ས་འགུལ་ཁྲོད་ཀྱི་དིང་རི་བ།
དེ་རིང་ལུགས་གསར་ཉིས་སྟོང་ཉེར་ལྔ་ལོའི།།སྤྱི་ཟླ་དང་པོའི་སྤྱི་ཚེས་བདུན་གྱི་ཉིན།།ལུགས་རྙིང་ལྟར་ན་ཤིང་འབྲུག་བཅུ་གཅིག་པའི།།བོད་ཚེས་བདུན་གྱི་ཉིན་གུང་དུས་ཚིགས་སུ།།ཁ་པར་ནང་དུ་དིང་རི་ས་འགུལ་ཞིག།བྱུང་བའི་གསར་འགྱུར་རོབ་ཙམ་བལྟས་ཙ་ན།།རིམ་པ་དྲུག་དང་ཚེག་བརྒྱད་ཅན་བྱུང་འདུག།ཡང་ཡང་ཉུལ་ཞིང་ཞིབ་ཏུ་བལྟས་ཙ་ན།།ཆུ་ཚོད་དགུ་དང་སྐར་མ་ལྔ་ཡི་ཐོག།ས་འགུལ་དེ་ཡིས་མི་གྲངས་གོ་ལྔ་ཙམ།།ཕྱི་མ་སྐྱེལ་ཞིང་མི་གྲངས་བརྒྱ་སུམ་ཅུ།།རྨས་སྐྱོན་གཏོང་ཞིང་དུད་ཚང་སུམ་སྟོང་གི།ཁང་པ་ཐམས་ཅད་གཏོར་སྐྱོན་ཚབ་ཆེན་ཕོག།བསམ་ཞིང་བསམ་ན་སྙིང་རླུང་སྟོད་ནས་འཚང་།།འདུས་བྱས་ཆོས་ལ་རྟག་བརྟན་མེད་དོ་ཞེས།།སངས་རྒྱས་གསུང་ལ་བསླུ་བ་ཅི་ལ་མཆིས།།འཁོར་བའི་རང་མཚང་ཕྱི་རུ་མངོན་པ་ཞེས།།འདི་འདྲ་ལས་གཞན་ཅི་ཞིག་མངོན་དུ་ཡོད།།རང་གཞན་རྟག་འཛིན་བློ་ཡིས་བསླད་པས་ན།།འདི་འདྲ་འབྱུང་བའི་ངང་ཚུལ་སྐྱེས་བྱུང་ངམ།།ཁ་སང་བདེ་སྐྱིད་དགོད་སྒྲས་ཁེངས་ན་ཡང་།།དེ་རིང་ངུ་ཅོས་ལུང་པ་ཁེངས་འདིར་ཅི།།བརྩེགས་པའི་མཁར་དང་བརྡུང་བའི་གྱོང་ཁང་དག།ཐོལ་གྱིས་འགྱེལ་ནས་གྲམ་ཁྲོད་གྱུར་འདིས་སྐྱོ།།གསོག་པའི་རྒྱུ་ནོར་ཁང་པའི་འོག་ཏུ་ཚུད།།རྒན་བྱིས་མང་པོ་ཁང་ཞིག་བར་དུ་འཚིར།།དབུགས་ཀྱི་རྒྱུ་བ་ཆད་དང་མ་ཆད་ཙམ།།ཁང་རོ་སློག་པའི་བར་ནས་རྙེད་པ་དག།རྨས་མའི་ཁ་ལ་གསོན་པོས་ཁ་སྦྱར་ནས།།ཧལ་ཧལ་དབུགས་ཀྱི་རྒྱུ་བ་ཡོད་ཐབས་བརྩོན།།བྲང་དཀྱིལ་གནོན་ནས་སོས་པའི་ཐབས་ལ་འབད།།མལ་ས་དྲོན་མོ་ཞིག་རོ་ས་རྡོས་ཁེངས།།ཕྱི་ན་དགུན་གྱི་གྲང་བས་ལུས་པོ་འཁྱག།ནང་ན་སྐྱོ་བའི་སེམས་ཀྱི་ན་ཟུག་ཆེ།།དོ་དགོང་མཚན་མོ་སྐར་ཚོགས་འདར་བའི་ཁྲོད།།མཐོ་སྒང་གྲང་འཁྱག་ས་ཐོག་ཇི་ལྟར་ཉལ།།གཉིད་མ་ཁུག་ན་ནམ་ཐག་མི་རིང་ཨང་།།འཚོ་བའི་ཟས་ལ་ཞིག་རོའི་རྡུལ་གྱིས་སྦག།རྡིག་དང་ཇ་འགུལ་རྩིག་རྡོས་ལེབ་མོ་བྱས།།ལྕི་བ་བུད་ཤིང་གྱང་རོའི་གསེབ་ཏུ་ཚུད།།བཟའ་བཏུང་ཞིམ་པོའི་འཚོ་བ་ཇི་ལྟར་སྐྱེལ།།རླངས་འཁོར་འཕྲུལ་རྟ་ལོག་པའི་གྱང་རོས་བཅག།རྨས་མའི་ནད་པ་སྨན་ཁང་ཇི་ལྟར་སྐྱེལ།།གློ་བུར་ས་འགུལ་བྱུང་བ་འདི་ཡིས་ནི།།རང་བྱུང་ཁམས་ལ་ཡིད་རྟོན་མེད་པ་རྟོགས།།ཕྱུག་པོ་ཀླུ་དང་འདྲ་བ་མཆིས་ན་ཡང་།།དམའ་མོའི་སློང་མོ་བ་དང་ལྷན་ཅིག་ཏུ།།སྐྱ་མོའི་ཐང་ལ་ཆོ་ངེ་ལྷན་ཅིག་སྒྲོགས།།འཚོ་བའི་ཟས་ལ་ཡི་ག་འགག་དུས་འདིར།།འཚོ་བ་སྦྱར་བའི་གོང་རིམ་བཀའ་དྲིན་འོག།གཅིག་རྗེས་གཉིས་སུ་མཐུད་པའི་རླངས་འཁོར་དག།གུར་དང་བཟའ་བཅའ་འཁྱེར་མཁན་མང་པོ་འདུག།ཉེན་རྟོག་པ་དང་དམག་མི་ལ་སོགས་ཀྱིས།།གྱང་རོ་རྔོགས་ཤིང་རྨས་མ་ལེན་པ་སོགས།།ཐད་གཏོང་ནང་ནས་གསལ་ཐག་ཆོད་པ་མཐོང་།།
གསར་འགོད་པ་ཚོས་གནས་ཚུལ་བརྒྱུད་བསྒྲགས་བྱེད།།མདོ་འཛིན་པ་ཚོས་སེམས་གསོའི་དབུགས་དབྱུང་གནང་།།གང་དུ་དཀའ་ངལ་བྱུང་ན་དེར་ཐོན་པའི།།བྱང་ཆུབ་སེམས་མ་གྲགས་པ་མ་ཚོར་ཡང་།།དོན་ལ་བྱང་ཆུབ་སེམས་མ་གནས་པ་ཡི།།ཆབ་མདོའི་ཡུལ་ནས་འཁྲུངས་པའི་ཧོན་ཤང་ཞེས།།ཤ་རྒྱགས་ཕོ་དང་འདྲ་བ་ཁྱོད་རང་ཐོན།།རྒུད་སྐྱོབ་གནང་ཞིང་སྐྱོ་བའི་སེམས་གསོ་དེས།།ངལ་གསོའི་དབུགས་ཤིག་དབྱུང་བ་གོར་མ་ཆག།གོས་དམར་བཀླུབས་པའི་སྟོན་པའི་རྗེས་འཇུག་འགས།།ཞིག་རོའི་གསེབ་ནས་ཕུང་པོ་ལེན་པ་མཐོང་།།ད་ནི་དུས་ངན་ནང་ནས་དུས་ངན་ཞིག།གོ་ལའི་ཏོག་ན་ལོ་ཟླའི་དུས་ཚོད་ནང་།།རང་རྒྱལ་གཞན་ཕམ་འཐབ་འཁྲུགས་རྒྱུན་མ་ཆད།།དཔལ་འབྱོར་འཚོ་བའི་ཆ་རྐྱེན་ཇེ་ཞན་སོང་།།ཚོང་དང་ཁེ་བསྐྱེད་ཐོབ་པ་ཇེ་ཉུང་སོང་།།གཅིག་གིས་གཅིག་ལ་ཡིད་ཆེས་ཇེ་ཞན་སོང་།།ཆགས་སྡང་རྨོངས་པས་ལས་ངན་ཇེ་སྒྲུབ་སོང་།།ལུས་བདེ་སེམས་སྐྱིད་ཡོད་པ་ཇེ་ཉུང་སོང་།།ལྷ་དང་བླ་མ་དད་པ་ཇེ་ཆུང་སོང་།།ལས་འབྲས་ཡིད་ཆེས་ཡོད་པ་ཇེ་ཆུང་སོང་།།རྣལ་མའི་དགེ་བ་སྒྲུབ་མཁན་ཇེ་ཉུང་སོང་།