ཀླུ་ལྡིང་མཁན་པོས་ལམ་འབྲས་ལེགས་གྲུབ་རྗེས་གནང་བའི་བཀའ་སློབ། 禄顶堪布

民生   2024-12-31 08:37   河北  

ཇི་སྐད་དུ། མཁས་གྲུབ་སངས་རྒྱས་ཕུན་ཚོགས་ཀྱིས། ཀུན་ཁྱབ་ཟབ་གསལ་གཉིས་མེད་ཆོས་ཀྱི་སྐུ། །དགའ་ཆེན་ཡན་ལག་བདུན་ལྡན་ལོངས་སྤྱོད་རྫོགས། །བཟང་པོའི་ཕྲིན་ལས་བསམ་ཡས་སྤྲུལ་པའི་སྐུ། །ཁྱབ་བདག་རྡོ་རྗེ་འཆང་ལ་ཕྱག་བགྱིའོ། །ཞེས་བསྟོད་ཕྱག་གི་ཡུལ་དམ་པ། ཐུབ་དབང་ཉི་མའི་གཉེན་གྱི་རྒྱལ་ཚབ་ཆེན་པོ། རྒྱལ་བ་གཉིས་པ་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོས་ཤྲཱི་ཨེ་ཝཾ་པའི་གདན་ས་ཕྱག་བཏབ་སྟེ་ཟབ་རྒྱས་ཆོས་འཁོར་རྒྱ་ཆེན་བསྐོར་བ་ནས་བཟུང་། རྗེ་ཉིད་ཀྱི་རྒྱལ་ཚབ་ཏུ་མི་འཇིགས་གདོང་ལྔས་བཏེག་པའི་ཆོས་ཀྱི་ཁྲི་འཕང་མཐོན་པོར་མངའ་གསོལ་བའི་བསྟན་འཛིན་གྱི་སྐྱེས་བུ། ཀུན་མཁྱེན་ཨེ་ཝཾ་པའི་གདན་རབས་བར་མ་ཆད་པ་མུ་ཏིག་བསྟར་ལ་བརྒྱུས་པ་ལྟར་བྱོན་པ་རྣམས་ཀྱིས། གདུལ་བྱའི་ཁམས་དབང་དང་མཐུན་པར་དབྱར་ཆོས་དང་། དགུན་ཆོས་སོགས་བཀའ་ལུང་དབང་གསུམ་གྱི་གདམས་ཟབ་རྒྱ་ཆེན་སྩོལ་བའི་ཕྱག་སྲོལ་བཟང་པོ་ཡོད་པ་ལྟར། བྱེས་ཀྱི་གདན་ས་ངོར་མ་དགོན་དུ་ཕྱི་ལོ་༢༠༢༤ ཟླ་བ་༡༠ ཚེས་ ༡༨ ནས ཟླ་བ་༡༢ ཚེས་༢༥ བར་ཟླ་བ་གཉིས་ལྷག་རིང་། མདོ་རྒྱུད་རྒྱ་མཚོའི་མངའ་བདག ངོར་ཆེན་རྒྱལ་བའི་རྒྱལ་ཚབ། ༸སྐྱབས་མཆོག་ངོར་ཁྲི་པ་ཀླུ་ལྡིང་མཁན་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས། མདོ་རྒྱུད་མན་ངག་ཀུན་གྱི་སྙིང་པོར་གྱུར་པ་སྙན་བརྒྱུད་ཚད་མ་བཞི་དང་། ཆེ་བ་བཅུ་གཅིག་སོགས་ཟབ་ཁྱད་དུ་མ་ལྡན་པའི་གདམས་ངག་ཡིད་བཞིན་ནོར་བུ། གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་བཀའ་ཆོས་ལེགས་པར་གྲུབ་པ་དང་། དེའི་མཚམས་དེ་རིང་། ཟླ་བ་༡༢ ཚེས་༢༦ ཉིན་སྔ་དྲོ་ས་འཇམ་སྦགས་སྒྲུབ་ཀྱི་རྗེས་གནང་དང་ཚེ་དབང་བཀའ་དྲིན་བསྩལ་བ་དང་། ཉིན་རྒྱབ་བཏང་རག་གུར་མགོན་འཁོར་བཅས་ལ་བསྐང་གསོ་དང་ཆོས་སྐྱོང་སྤྱིའི་ཚོགས་མཆོད་ཕུལ་བ་བཅས་སོ།། དགེའོ།།




