལོའི་སྲིད་འཛིན་འོས་བསྡུའི་སྐབས།སྒྲོ་ནལ་ཁྲི་རམ་ཕུས་འོས་བསྡུའི་ཁྲོད་ཁོ་རང་ཉིད་ཕམ་ཟིན་པ་ངོས་མ་བླངས་པའི་མཇུག་འབྲས་སུ།   ལོ་དེའི་ཕྱི་ཟླ་ 1 ཚེས་ 6 ཉིན་ཁོའི་རྒྱབ་སྐྱོར་བ་ཚོས།ཨ་རིའི་རྒྱལ་སའི་གྲོས་ཚོགས་ཁང་སོགས་སུ་ངོ་རྒོལ་དང་།  དྲག་ཟིང་།གཞུང་གི་ཁང་བརྩེགས་ནང་དུ་འཛུལ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་ངན་པ་དེ་དང་།ད་ལྟ་ཀཱ་མ་ལས་ཤོད་ཀྱིན་པ་གཉིས་མི་རྣམས་ཀྱི་སེམས་སུ་མཉམ་དུ་བསྒྲེས་ནས་ཡོད་པས།སྒྲོ་ནལ་ཁྲི་རམ་ཕུ་ནི་དོན་དངོས་སུ་ཨ་རིའི་མང་གཙོའི་དགྲ་ཞིག་ཏུ་མཐོང་བཞིན་ཡོད།

དེ་དང་ལྷན།  སྒྲོ་ནལ་ཁྲི་རམ་ཕུས་གོང་གི་སྐད་ཆ་འདི་དག་གི་ལན་དུ།ཨ་རིའི་གསར་ཁང་དག་གིས་ཁོ་ལ་དྲང་པོ་མ་བྱས་པ་ཞིགཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་གཞན་སུ་ལའང་བྱུང་མེད་པ་དང་།  ཨ་རིའི་ཆབ་སྲིད་པ་ཚོས་ཁོ་ལ་སྡང་སེམས་དང་།  བསམ་ངན།སྦྱོར་ངན་བརྩམས་པའི་ཚུལ་འདི་འདྲ་ཞིག་སྔར་སུ་ལའང་མ་བྱུང་བ་ཞིག་ཡིན་པས།དེ་དག་རེ་རེ་ནི་དོན་ལ་ཁོ་ལ་མ་དགའ་བ་ཙམ་ཞིག་མ་ཡིན་པར།  ཨ་རིའི་མི་དམངས་ལ་དོན་བཟང་སྒྲུབ་མཁན་ཞིག་བྱུང་ན་དེ་ལ་མི་དགའ་བ་ཡིན་པས།རང་ཉིད་ནི་ཨ་རི་སྐྱོབ་པའི་མཐའ་མའི་རེ་བ་དེ་ཡིན་པ་དང་།  ཕྱོགས་ཕ་རོལ་བོ་ནི་དེ་ལ་བར་ཆད་བྱེད་མཁན་ལྟ་བུ་ཞིག་ཏུ་སྒྲོག་བཞིན་ཡོད།

སྒྲོ་ནལ་ཁྲི་རམ་ཕུ།
སྒྲོ་ནལ་ཁྲི་རམ་ཕུས། ཀཱ་མ་ལ་ཧ་རེ་སི་ནི་དཔལ་འབྱོར་གྱི་ཆ་ནས་དམར་ཤོག་པ་ཞིག་ཡིན་པ་དེས།  མ་རྩ་རིང་ལུགས་ལས་བྱུང་བའི་ཨ་རིའི་དཔལ་འབྱོར་དར་རྒྱས་འདིའི་སྲོག་རྩ་གཅོད་རྒྱུ་ཡིན་པ་དང་།  ལྷག་པར་བྷ་ཀྲན་གྱི་དུས་ཡུན་ཏེ།  ཀཱ་མ་ལ་སྲིད་འཛིན་གཞོན་པ་ཡིན་སྐབས།  ཨ་རིའི་ལྷོ་ཕྱོགས་རྒྱལ་མཚམས་གཙོས།མདོར་ན་ཨ་རིའི་རྒྱལ་ནང་ལ་ཡིག་ཆ་རྫུན་མ་དང་།  ཡིག་ཆ་མེད་པར་འཛུལ་བའི་ཁྲིམས་འགལ་སྐྱབས་བཅོལ་བ་ས་ཡ་ 20 བསླེབས་ཟིན་པ་དང་།  མོ་ནི་སེམས་གཏིང་ནས་ཨ་རིར་ཤ་ཞེན་མེད་མཁན་ཞིག་ཡིན་པས།  མཐའ་ན་ལྷོ་ཕྱོགས་རྒྱལ་མཚམས་ལ་ལྟ་སྐོར་ཙམ་ཡང་འགྲོ་མ་མྱོང་བ་བཤད།  གལ་སྲིད་མོ་བསྐྱར་དུ་སྲིད་སྟེགས་སུ་བསླེབས་ཚེ།མུ་མཐུད་ཁྲིམས་འགལ་སྐྱབས་བཅོལ་བ་ས་ཡ་མང་པོ་ཡོང་དུ་འཇུག་རྒྱུ་དང་།   སྔར་རྒྱལ་ནང་དུ་འཛུལ་ཟིན་པ་དག་ལ་ཁྲིམས་མཐུན་ཡིག་ཆ་སྤྲད་རྒྱུ་ཡིན་པ་སོགས་ཤོད་ཀྱིན་ཡོད།