།ལུས་སེམས་སྡུག་གིས་གཟིར་མཁན་ཇེ་མང་སོང་།།ནད་ངན་དུག་གིས་གཟིར་བ་ཇེ་མང་སོང་།།སྨན་ཡོན་དངུལ་གྱིས་ཕོངས་པ་ཇེ་མང་སོང་། བླ་མ་དཀོན་མཆོག་གསུམ་གྱིས་ཐུགས་རྗེས་གཟིགས།།སྐྱབས་དང་རེ་ས་གཞན་ཞིག་མ་མཆིས་པས།།མྱུར་དུ་འཛམ་གླིང་ཞི་བདེའི་དཔལ་དུ་བསྒྱུར།།སེམས་ཅན་ཡོངས་ལ་བདེ་ཞིང་སྐྱིད་པར་བསྐྲུན།།རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་མཛོད།།དཀར་ཕྱོགས་དབུ་འཕང་བསྟོད་ཅིག་དཀོན་མཆོག་མཁྱེན།།
སྡེ་དགེ་བཤད་གྲྭ་རུ་དོན་ཀུན་གྲུབ་པས་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དོད་དུ་གང་དྲན་འཕྲལ་དུ་བྲིས་ཏེ་ཕུལ་བའོ།། །།
དཔལ་ས་སྐྱའི་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་དཔལ་བཟང་པོ་མཆོག་གི་རྣམ་ཐར
དཔེ་ཝར་རྡོ་རྗེ་འཆང་གི་གདུང་འབོད།
༸ཀླུ་ལྡིང་མཁན་ཆེན་གསུང་། དགེ་འདུན་པའི་བཅའ་ཡིག་ལ་མྱུར་དུ་གཟིགས།
ལྷ་རྒྱལ་སྲང་གི་ཆོས་སྡེའི་མཁས་དབང་སྡེ་དགེའི་ཤར་བླའི་རྣམ་བསྡུས།
འཇམ་དབྱངས་ཆོས་ཀྱི་ཉི་མ་རིན་པོ་ཆེ།
སྡེ་དགེའི་ནུབ་བླ་མ་འཇམ་དབྱངས་མཁྱེན་རབ་མཐའ་ཡས།
ལྷ་རྒྱལ་སྲང་གི་ཆོས་སྡེའི་རྡོར་འཛིན་ཨ་འཛི་ངག་དབང་བཟང་པོ
ཡིད་ལྷུང་ལྷ་རྒྱལ་དགོན་གྱི་གྲུབ་པའི་དབང་ཕྱུག་ངག་དབང་རིན་ཆེན་མཆོག
ཡིད་ལྷུང་ལྷ་རྒྱལ་དགོན་གྱི་དགུ་ཆེན་སྐབས་ཀྱི་འདྲ་པར་ཁག་གཅིག །
མ་ཧཱ་པཎྜི་ཏ་ཨ་འཛི་ནོར་བུ་དབང་རྒྱལ་རྗེས་དྲན་ཞུ། ལྷ་རྒྱལ་སྲང་།
བླ་མ་དགེ་འདུན་ཡར་འཕེལ་གྱི་རྣམ་ཐར།
མཁྱེན་རབ་མཐའ་ཡས་གསོལ་འདེབས།
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལ་གེ་སར་གྱི་ལུང་བསྟན་བྱུང་ཚུལ།
འཇམ་མགོན་གུ་ནའི་མཛད་པའི་འཇམ་དབྱངས་མཁྱེན་བརྩེའི་རྣམ་ཐར།
ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།1
ས་ཟླའི་དུས་ཆེན་ལ་ས་སྐྱ་གོང་མ། 萨噶月萨迦法王念诵 ཞལ་འདོན་སྒྲ་སྒམ།2
