࿑ ལེགས་བཤད་དགའ་ཚལ་གླིང་གི་འཕྲིན་སྟེགས་ནི་བོད་མི་རིགས་ཀྱི་ཆོས་ལུགས་དང་རིག་གནས། ཁ་འདོན་དང་དགེ་སྐུལ། འཚོ་བའི་རྒྱུན་ཤེས། གསར་འགྱུར། ཆོས་ཁྲིད་སོགས་བརྩམས་ཆོས་སྣ་མང་ཞིག་སྤེལ་བཞིན་ཡོད་པས་ཀློག་པ་པོ་ཡོངས་ཀྱིས་རྒྱབ་སྐྱོར་གྱི་ཚུལ་དུ་རང་གི་ཡིད་ལ་འཐད་པའི་བརྩམས་ཆོས་དག་གཞན་ལ་ངོ་སྤྲོད་དམ་བརྒྱུད་སྤེལ་རེ་གནང་བར་ཐུགས་རྗེ་ཆེ། བཀྲ་ཤིས་བདེ་ལེགས།
ལོ་ཙཱ་པ། མཁན་པོ་རབ་ལྡན།
འཇར་པན་གྱི་མིས་ཕྲུ་གུ་ལ་སློབ་གསོ་གང་འདྲ་བྱེད་སྲིད།
རྩོམ་ཡིག་ཡོང་ཁུངས།(舜网--人口导报)
ཡིག་སྒྱུར་བ། མགོ་ལོག་རབ་ལྡན།
གཤམ་གྱི་དོན་ཚན་བཅུ་གཉིས་པོས་ཁྱེད་ལ་ཕལ་ཆེར་གཞོགས་འདེགས་བྱེད་ཐུབ་བོ།།
གཅིག ཁྱིམ་ཚང་ནི་འདྲིས་ཤིང་གོམས་པའི་སློབ་གྲྭ་དང་། ཕ་མ་ནི་འདྲིས་ཤིང་གོམས་པའི་དགེ་རྒན་ཡིན་ནོ།།
གཉིས། ཕྲུ་གུའི་སྤྱོད་ལམ་ལ་མཚོན་ན། ལྔ་ལས་གསུམ་ལ་བྱ་དགའ་དང་། གཉིས་ལ་སྐྱོན་བརྗོད་བྱས་ཚེ། ཁོ་ངེས་པར་དུ་ལེགས་ཕྱོགས་སུ་སྐྱོད་པར་བྱེད་དོ།།
གསུམ། ཕྲུ་གུར་ཤེས་རིག་སྤྲོད་པ་ལས། སེམས་འགུལ་ཐེབས་སུ་བཅུག་ན་དགའ། སེམས་འགུལ་ཐེབས་སུ་འཇུག་པ་ལས། ལག་བསྟར་བྱེད་དུ་འཇུག་པ་བཟང་ངོ་།།
བཞི། ཆེས་ཐོག་མར་ཕྲུ་གུར་ཤེས་རིག་སློབ་པའི་སྐབས་སུ། ངེས་པར་དུ་ཕྲུ་གུ་ལ་གཤིས་རྒྱུད་བཟང་བའི་དགེ་རྒན་ཞིག་འཚོལ་ཐུབ་དགོས་ལ། དེ་ལྟར་བྱས་ཚེ་ད་གཟོད་ཤེས་རབ་དང་ནུས་པ། སློབ་གཉེར་གྱི་བརྒྱུད་རིམ་དག་འབྱུང་ངེས་པས། གཤིས་རྒྱུད་ངན་པའི་དགེ་རྒན་ནི་ཕྲུ་གུའི་མིག་དཔེར་རྟེན་མི་ཉན་ནོ།།
དགུ གལ་སྲིད་བེར་ཀས་རྡུང་རྡེག་རེག་ནའང་། དེ་ནི་ཉིད་ལ་བཅངས་བའི་ཕ་མའི་བརྩེ་བ་རེད། ངེས་པར་དུ་མི་ཚེའི་བརྒྱུད་རིམ་སོ་སོར་འགལ་རྐྱེན་འདྲ་མིན་མྱོང་དགོས་ཤིང་། འགལ་རྐྱེན་ལ་གདོང་ལེན་བྱེད་དུས་སེམས་ཤུགས་བཟང་ངན་ཡོད་མེད་དེ་ནི་ཧ་ཅང་གལ་ཆེན་ཡིན། ནམ་རྒྱུན་རྡུང་རྡེག་རེག་པའི་ཕྲུ་གུ་ལ། རྡུང་རྡེག་ལ་ཆུང་གོམས་སོང་བའི་རྐྱེན་གྱིས་འཚར་ལོངས་བྱུང་རྗེས་སུ་རྒྱུན་ལྡན་གྱི་སེམས་ཁམས་སྲུང་འཛིན་ཐུབ་པའི་ནུས་ཤུགས་ལྡན་པ་ཡིན་ནོ།།