འདི་ནི་མི་མང་པོ་ཞིག་ལ་མཚོན་ན་ཧ་ཅང་སེམས་པ་སྒུལ་ནུས་པའི་སྐད་ཆ་ཞིག་ཏུ་གྱུར་ཟིན་ཡོད་ལ།  མི་གྲངས་འཕེལ་འགྱུར་འདི་ལ་མང་པོ་ཞིག་སེམས་གཏིང་ནས་སྡང་སེམས་སྐྱེ་ཡོད་པ་མ་ཟད།  དགོས་མཁོ་བྱུང་ན་ལག་པར་གོ་ལག་འཛིན་དགོས་ཀྱང་འཛིན་རིན་ཡོད་པ་ཞིག་ཏུ་འདོད་མཁན་ཉུང་ངུ་ཞིག་མིན་པ་ཤེས་དགོས།   རྒྱལ་ཁབ་ཀྱི་སྲོལ་རྒྱུན་ངོ་བོ་སྲུང་སྐྱོབ་ཆེད།   དགོས་མཁོ་བྱུང་ན་མང་གཙོ་ཟུར་དུ་བཞག་ནས་རེ་ཞིག་སྒེར་གཅོད་པ་ཞིག་གི་འོག་ཏུ་འགྲོ་དགོས་ཀྱང་།དེ་ནི་ལུགས་དང་མཐུན་པའི་ལམ་ཀ་ཞིག་ཏུ་དྲན་མཁན་ཡོད་པ་དོན་དངོས་རེད།  ད་ལྟ་མང་གཙོ་མུན་པའི་ཁྲོད་འཆི་བཞིན་ཡོད་( ཝ་ཤིན་ཀྲོན་གསར་ཤོག་གིས་ཕྱི་ལོ་ 2017 ལོ་ནས་རང་གི་སྒྲོག་ཚིག་ཏུ་སྤྱད་ཡོད) ཅེས་ཤོད་ཀྱིན་པའི་རྩ་བ་འདིར་ཐུག

མདོར་ན།  ཁྲི་རམ་ཕུས་རང་གི་རྒྱབ་སྐྱོར་བ་ཚོའི་སྣང་ངོར།ཀཱ་མ་ལ་ནི་སྲོལ་རྒྱུན་གྱི་ཨ་རིའི་ངོ་བོ་རྩ་གཏོར་གཏོང་མཁན་ཞིག་ཡིན་པའི་སྣང་བརྙན་བསྐྲུན་ཟིན།   དེའི་སྟེང་སྒྲོ་ནལ་ཁྲི་རམ་ཕུས།ཀཱ་མ་ལ་ལ་རཱ་ཡུའི་དམག་འཁྲུག་མཚམས་འཇོག་ཏུ་འཇུག་ཐུབ་པའི་ནུས་པ་དང་།  དཀྱིལ་ཤར་གྱི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་གང་ཡང་མེད་ཅིང་།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགོ་འཁྲིད་པའི་ནུས་པ་མེད་པས།གལ་སྲིད་མོ་སྲིད་འཛིན་དུ་བདམས་ཚེ་དེ་ནི་འཛམ་གླིང་འཁྲུག་ཆེན་གསུམ་པ་ཤེས་བཞིན་དུ་མདུན་ལ་བསུས་པ་དང་ཁྱད་མེད་དུ་སྒྲོག་བཞིན་ཡོད་ལ།  ཕྱི་སྲིད་ཀྱི་ཐད་ལ་བསླེབས་དུས།ཀཱ་མ་ལ་ལས་སྒྲོ་ནལ་ཁྲི་རམ་ཕུ་ལ་ནུས་པ་ཆེ་བ་འདོད་མཁན་མང་པོ་ཡོད་པས།སྒྲོ་ནལ་ཁྲི་རམ་ཕུས་བཤད་པའི་འཛམ་གླིང་འཁྲུག་ཆེན་གསུམ་པའང་།  འོས་བླུག་མཁན་མང་པོས་སྣང་མེད་དང་།  ལས་སླ་བོར་ཟུར་དུ་འཇོག་ཐུབ་པ་ཞིག་ཡིན་མི་སྲིད།