རི་མོའི་ལམ་ནས་རྫོང་སར་རིན་པོ་ཆེའི་རྣམ་ཐར་མཇལ་བ། 宗萨仁波切传记
བཀའ་སློབ་དུས་ཐོག་ཆར་པ། འཁོན་གདུང་ཨ་བྷི་ཀིརྟ། 法王子无变金刚教言•及时甘霖
རྒྱལ་སྲས་ལག་ལེན་གྱི་དཔེ་རིས། 珍贵的佛子行三十七颂的图纸
སྐྱབས་མགོན་གོང་མ་ཁྲི་ཆེན་མཛད་རྣམ་དགུ་ཐང་། དྷཱི་ཕུ་མཁན་ཆེན།
༄༅། །གདམས་པ་རིན་ཆེན་ཕྲེང་མཛེས་ཞེས་བྱ་བ། 美丽璎珞:心之建言
༸ཀླུ་ལྡིང་མཁན་རྒན་གྱིས་ཁྲིད། སྒྲོལ་དཀར་ཚེ་སྒྲུབ་སྐོར། ཚན་པ་1-2-3
མར་མེའི་སྨོན་ལམ【供灯愿文】
སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ།
རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母
བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文
སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日
པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག
གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། །
བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ
སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས།
སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་རྡོ་རྗེ་འཆང་གི་ཞལ་གསུང་བྱིན་ལྡན།白雅仁波切亲述祈请加持
༸སྐྱབས་རྗེ་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེའི་གསོལ་འདེབས།
༄༅། །དཔེ་ཝར་དང་རྫོང་སར་གཉིས་ལ་མཉམ་དུ་ཤར་བའི་ངོ་མཚར་བའི་འཇའ་ཚོ།
དཔེ་ཝར་རིན་པོ་ཆེ་གདུང་སེམས་མཉམ་བསྐྱེད་ཀྱི་ཞུ་འཕྲིན།
དཔེ་ཝར་རིན་པོ་མྱུར་བྱོན་གསོལ་འདེབས། གཟན་དཀར་རིན་པོ་ཆེ།
དཔེ་ཝར་རིན་པོ་མྱུར་བྱོན་གྱི་གསོལ་འདེབས།白雅仁波切速速转世祈请文 དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།
དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
ས་འགུལ་ཁྲོད་ཀྱི་དིང་རི་བ།
