གོད་ཆག་ཁྲོད་ཀྱི་དིང་རི་བ་ལ་མྱ་ངན་ཞུ། མཁན་བསོད་ནམས་དོན་འགྲུབ།

民生   2025-01-08 09:05   河北  

༢༠༢༥.༡-༧ .༠༩.༥ གྲང་སིབ་སིབ། འཁྱག་ཤུར་ཤུར་གྱི་ལོ་ཟླ་འདི་དག་གི་ནང་དུ། ཁྱེད་དིང་རི་བའི་འདས་པོ་ཡོངས་ལ་མྱ་ངན་ཞུ།  ས་ཆེན་པོ་གཡོ་ཐེངས་ཤིག་གིས།  སྤུན་ཟླ་མང་པོའི་ཚེ་སྲོག་གྱུར་མིད་དུ་གཏོང་སོང་།  ཡོམ་ཡོམ་ཤིག་ཤིག་ངང་དུ། བརྩེགས་པའི་མཁར་ཁང་སྟོང་ཕྲག་གསུམ་ལྷག་ཐང་དུ་འགྱེལ་སོང་། ནུས་མེད་ཀྱི་བྱིས་པ་མང་པོ་དང་། རྒན་རྒས་མང་པོ་ཞིག་མཁར་ཁང་ཞིག་རོས་གནོན་སོང་། མང་པོ་མང་པོ་ཞིག་ཤི་མ་གསོན་གྱི་ངང་ནས།  ཐབས་ཟད་འུ་ཐུག་གིས་ཕེད་སློག་བྱས་པའི་གསེབ་ནས་རྙེད་བྱུང་།  ཁྱེད་ཅག་མི་ཡུལ་འདིར་གསོན་ཐབས་ཀྱི་རེ་བ་ཉག་གཅིག་གིས། ལ་ལས་ཁྱེད་ཅག་གི་ཁ་ལ་ཁ་སྦྱར་ཏེ་ཕུ་རྒྱག་གིན་དབུགས་ཀྱང་བསགས། ལ་ལས་བྲང་ཐོག་ནས་གནོན་བཞིན་སླར་དབུགས་ལེན་ཐུབ་ཐབས་ལ་བརྩོན། ཐད་གཏོང་ནང་ནས་ཁྲི་ཚོ་བརྒྱ་ཕྲག་མང་པོའི་མིས་བལྟས་འདུག །ཁྱེད་ཚོ་ནི་དཀོན་མཆོག་ལ་བློ་དཀར་ཞིང་སྐྱབས་བཅོལ་མཁན་ཞིག་སྟེ། ཤུལ་ལུས་ཚོས། འཁོར་ལོ་བསྐོར་ཞིང་ཕྲེང་བ་བགྲང་ཞོར།  འདས་པོ་ཚོ་ལ་ཆོས་ཀྱིས་སྐྱེལ་མ་ཞུ་བཞིན། ཤུལ་ལུས་དག་ལ་སྐྱབས་འཇུག་ཞུ་བཞིན་འདུག།མ་གཞི་ནི་ཕ་དམ་པའི་དིང་རི་བརྒྱ་རྩ་ཞེས་པའི་གདམས་ངག་སྐད་གྲགས་ཅན་དེར།  ཁྱེད་ཚོའི་ཤ་གསེང་ཁྲག་གསེང་ན་དབྱེར་མེད་དུ་ཐིམ་ནས་ད་དུང་བཞུགས་བསྡད་ཡོད་པ་འདྲ།  