༡མང་གཙོ།    ༢ངོ་བོ།  ༣འཛམ་གླིང་འཁྲུག་ཆེན་གསུམ་པ།
ཨ་རིའི་སྲིད་འཛིན་འོས་བསྡུ་ཆེན་མོའི་ཉི་མ་དངོས་གཞི་དེ་བསླེབས།  ད་ལྟ་ཨ་རིའི་མངའ་སྡེ་དང་བྱེ་བྲག་ས་ཁུལ་དག་ཏུ་འོས་བླུག་བཞིན་པའི་མཚམས།  སྲིད་འཛིན་འོས་མི་གཉིས་ཀྱི་ཕྱོགས་ནས་སྲིད་དོན་ཁྱབ་སྒྲོག་ཤུགས་ཆེན་བྱས་པའི་་གྲུབ་འབྲས་སུ།  ད་ལྟ་མི་མང་པོའི་སྣང་ངོར་འོས་བསྡུ་འདི་ནི་དཀར་ཕྱོགས་དང་ནག་ཕྱོགས་ཀྱི་མཐའ་མའི་རྒྱལ་ཕམ་རྩོད་པའི་གཡུལ་འགྱེད་ལྟ་བུ་ཞིག་ཏུ་ཆགས་ཟིན་ལ།   དེའི་མཇུག་འབྲས་སུ་ད་ལྟ་ནི་ཕན་ཚུན་ལ་སྡང་སེམས་དང་།   འོས་བསྡུའི་མཇུག་འབྲས་ཐད་དངངས་འཚབ་ཀྱིས་བསྟུམ་པའི་དུས་ཡུན་ཉེན་ཁ་ཅན་ཞིག་ཏུ་གྱུར།

ཀཱ་མ་ལ་ཧ་རེ་སི།
ཀཱ་མ་ལ་ཧ་རེ་སི་ཡིས།སྒྲོ་ནལ་ཁྲི་རམ་ཕུ་སྲིད་འཛིན་དུ་བསླེབས་ཚེ།  དེ་ནི་ཤེས་བཞིན་དུ་ཨ་རིའི་མང་གཙོ་མཇུག་བསྡུས་པ་དང་།  ཨ་རི་དེ་སྒེར་གཅོད་ཀྱི་ལམ་དུ་བརྫངས་པ་ཡིན་པ་དང་།  སྒྲོ་ནལ་ཁྲི་རམ་ཕུ་ནི་ཕུ་ཀྲན་དང་ཞེ་ཅེན་ཕིན་སོགས་སྒེར་གཅོད་པ་གཞན་དག་ལ་དགའ་བོ་ཡོད།   སྨོན་པ་འཆོར།ཡིད་རང་བྱེད།བསྔགས་པ་བརྗོད་མཁན་ཞིག་ཡིན་པས།   རང་ཉིད་ཀྱང་ཁོ་ཚོ་ལྟར་ཆགས་འདོད་མཁན་ཞིག་ཡིན་པ་སྒྲོག་བཞིན་ཡོད་ལ།   དེ་དང་ལྷན་ཀཱ་མ་ལ་ཧ་རེ་སི་རང་ཉིད་ནི་ཨ་རིའི་མང་གཙོ་སྲུང་སྐྱོབ་མཁན་གྱི་རང་དབང་ལྷ་མོ་མཐའ་མ་ལྟ་བུ་ཞིག་ཡིན་པ་སྒྲོག་བཞིན་ཡོད།