དེ་རིང་ལུགས་གསར་ཉིས་སྟོང་ཉེར་ལྔ་ལོའི།།སྤྱི་ཟླ་དང་པོའི་སྤྱི་ཚེས་བདུན་གྱི་ཉིན།།ལུགས་རྙིང་ལྟར་ན་ཤིང་འབྲུག་བཅུ་གཅིག་པའི།།བོད་ཚེས་བདུན་གྱི་ཉིན་གུང་དུས་ཚིགས་སུ།།ཁ་པར་ནང་དུ་དིང་རི་ས་འགུལ་ཞིག།བྱུང་བའི་གསར་འགྱུར་རོབ་ཙམ་བལྟས་ཙ་ན།།རིམ་པ་དྲུག་དང་ཚེག་བརྒྱད་ཅན་བྱུང་འདུག།ཡང་ཡང་ཉུལ་ཞིང་ཞིབ་ཏུ་བལྟས་ཙ་ན།།ཆུ་ཚོད་དགུ་དང་སྐར་མ་ལྔ་ཡི་ཐོག།ས་འགུལ་དེ་ཡིས་མི་གྲངས་གོ་ལྔ་ཙམ།།ཕྱི་མ་སྐྱེལ་ཞིང་མི་གྲངས་བརྒྱ་སུམ་ཅུ།།རྨས་སྐྱོན་གཏོང་ཞིང་དུད་ཚང་སུམ་སྟོང་གི།ཁང་པ་ཐམས་ཅད་གཏོར་སྐྱོན་ཚབ་ཆེན་ཕོག།བསམ་ཞིང་བསམ་ན་སྙིང་རླུང་སྟོད་ནས་འཚང་།།འདུས་བྱས་ཆོས་ལ་རྟག་བརྟན་མེད་དོ་ཞེས།།སངས་རྒྱས་གསུང་ལ་བསླུ་བ་ཅི་ལ་མཆིས།།འཁོར་བའི་རང་མཚང་ཕྱི་རུ་མངོན་པ་ཞེས།།འདི་འདྲ་ལས་གཞན་ཅི་ཞིག་མངོན་དུ་ཡོད།།རང་གཞན་རྟག་འཛིན་བློ་ཡིས་བསླད་པས་ན།།འདི་འདྲ་འབྱུང་བའི་ངང་ཚུལ་སྐྱེས་བྱུང་ངམ།།ཁ་སང་བདེ་སྐྱིད་དགོད་སྒྲས་ཁེངས་ན་ཡང་།།དེ་རིང་ངུ་ཅོས་ལུང་པ་ཁེངས་འདིར་ཅི།།བརྩེགས་པའི་མཁར་དང་བརྡུང་བའི་གྱོང་ཁང་དག།ཐོལ་གྱིས་འགྱེལ་ནས་གྲམ་ཁྲོད་གྱུར་འདིས་སྐྱོ།།གསོག་པའི་རྒྱུ་ནོར་ཁང་པའི་འོག་ཏུ་ཚུད།།རྒན་བྱིས་མང་པོ་ཁང་ཞིག་བར་དུ་འཚིར།།དབུགས་ཀྱི་རྒྱུ་བ་ཆད་དང་མ་ཆད་ཙམ།།ཁང་རོ་སློག་པའི་བར་ནས་རྙེད་པ་དག།རྨས་མའི་ཁ་ལ་གསོན་པོས་ཁ་སྦྱར་ནས།།ཧལ་ཧལ་དབུགས་ཀྱི་རྒྱུ་བ་ཡོད་ཐབས་བརྩོན།།བྲང་དཀྱིལ་གནོན་ནས་སོས་པའི་ཐབས་ལ་འབད།།མལ་ས་དྲོན་མོ་ཞིག་རོ་ས་རྡོས་ཁེངས།།ཕྱི་ན་དགུན་གྱི་གྲང་བས་ལུས་པོ་འཁྱག།ནང་ན་སྐྱོ་བའི་སེམས་ཀྱི་ན་ཟུག་ཆེ།།དོ་དགོང་མཚན་མོ་སྐར་ཚོགས་འདར་བའི་ཁྲོད།།མཐོ་སྒང་གྲང་འཁྱག་ས་ཐོག་ཇི་ལྟར་ཉལ།།གཉིད་མ་ཁུག་ན་ནམ་ཐག་མི་རིང་ཨང་།།འཚོ་བའི་ཟས་ལ་ཞིག་རོའི་རྡུལ་གྱིས་སྦག།རྡིག་དང་ཇ་འགུལ་རྩིག་རྡོས་ལེབ་མོ་བྱས།།ལྕི་བ་བུད་ཤིང་གྱང་རོའི་གསེབ་ཏུ་ཚུད།།བཟའ་བཏུང་ཞིམ་པོའི་འཚོ་བ་ཇི་ལྟར་སྐྱེལ།།རླངས་འཁོར་འཕྲུལ་རྟ་ལོག་པའི་གྱང་རོས་བཅག།རྨས་མའི་ནད་པ་སྨན་ཁང་ཇི་ལྟར་སྐྱེལ།།གློ་བུར་ས་འགུལ་བྱུང་བ་འདི་ཡིས་ནི།།རང་བྱུང་ཁམས་ལ་ཡིད་རྟོན་མེད་པ་རྟོགས།།ཕྱུག་པོ་ཀླུ་དང་འདྲ་བ་མཆིས་ན་ཡང་།།དམའ་མོའི་སློང་མོ་བ་དང་ལྷན་ཅིག་ཏུ།།སྐྱ་མོའི་ཐང་ལ་ཆོ་ངེ་ལྷན་ཅིག་སྒྲོགས།།འཚོ་བའི་ཟས་ལ་ཡི་ག་འགག་དུས་འདིར།།འཚོ་བ་སྦྱར་བའི་གོང་རིམ་བཀའ་དྲིན་འོག།གཅིག་རྗེས་གཉིས་སུ་མཐུད་པའི་རླངས་འཁོར་དག།གུར་དང་བཟའ་བཅའ་འཁྱེར་མཁན་མང་པོ་འདུག།ཉེན་རྟོག་པ་དང་དམག་མི་ལ་སོགས་ཀྱིས།།གྱང་རོ་རྔོགས་ཤིང་རྨས་མ་ལེན་པ་སོགས།།ཐད་གཏོང་ནང་ནས་གསལ་ཐག་ཆོད་པ་མཐོང་།།
གསར་འགོད་པ་ཚོས་གནས་ཚུལ་བརྒྱུད་བསྒྲགས་བྱེད།།མདོ་འཛིན་པ་ཚོས་སེམས་གསོའི་དབུགས་དབྱུང་གནང་།།གང་དུ་དཀའ་ངལ་བྱུང་ན་དེར་ཐོན་པའི།།བྱང་ཆུབ་སེམས་མ་གྲགས་པ་མ་ཚོར་ཡང་།།དོན་ལ་བྱང་ཆུབ་སེམས་མ་གནས་པ་ཡི།།ཆབ་མདོའི་ཡུལ་ནས་འཁྲུངས་པའི་ཧོན་ཤང་ཞེས།།ཤ་རྒྱགས་ཕོ་དང་འདྲ་བ་ཁྱོད་རང་ཐོན།།རྒུད་སྐྱོབ་གནང་ཞིང་སྐྱོ་བའི་སེམས་གསོ་དེས།།ངལ་གསོའི་དབུགས་ཤིག་དབྱུང་བ་གོར་མ་ཆག།གོས་དམར་བཀླུབས་པའི་སྟོན་པའི་རྗེས་འཇུག་འགས།།ཞིག་རོའི་གསེབ་ནས་ཕུང་པོ་ལེན་པ་མཐོང་།།ད་ནི་དུས་ངན་ནང་ནས་དུས་ངན་ཞིག།གོ་ལའི་ཏོག་ན་ལོ་ཟླའི་དུས་ཚོད་ནང་།།རང་རྒྱལ་གཞན་ཕམ་འཐབ་འཁྲུགས་རྒྱུན་མ་ཆད།།དཔལ་འབྱོར་འཚོ་བའི་ཆ་རྐྱེན་ཇེ་ཞན་སོང་།།ཚོང་དང་ཁེ་བསྐྱེད་ཐོབ་པ་ཇེ་ཉུང་སོང་།།གཅིག་གིས་གཅིག་ལ་ཡིད་ཆེས་ཇེ་ཞན་སོང་།།ཆགས་སྡང་རྨོངས་པས་ལས་ངན་ཇེ་སྒྲུབ་སོང་།།ལུས་བདེ་སེམས་སྐྱིད་ཡོད་པ་ཇེ་ཉུང་སོང་།།ལྷ་དང་བླ་མ་དད་པ་ཇེ་ཆུང་སོང་།།ལས་འབྲས་ཡིད་ཆེས་ཡོད་པ་ཇེ་ཆུང་སོང་།།རྣལ་མའི་དགེ་བ་སྒྲུབ་མཁན་ཇེ་ཉུང་སོང་།།ལུས་སེམས་སྡུག་གིས་གཟིར་མཁན་ཇེ་མང་སོང་།།ནད་ངན་དུག་གིས་གཟིར་བ་ཇེ་མང་སོང་