འདུས་བྱས་ཆོས་ལ་རྟག་བརྟན་མེད་པ་དང་། འཁོར་བའི་རང་མཚང་ཕྱིར་མངོན་པ་ཙམ་ཡིན་པ་མཁྱེན་གྱིན་ཡོད་པ་འདྲ། རྟག་པ་ཞིག་མི་རྟག་པ་གློ་བུར་དུ་གྱུར་སོང་སྙམ་པའི་ལོག་རྟོག་སུ་ལའང་ཞུགས་མེད་པ་འདྲ། སྐྱིད་ན་བླ་མ་དཀོན་མཆོག།སྡུག་ན་ཚེ་སྔོན་ལས་ཡིན་སྙམ་པའི་འདུ་ཤེས་ཀྱིས་ཁྱེད་ཚོ་ལ་སེམས་གསོ་ཡང་ཐེབས་ཡོད་པ་འདྲ། གནམ་བརྡིབས་པ་ལྟ་བུའི་གོད་ཆགས་སླེབས་ཀྱང་། ཡ་ང་བ་དང་། བག་ཚ་བ་དེ་ཙམ་མེད་པའི་ངང་དུ་བློ་བག་ཕེབས་ཐུབ་པ་ནི་ཆོས་ཀྱི་བྱིན་རླབས་མིན་པ་སུས་སྨྲ་ཐུབ། བྱམས་བརྩེའི་མངའ་བདག་སྟོན་པའི་རྗེས་འཇུག་དང་། ཉེན་པ་ཡོད་མེད་རྟོག་ཞིབ་བྱེད་མཁན་གྱི་ཉེན་རྟོག་པ། རྒྱལ་ཁབ་སྲུང་མཁན་གྱི་དམག་མི། མེ་དཔུང་བཅིལ་མཁན་གྱི་མེ་གསོད་རུ་ཁག་པ་དང་། སྤུན་ཟླ་མང་པོའི་བཀའ་དྲིན་གྱི་ཐུ་འོག་ནས། གོད་ཆག་ཁྲོད་ཀྱི་དིང་རི་བ་ཁྱེད་ཚོ་ལ་གསོན་ཤུགས་སྦྱིན་འདུག །གཅིག་རྗེས་གཉིས་སུ་མཐུད་དེ་རོགས་སྐྱོར་བ་མང་པོ་སླེབས་ཤིང་། འཚོ་བའི་བཟའ་བཏུང་དང་། ཟས་གོས་མང་པོ་བསྣམས་འདུག །ཁྱེད་ཚོར་དཔའ་མ་ཞུམ། གོད་ཆགས་མང་པོའི་ཁྲོད་ན། ཀྲོང་ངེར་འགྱིང་ཞིང་བྱམས་བརྩེས་སླེབས་འོང་བའི་ཆབ་མདོའི་བུ་མོ་འམ་ཤང་ཡང་དེར་སླེབས་ཚར་འདུག །ཁྱེད་ཚོའི་མགོ་བོ་གནམ་ལ་གཏོད་དང་ཆོག་ས་འདུག།འཚོ་བ་ནི་སྐྱུར་པོ་རྐྱང་རྐྱང་རེད་འདུག་མ་སེམས། འཚོ་བ་ལ་མངར་མོའང་ཡོད། འཚོ་བ་ནི་མངར་སྐྱུར་ལིང་ལིང་ཡིན། འཚོ་བ་ལ་སྐྱུར་པོ་མེད་ན་མངར་མོའི་བྲོ་བ་དེ་ཙམ་མི་ཚོར། དེས་ན་འཚོ་བ་སྐྱུར་མོ་འདིར་མྱོང་རྗེས་འཚོ་བ་མངར་མོ་ཞིག་ཀྱང་མྱོང་སྲིད། དེས་ན་དིང་རི་བ་ཁྱེད་ཚོར་དཔའ་མ་ཞུམ། སྙིང་སྟོབས་ཡར་ལ་བསྐྱེད། 

གདུང་སེམས་མཉམ་བསྐྱེད་མཚོན་བྱེད་ཀྱི་དོད་དུ་ཁམས་སྡེ་དགེ་ནས་དོན་ཀུན་གྲུབ་པས། ༢༠༢༥/༡/༨ སྔ་མོ་ལ་བྲིས། 




དཔལ་ས་སྐྱའི་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་དཔལ་བཟང་པོ་མཆོག་གི་རྣམ་ཐར

དཔེ་ཝར་རྡོ་རྗེ་འཆང་གི་གདུང་འབོད།

༸ཀླུ་ལྡིང་མཁན་ཆེན་གསུང་། དགེ་འདུན་པའི་བཅའ་ཡིག་ལ་མྱུར་དུ་གཟིགས།

࿐ལྷ་རྒྱལ་མཆོག་སྤྲུལ་ངག་དབང་མཁས་གྲུབ་འཁྲུངས་སྐར་བསུ།

ལྷ་བབས་དུས་ཆེན་དང་དགེ་འདུན་ཡར་འཕེལ་འདས་མཆོད་བསུ།

ལྷ་རྒྱལ་སྲང་གི་ཆོས་སྡེའི་མཁས་དབང་སྡེ་དགེའི་ཤར་བླའི་རྣམ་བསྡུས།

འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ།

སྡེ་དགེའི་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས།

ལྷ་རྒྱལ་སྲང་གི་ཆོས་སྡེའི་རྡོར་འཛིན་ཨ་འཛི་ངག་དབང་བཟང་པོ

ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག

ཡིད་ལྷུང་ལྷ་རྒྱལ་དགོན་གྱི་དགུ་ཆེན་སྐབས་ཀྱི་འདྲ་པར་ཁག་གཅིག །

མ་ཧཱ་པཎྜི་ཏ་ཨ་འཛི་ནོར་བུ་དབང་རྒྱལ་རྗེས་དྲན་ཞུ། ལྷ་རྒྱལ་སྲང་།

བླ་མ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར།

མཁྱེན་རབ་མཐའ་ཡས་གསོལ་འདེབས།

མཁན་ཆེན་ཐུབ་བསྟན་མཁས་གྲུབ་མཆོག་གི་འདས་མཆོད།

གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །

མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གེ་སར་གྱི་ལུང་བསྟན་བྱུང་ཚུལ།

འཇམ་མགོན་གུ་ནའི་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར།

ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།1

ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།2

རི་མོའི་ལམ་ནས་རྫོང་སར་རིན་པོ་ཆེའི་རྣམ་ཐར་མཇལ་བ། 宗萨仁波切传记

བཀའ་སློབ་དུས་ཐོག་ཆར་པ། འཁོན་གདུང་ཨ་བྷི་ཀིརྟ། 法王子无变金刚教言•及时甘霖

རྒྱལ་སྲས་ལག་ལེན་གྱི་དཔེ་རིས། 珍贵的佛子行三十七颂的图纸

སྐྱབས་མགོན་གོང་མ་ཁྲི་ཆེན་མཛད་རྣམ་དགུ་ཐང་། དྷཱི་ཕུ་མཁན་ཆེན།

༄༅། །གདམས་པ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། 美丽璎珞:心之建言

༸ཀླུ་ལྡིང་མཁན་རྒན་གྱིས་ཁྲིད། སྒྲོལ་དཀར་ཚེ་སྒྲུབ་སྐོར། ཚན་པ་1-2-3

མར་མེའི་སྨོན་ལམ【供灯愿文】

སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ།
རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母
བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文
སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日
པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ
སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས།
སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་ལྡན།白雅仁波切亲述祈请加持

༸སྐྱབས་རྗེ་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེའི་གསོལ་འདེབས།

༄༅། །དཔེ་ཝར་དང་རྫོང་སར་གཉིས་ལ་མཉམ་དུ་ཤར་བའི་ངོ་མཚར་བའི་འཇའ་ཚོ།

དཔེ་ཝར་རིན་པོ་ཆེ་གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།

དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།

དཔེ་ཝར་རིན་པོ་མྱུར་བྱོན་གྱི་གསོལ་འདེབས།白雅仁波切速速转世祈请文

དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།

དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།

དེ་རིང་མཁན་ཆེན་ཐུབ་བསྟན་མཁས་གྲུབ་མཆོག་གི་འདས་མཆོད།

རྩོམ་ཁུངས། 

འཕྲིན་སྟེགས།

དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་། 

སྒྲིག་སྦྱོར།

དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་རྩོམ་སྒྲིག་ཁང་། 

སྤེལ་གཏོང་འགན་འཛིན་པ།

བྱང་ཆུབ་ཀུན་དགའ་བསྟན་པ།


贤翩彭措林
诸恶莫作,众善奉行。自净其意,是诸佛教。
 最新文章