ཕྱི་ལོ་ 2020 ལོའི་སྲིད་འཛིན་འོས་བསྡུའི་སྐབས།   སྒྲོ་ནལ་ཁྲི་རམ་ཕུས་འོས་བསྡུའི་ཁྲོད་ཁོ་རང་ཉིད་ཕམ་ཟིན་པ་ངོས་མ་བླངས་པའི་མཇུག་འབྲས་སུ།   ལོ་དེའི་ཕྱི་ཟླ་ 1 ཚེས་ 6 ཉིན་ཁོའི་རྒྱབ་སྐྱོར་བ་ཚོས།  ཨ་རིའི་རྒྱལ་སའི་གྲོས་ཚོགས་ཁང་སོགས་སུ་ངོ་རྒོལ་དང་།   དྲག་ཟིང་།གཞུང་གི་ཁང་བརྩེགས་ནང་དུ་འཛུལ་བའི་ལོ་རྒྱུས་ཀྱི་དོན་རྐྱེན་ངན་པ་དེ་དང་།  ད་ལྟ་ཀཱ་མ་ལས་ཤོད་ཀྱིན་པ་གཉིས་མི་རྣམས་ཀྱི་སེམས་སུ་མཉམ་དུ་བསྒྲེས་ནས་ཡོད་པས།   སྒྲོ་ནལ་ཁྲི་རམ་ཕུ་ནི་དོན་དངོས་སུ་ཨ་རིའི་མང་གཙོའི་དགྲ་ཞིག་ཏུ་མཐོང་བཞིན་ཡོད།

དེ་དང་ལྷན།  སྒྲོ་ནལ་ཁྲི་རམ་ཕུས་གོང་གི་སྐད་ཆ་འདི་དག་གི་ལན་དུ། ཨ་རིའི་གསར་ཁང་དག་གིས་ཁོ་ལ་དྲང་པོ་མ་བྱས་པ་ཞིགཨ་རིའི་ལོ་རྒྱུས་ནང་སྲིད་འཛིན་གཞན་སུ་ལའང་བྱུང་མེད་པ་དང་།  ཨ་རིའི་ཆབ་སྲིད་པ་ཚོས་ཁོ་ལ་སྡང་སེམས་དང་།  བསམ་ངན།   སྦྱོར་ངན་བརྩམས་པའི་ཚུལ་འདི་འདྲ་ཞིག་སྔར་སུ་ལའང་མ་བྱུང་བ་ཞིག་ཡིན་པས།   དེ་དག་རེ་རེ་ནི་དོན་ལ་ཁོ་ལ་མ་དགའ་བ་ཙམ་ཞིག་མ་ཡིན་པར།ཨ་རིའི་མི་དམངས་ལ་དོན་བཟང་སྒྲུབ་མཁན་ཞིག་བྱུང་ན་དེ་ལ་མི་དགའ་བ་ཡིན་པས།   རང་ཉིད་ནི་ཨ་རི་སྐྱོབ་པའི་མཐའ་མའི་རེ་བ་དེ་ཡིན་པ་དང་།   ཕྱོགས་ཕ་རོལ་བོ་ནི་དེ་ལ་བར་ཆད་བྱེད་མཁན་ལྟ་བུ་ཞིག་ཏུ་སྒྲོག་བཞིན་ཡོད།


སྒྲོ་ནལ་ཁྲི་རམ་ཕུ།
སྒྲོ་ནལ་ཁྲི་རམ་ཕུས།ཀཱ་མ་ལ་ཧ་རེ་སི་ནི་དཔལ་འབྱོར་གྱི་ཆ་ནས་དམར་ཤོག་པ་ཞིག་ཡིན་པ་དེས།  མ་རྩ་རིང་ལུགས་ལས་བྱུང་བའི་ཨ་རིའི་དཔལ་འབྱོར་དར་རྒྱས་འདིའི་སྲོག་རྩ་གཅོད་རྒྱུ་ཡིན་པ་དང་།  ལྷག་པར་བྷ་ཀྲན་གྱི་དུས་ཡུན་ཏེ།  ཀཱ་མ་ལ་སྲིད་འཛིན་གཞོན་པ་ཡིན་སྐབས།  ཨ་རིའི་ལྷོ་ཕྱོགས་རྒྱལ་མཚམས་གཙོས།  མདོར་ན་ཨ་རིའི་རྒྱལ་ནང་ལ་ཡིག་ཆ་རྫུན་མ་དང་།  ཡིག་ཆ་མེད་པར་འཛུལ་བའི་ཁྲིམས་འགལ་སྐྱབས་བཅོལ་བ་ས་ཡ་ 20 བསླེབས་ཟིན་པ་དང་།  མོ་ནི་སེམས་གཏིང་ནས་ཨ་རིར་ཤ་ཞེན་མེད་མཁན་ཞིག་ཡིན་པས།  མཐའ་ན་ལྷོ་ཕྱོགས་རྒྱལ་མཚམས་ལ་ལྟ་སྐོར་ཙམ་ཡང་འགྲོ་མ་མྱོང་བ་བཤད།  གལ་སྲིད་མོ་བསྐྱར་དུ་སྲིད་སྟེགས་སུ་བསླེབས་ཚེ།  མུ་མཐུད་ཁྲིམས་འགལ་སྐྱབས་བཅོལ་བ་ས་ཡ་མང་པོ་ཡོང་དུ་འཇུག་རྒྱུ་དང་།  སྔར་རྒྱལ་ནང་དུ་འཛུལ་ཟིན་པ་དག་ལ་ཁྲིམས་མཐུན་ཡིག་ཆ་སྤྲད་རྒྱུ་ཡིན་པ་སོགས་ཤོད་ཀྱིན་ཡོད།

འདི་ནི་མི་མང་པོ་ཞིག་ལ་མཚོན་ན་ཧ་ཅང་སེམས་པ་སྒུལ་ནུས་པའི་སྐད་ཆ་ཞིག་ཏུ་གྱུར་ཟིན་ཡོད་ལ།  མི་གྲངས་འཕེལ་འགྱུར་འདི་ལ་མང་པོ་ཞིག་སེམས་གཏིང་ནས་སྡང་སེམས་སྐྱེ་ཡོད་པ་མ་ཟད།  དགོས་མཁོ་བྱུང་ན་ལག་པར་གོ་ལག་འཛིན་དགོས་ཀྱང་འཛིན་རིན་ཡོད་པ་ཞིག་ཏུ་འདོད་མཁན་ཉུང་ངུ་ཞིག་མིན་པ་ཤེས་དགོས།  རྒྱལ་ཁབ་ཀྱི་སྲོལ་རྒྱུན་ངོ་བོ་སྲུང་སྐྱོབ་ཆེད།  དགོས་མཁོ་བྱུང་ན་མང་གཙོ་ཟུར་དུ་བཞག་ནས་རེ་ཞིག་སྒེར་གཅོད་པ་ཞིག་གི་འོག་ཏུ་འགྲོ་དགོས་ཀྱང་།  དེ་ནི་ལུགས་དང་མཐུན་པའི་ལམ་ཀ་ཞིག་ཏུ་དྲན་མཁན་ཡོད་པ་དོན་དངོས་རེད།  ད་ལྟ་མང་གཙོ་མུན་པའི་ཁྲོད་འཆི་བཞིན་ཡོད་( ཝ་ཤིན་ཀྲོན་གསར་ཤོག་གིས་ཕྱི་ལོ་ 2017 ལོ་ནས་རང་གི་སྒྲོག་ཚིག་ཏུ་སྤྱད་ཡོད) ཅེས་ཤོད་ཀྱིན་པའི་རྩ་བ་འདིར་ཐུག

མདོར་ན།  ཁྲི་རམ་ཕུས་རང་གི་རྒྱབ་སྐྱོར་བ་ཚོའི་སྣང་ངོར།  ཀཱ་མ་ལ་ནི་སྲོལ་རྒྱུན་གྱི་ཨ་རིའི་ངོ་བོ་རྩ་གཏོར་གཏོང་མཁན་ཞིག་ཡིན་པའི་སྣང་བརྙན་བསྐྲུན་ཟིན།   དེའི་སྟེང་སྒྲོ་ནལ་ཁྲི་རམ་ཕུས།ཀཱ་མ་ལ་ལ་རཱ་ཡུའི་དམག་འཁྲུག་མཚམས་འཇོག་ཏུ་འཇུག་ཐུབ་པའི་ནུས་པ་དང་།  དཀྱིལ་ཤར་གྱི་དཀའ་ངལ་སེལ་རྒྱུའི་ཐབས་ལམ་གང་ཡང་མེད་ཅིང་།  རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འགོ་འཁྲིད་པའི་ནུས་པ་མེད་པས།  གལ་སྲིད་མོ་སྲིད་འཛིན་དུ་བདམས་ཚེ་དེ་ནི་འཛམ་གླིང་འཁྲུག་ཆེན་གསུམ་པ་ཤེས་བཞིན་དུ་མདུན་ལ་བསུས་པ་དང་ཁྱད་མེད་དུ་སྒྲོག་བཞིན་ཡོད་ལ།  ཕྱི་སྲིད་ཀྱི་ཐད་ལ་བསླེབས་དུས།ཀཱ་མ་ལ་ལས་སྒྲོ་ནལ་ཁྲི་རམ་ཕུ་ལ་ནུས་པ་ཆེ་བ་འདོད་མཁན་མང་པོ་ཡོད་པས།སྒྲོ་ནལ་ཁྲི་རམ་ཕུས་བཤད་པའི་འཛམ་གླིང་འཁྲུག་ཆེན་གསུམ་པའང་།   འོས་བླུག་མཁན་མང་པོས་སྣང་མེད་དང་།  ལས་སླ་བོར་ཟུར་དུ་འཇོག་ཐུབ་པ་ཞིག་ཡིན་མི་སྲིད།