།།སྨན་ཡོན་དངུལ་གྱིས་ཕོངས་པ་ཇེ་མང་སོང་། བླ་མ་དཀོན་མཆོག་གསུམ་གྱིས་ཐུགས་རྗེས་གཟིགས།།སྐྱབས་དང་རེ་ས་གཞན་ཞིག་མ་མཆིས་པས།།མྱུར་དུ་འཛམ་གླིང་ཞི་བདེའི་དཔལ་དུ་བསྒྱུར།།སེམས་ཅན་ཡོངས་ལ་བདེ་ཞིང་སྐྱིད་པར་བསྐྲུན།།རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པར་མཛོད།།དཀར་ཕྱོགས་དབུ་འཕང་བསྟོད་ཅིག་དཀོན་མཆོག་མཁྱེན།།
སྡེ་དགེ་བཤད་གྲྭ་རུ་དོན་ཀུན་གྲུབ་པས་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དོད་དུ་གང་དྲན་འཕྲལ་དུ་བྲིས་ཏེ་ཕུལ་བའོ།། །།
དཔལ་ས་སྐྱའི་འཇིགས་བྲལ་བདག་ཆེན་ངག་དབང་ཀུན་དགའ་བསོད་ནམས་དཔལ་བཟང་པོ་མཆོག་གི་རྣམ་ཐར
དཔེ་ཝར་རྡོ་རྗེ་འཆང་གི་གདུང་འབོད།
༸ཀླུ་ལྡིང་མཁན་ཆེན་གསུང་། དགེ་འདུན་པའི་བཅའ་ཡིག་ལ་མྱུར་དུ་གཟིགས།
སྒྲོལ་མ་ཉེར་གཅིག་གི་ཆོས་དབྱངས་གསར་པ། ལེན་མཁན་ཀུན་བཟང་རྡོ་རྗེ། རྫོང་སར་༸མཁྱེན་བརྩེས་ཞལ་བཀོད་མཛད་པའི་སྒྲོལ་མ་ཉེར་གཅིག 二十一度母 བསྟོད་པའི་རྒྱལ་པོའི་རྒྱུད་ཕྱག་འཚལ་ཉེར་གཅིག་གི་བསྟོད། 二十一度母赞文 སངས་རྒྱས་སྨན་བླའི་དུས་ཆེན། 药师佛吉日 པཎ་ཆེན་ཤཱཀྱ་མཆོག་ལྡན་དང་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གཉིས་ཀྱི་རྩོད་པ་རྩོད་ལན་ཁག་གཅིག གྲུབ་ཆེན་བརྒྱད་བཅུའི་སྐུ་པར་ཆ་ཚང་བཞུགས་སོ། ། བོད་ཀྱི་བཙུན་མ་ཐོག་མ་སུ་ཡིན་ནམ སྔོ་ཚོད་དང་སིལ་ཏོག་གི་ཕན་ནུས། སྡུག་བསྔལ་གྱི་ཡོན་ཏན་ལྔ། 痛苦具有五种功德
དཔེ་ཝར་མཆོག་སྤྲུལ་གྱི་བཞེངས་གསོལ་བསྐུལ་བ།
དཔེ་ཝར་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས། རབ་བརྟན་མཁན་དགེ་ལེགས།
རྩོམ་ཁུངས།
འཕྲིན་སྟེགས།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་།
སྒྲིག་སྦྱོར།
དཔལ་ས་སྐྱའི་གཞན་ཕན་ཕུན་ཚོགས་གླིང་རྩོམ་སྒྲིག་ཁང་།
སྤེལ་གཏོང་འགན་འཛིན་པ།
བྱང་ཆུབ་ཀུན་དགའ་བསྟན་པ།