བཅུ། ཕྲུ་གུ་ཕྱི་རོལ་ལ་འགྲུལ་སྐྱོད་གཏོང་དགོས། འདི་ནི་ཕ་ཡུལ་དང་ཁ་བྲལ་ནས་རྒྱུས་མེད་ཀྱི་ཡུལ་ལ་ལས་གཉེར་གཏོང་དགོས་ཟེར་བ་ལས། ལྟ་སྐོར་ལ་མངག་དགོས་པའི་དོན་མིན། ཕ་མའི་ལྟ་སྐྱོང་དང་ཁ་འབྲལ་མ་མྱོང་བའི་མིས་དཀའ་སྡུག་གི་མྱོང་ཚོར་རེག་ཐུབ་མེད་པས་སྦྱོང་བརྡར་གྱི་གོ་སྐབས་རྙེད་མེད། དེ་བས། ལྷག་ཏུ་བདེ་སྐྱིད་དངོས་གནས་ཤིག་གླེང་ཚུལ་མེད་དོ།། གལ་སྲིད་ཁྱེད་དངོས་གནས་ཕྲུ་གུར་དགའ་ན། ཕྲུ་གུ་ལ་དཀའ་སྡུག་འགའ་རེ་མྱོང་དུ་འཇུག་དགོས། གཞན་དུ་ཕྲུ་གུ་འཚར་ལོངས་འབྱུང་བར་སྒུགས་དང་། དངོས་གནས་བྱ་བ་གང་ཡང་འགྲུབ་མི་སྲིད། དེ་དུས་བློ་འགྱོད་སྐྱེས་པ་ནི་འཕྱི་དྲགས་པའོ།།
བཅུ་གཅིག། ཕྲུ་གུར་དགའ་བ་ན། སྐྱོན་བརྗོད་ལན་གཉིས། གཟེངས་བསྟོད་ལན་གསུམ་བྱོས་དང་། སློབ་སྟོན་ལྔས་ཁོ་རང་ཤེས་ནུས་ཅན་དུ་སྒྱུར་ཐུབ་པ་ཡིན་ནོ།།
བཅུ་གཉིས། སློབ་གསོའི་ཆེས་མཐར་ཐུག་གི་དམིགས་ཡུལ་ནི། འཚོ་བ་ལ་རང་མགོ་ཐོན་ཐུབ་པ་དང་། ལྟ་སྐྱོང་བྱེད་མི་དག་བློ་སེམས་བདེ་བོའི་ངང་ཕྲུ་གུའི་ཟུར་ནས་ཁ་འབྲལ་ཐུབ་པའོ། ། ཕྲུ་གུ་གནད་དོན་དང་འཕྲད་ཚེ། ཁོ་རང་ཉིད་ལ་ཐབས་ཤེས་འདོན་དུ་འཇུག་པར་འོས་སོ། ། མིའི་བསམ་སྤྱོད་ཀྱི་འཕེལ་རྒྱས་ནི་སྐས་ཐེམ་དང་ཆ་འདྲ་བས། རང་ཉིད་ཐེམ་པ་གཅིག་ལའང་མ་འཛེགས་ན། བརྒྱུད་རིམ་སོ་སོའི་ཤེས་བྱ་དག་གཏན་ནས་རྟོགས་ཐབས་མེད་དོ།།
སྒྱུར་མཆན། དང་ཐོག་གློག་པ་པོ་རྣམས་ལ་དགོངས་དག་ཞུ་ཡ་གཅིག་ནི། དྲྭ་ཉུལ་བྱེད་སྒང་ལ་རྙེད་པའི་རྩོམ་ཡིག་འདིའི་འབྲི་བ་པོ་སུ་ཡིན་ཤེས་མ་སོང་། རེད་དེ། མི་རིགས་སོ་སོས་སློབ་གསོ་བྱེད་སྟངས་དང་ཐབས་ལམ་འདོན་ཚུལ་མི་འདྲ་བ་ཡིན་སྟབས། ཅུང་ཙམ་ཨེ་ཕན་སྙམ་པས་དྲ་རྩོམ་འདིའི་རིགས་ཁོམ་སྐབས་དང་སྦྲགས་ནས་བསྟུད་མར་སྒྱུར་ཨེ་ཤེས་མི་ཤེས་ལྟ་རྩིས་ཡིན་པས་དགོངས་ཡངས་གནང་རོགས།