བྱ་བ་མཐའ་དག་དོན་ཀུན་གྲུབ་པའི་བཀྲ་ཤིས་བརྒྱད་པ།《圣八吉祥颂》——索达吉堪布亲诵

མ་རྒན་རང་སྲོག་ཤོར་ཡང་། བུ་ཕྲུག་སྤྱང་ཁུར་མ་བྱིན། དངོས་བྱུང་།

བར་ཆད་ལམ་སེལ། 莲师遣除道障祈祷文

སེ་ར་ཐེག་ཆེན་གླིང་། 色拉寺

ཞེ་སྡང་གི་གནོད་པ། 生气的伤害

ཕྱག་འཚལ་བའི་ཕན་ཡོན་བསམ་མི་ཁྱབ། 顶礼之功德

ང་ཚོ་འཁོར་བ་འདི་ལྟར་འཁྱམས་པ་ཡིན། 佛教的生死轮回图详解!

བདེ་སྐྱིད་ཀྱི་གཟུངས་སྔགས། 幸福咒语

ནད་ཡམས་ཞི་བའི་སྔགས།治愈一切瘟疫之甚深猛咒

དམ་པའི་ལེགས་བཤད།  名人之言

འཆི་བ་མི་རྟག་པ་དང་བླ་རུང་དུར་ཁྲོད། 喇荣大尸陀

བུ་ཚ་བོའི་འཚོ་རྟེན་ཡོན་ཏན་ཡིན།

སྟོན་པའི་མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ། 释迦佛十二赞颂文

འདི་ལས་ལྷག་པའི་ཉམས་ལེན་མེད功德无量

རྨད་དུ་བྱུང་བའི་བསླབ་བྱ་གལ་ཆེན། 非常优秀的教言

བསྟན་པ་ཐམས་ཅད་འགལ་བ་མེད།




ཆོས་ལུགས་གཅིག་མཐུན།

宗派相同


ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན།།

萨格噶宁觉囊雍仲本,

ལྟ་བ་བཀའ་རྟགས་བཞི་དང་རྟེན་འབྱུང་མཐུན།།

见解四法印与缘起同,

སྒོམ་པ་སྟོང་ཉིད་རྣམ་ཀུན་མཆོག་ལྡན་མཐུན།།

实修空性现空无别同,

སྤྱོད་པ་འཚེ་མེད་བྱང་སེམས་ཕྱིན་དྲུག་མཐུན།།

行为不害菩心六度同,

འབྲས་བུ་ཐམས་ཅད་མཁྱེན་པ་ཐོབ་པར་མཐུན།།

果位获得遍知果相同,

དེའི་ཕྱིར་ཀུན་ལ་དག་སྣང་མོས་གུས་དང་།།

是故悉当净观生敬信,

རང་ཉིད་ལས་འཕྲོ་གང་ཡོད་བསྟན་པའི་གྲལ།།

自当于具善缘之宗派,

ལེགས་པར་ཞུགས་ནས་དེ་ཉིད་གཙོ་བོར་འཛིན།།

善而安住主要持彼宗,

དེ་མིན་རང་ཕྱོགས་བསྟོད་དང་གཞན་ཕྱོགས་སྨད།།

否则赞自方而毁他方,

ཆགས་སྡང་རང་ཀས་བན་བོན་གསར་རྙིང་སོགས།།

贪嗔自于僧苯新旧等,

ཕྱོགས་རིས་རྩོད་པས་ཆོས་སྤོང་ལས་ངན་བསོག།

偏袒相争舍法积恶业,

ཇི་ལྟར་བརྩད་ཀྱང་དོན་ལ་ཕམ་ཁ་ཡིན།།

如何争亦实际唯输也。






格言乐园
ལེགས་བཤད་དགའ་ཚལ་གླིང་གི་འཕྲིན་སྟེགས་སུ་ཕེབས།想感受大德高僧们的教言,请关注《格言乐园》公众平台🙏
 最新文章