དཔལ་ས་སྐྱའི་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་དཔལ་བཟང་པོ་མཆོག་གི་རྣམ་ཐར

དཔེ་ཝར་རྡོ་རྗེ་འཆང་གི་གདུང་འབོད།

༸ཀླུ་ལྡིང་མཁན་ཆེན་གསུང་། དགེ་འདུན་པའི་བཅའ་ཡིག་ལ་མྱུར་དུ་གཟིགས།

࿐ལྷ་རྒྱལ་མཆོག་སྤྲུལ་ངག་དབང་མཁས་གྲུབ་འཁྲུངས་སྐར་བསུ།

ལྷ་བབས་དུས་ཆེན་དང་དགེ་འདུན་ཡར་འཕེལ་འདས་མཆོད་བསུ།

ལྷ་རྒྱལ་སྲང་གི་ཆོས་སྡེའི་མཁས་དབང་སྡེ་དགེའི་ཤར་བླའི་རྣམ་བསྡུས།

འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ།

སྡེ་དགེའི་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས།

ལྷ་རྒྱལ་སྲང་གི་ཆོས་སྡེའི་རྡོར་འཛིན་ཨ་འཛི་ངག་དབང་བཟང་པོ

ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག

ཡིད་ལྷུང་ལྷ་རྒྱལ་དགོན་གྱི་དགུ་ཆེན་སྐབས་ཀྱི་འདྲ་པར་ཁག་གཅིག །

མ་ཧཱ་པཎྜི་ཏ་ཨ་འཛི་ནོར་བུ་དབང་རྒྱལ་རྗེས་དྲན་ཞུ། ལྷ་རྒྱལ་སྲང་།

བླ་མ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར།

མཁྱེན་རབ་མཐའ་ཡས་གསོལ་འདེབས།

མཁན་ཆེན་ཐུབ་བསྟན་མཁས་གྲུབ་མཆོག་གི་འདས་མཆོད།

གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །

མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གེ་སར་གྱི་ལུང་བསྟན་བྱུང་ཚུལ།

འཇམ་མགོན་གུ་ནའི་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར།

ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།1

ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།2

རི་མོའི་ལམ་ནས་རྫོང་སར་རིན་པོ་ཆེའི་རྣམ་ཐར་མཇལ་བ། 宗萨仁波切传记

བཀའ་སློབ་དུས་ཐོག་ཆར་པ། འཁོན་གདུང་ཨ་བྷི་ཀིརྟ། 法王子无变金刚教言•及时甘霖

རྒྱལ་སྲས་ལག་ལེན་གྱི་དཔེ་རིས། 珍贵的佛子行三十七颂的图纸

སྐྱབས་མགོན་གོང་མ་ཁྲི་ཆེན་མཛད་རྣམ་དགུ་ཐང་། དྷཱི་ཕུ་མཁན་ཆེན།

༄༅། །གདམས་པ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། 美丽璎珞:心之建言

༸ཀླུ་ལྡིང་མཁན་རྒན་གྱིས་ཁྲིད། སྒྲོལ་དཀར་ཚེ་སྒྲུབ་སྐོར། ཚན་པ་1-2-3

མར་མེའི་སྨོན་ལམ【供灯愿文】

སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ།
རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母
བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文
སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日
པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ
སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས།
སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་ལྡན།白雅仁波切亲述祈请加持

༸སྐྱབས་རྗེ་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེའི་གསོལ་འདེབས།

༄༅། །དཔེ་ཝར་དང་རྫོང་སར་གཉིས་ལ་མཉམ་དུ་ཤར་བའི་ངོ་མཚར་བའི་འཇའ་ཚོ།

དཔེ་ཝར་རིན་པོ་ཆེ་གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།

དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།

དཔེ་ཝར་རིན་པོ་མྱུར་བྱོན་གྱི་གསོལ་འདེབས།白雅仁波切速速转世祈请文

དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།

དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།

དེ་རིང་མཁན་ཆེན་ཐུབ་བསྟན་མཁས་གྲུབ་མཆོག་གི་འདས་མཆོད།

རྩོམ་ཁུངས། 

འཕྲིན་སྟེགས།

དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་། 

སྒྲིག་སྦྱོར།

དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་རྩོམ་སྒྲིག་ཁང་། 

སྤེལ་གཏོང་འགན་འཛིན་པ།

བྱང་ཆུབ་ཀུན་དགའ་བསྟན་པ།



贤翩彭措林
诸恶莫作,众善奉行。自净其意,是诸佛教。
 最新文章