འཇམ་དཔལ་བདེ་བའི་ཉི་མ་གསུང་ཆོས་པར་བསྐྲུན་འགྲེམ་བརྡ།

文摘   2024-10-22 08:08   四川  





གསུང་བཤད་གནང་མཁན།
མཁན་པོ་བློ་བཟང་ཚེ་དབང་།

གསུང་བཤད་ནང་དོན།
འཇམ་དཔལ་བདེ་བའི་ཉི་མ་དང་ཁོང་གི་གསུང་ཆོས་ངོ་སྤྲོད་མདོར་བསྡུས།



     

       

དེབ་གསར་འགྲེམ་བརྡ། 


      དགོན་པའི་མཛོད་ཁང་དུ་ཉར་ཚགས་བྱས་ཡོད་པའི་«ཨ་བསྭེ་ཀླུ་མོ་རབ་དམ་པ་གོང་མའི་གསུང་ཆོས་»ནི་རབ་ཏུ་མང་པོ་མཆིས་ལ། དུས་འགྱུར་གྱི་ཁྲོད་དུ་གསུང་རབ་པར་ཤིང་དང་བཅས་པ་རྨེག་མེད་ལ་ཕྱིན་པ་དེ་བས་ཀྱང་མང་ཚོད་གདའ། སྔོན་བྱོན་དམ་པ་གོང་མའི་གསུང་གི་མཛད་པ་བྱིན་ཆེ་ལ་བརྗིད་ཆགས་པ་ཕལ་མོ་ཆེ། ད་ལྟར་ད་དུང་གླེགས་བམ་གྱི་གསེབ་ཏུ་གཟིམ་བཞིན་པའི་སྣང་བརྙན་མངོན་བཞིན་འདུག་པས། དེར་བརྟེན་ད་ལན་དཔར་བསྐྲུན་གྱི་འཆར་གཞི་ལས་གཞུང་འདི་དག་ཡིག་གཏགས་དང་ཞུས་དག་ལེགས་པར་བྱས་ནས། བློ་གསལ་དོན་གཉེར་ཅན་གྱི་ཀློག་པ་པོ་ཚོའི་སྤྱན་ལམ་དུ་ཕུལ་བ་ཡིན། སླད་མར་ཡང་གསུང་ཆོས་དག་རིམ་པས་པར་བསྐྲུན་གྱི་ལས་འཆར་གཏན་འཁེལ་བྱས་ཡོད།ཞུས་དག་སྐབས་མ་དཔེ་ལ་བསྡུར་རྒྱུ་དེ་གཙོ་བོར་བཞག་ནས། མ་དཔེ་དང་བུ་ཡིག་ཉུང་མཐའ་ཡང་ཐེངས་བདུན་རེ་ཞིབ་བསྡུར་བྱས་ཡོད་ལ། མ་ཕྱི་དཔེ་རྙིང་དུ་ཚིག་ཕྲད་དག་དེང་གི་འབྲི་ཚུལ་དང་ཅུང་མི་མཐུན་པར་བྲིས་འདུག་ནའང་། འཇང་བཀའ་འགྱུར་སོགས་སུ་དེ་ལྟར་བྲིས་འདུག་པས་མ་བཅོས་པར་མ་དཔེ་ལྟར་རང་སོར་བཞག་ཡོད། མ་ཕྱིའི་དཔེ་རྙིང་དུ་རྩ་བ་དྲང་མ་ཐག་ཞེས་སོགས་པས་དང་ཞེས་པས། ཞེས་པས་བསྟན་ཏེ་ཞེས་། གཞུང་ཚིག་དག་སྦྲེལ་ཡོད་ནའང་ཞེས་པས་བསྟན་ཏེ་ཞེས་གཅིག་གྱུར་ཏུ་བཏང་བ་དང་། གཟིགས་བདེ་བའི་ཕྱིར་ས་བཅད་འགངས་ཆེན་དག་ཁོལ་དུ་ཕྱུང་ནས་བསྒྲིགས་པ་ལས། གཞན་ཚིག་དོན་གཉིས་ཆར་བཟོ་བཅོས་གང་ཡང་བྱས་མེད། མདོར་ན། ཞུས་དག་དང་སྒྲིག་རིམ་སོགས་ངེད་ཅག་གི་ཚོད་ཀྱིས་གཟབ་ནན་བགྱིས་པའི་ཚུལ་དུ་ལགས་མོད། ད་དུང་ནོར་འཛོལ་གྱི་ཆ་ཅི་རིགས་ཡོད་ངེས་པས། ཀློག་མཁན་མཁྱེན་ལྡན་དག་གིས་དགོངས་འཆར་ལྷུག་པོར་གནང་རོགས་ཞེས་སྙིང་ནས་ཞུ་བ་ལགས་སོ།།



ཞེས་དཔེ་སྒྲིག་ཚོ་ཆུང་ནས་ཤིང་འབྲུག་ལོའི་ཟླ་༨ པའི་ཚེས་༡༩ ལའོ།།

2024.10. 21


           སྡོམ་གསུམ་རྣམ་ངེས་ཀྱི་དཀའ་འགྲེལ་གྱི་ཁྱད་པར་ནི། རྩ་བ་དག་མཐར་ཆགས་ཀྱིས་བཀྲལ་བ་ལ་སྤྱི་དོན་རྒྱས་བཤད་འབྱུང་བ་དང་། གལ་གནད་ཆེ་བའི་སྐབས་མཐའ་དཔྱོད་ཀྱིས་གཏན་ལ་ཕབ་པས་དོན་གྱིས་སྡོམ་གསུམ་རྣམ་ངེས་ཀྱི་དཀའ་འགྲེལ་ཡིན་པ་ལྟར་སྨོས་ཀྱང་ཅི། སྡོམ་འགྲེལ་དཔག་བསམ་སྙེ་མའི་དཀའ་འགྲེལ་ལྟ་བུ་ཞིག་ཏུའང་གྱུར་འདུག 

      གཞུང་འདིའི་ཁྱད་པར་ནི། འདུལ་བ་མེ་ཏོག་ཕྲེང་རྒྱུད་ཀྱི་ཚིག་དོན་རྣམས་འབྲུ་འགྲེལ་མཐར་ཆགས་ཀྱིས་འཆད་པ་ལ་སྤྱི་དོན་གྱིས་མཐའ་བརྒྱན་པ། གལ་འགངས་ཆེན་པོའི་སྐབས་ལ་ལར་མཐའ་དཔྱོད་ཀྱིས་གཏན་ལ་ཕབ་པ་དང་། བཅས་པ་སོ་སོ་བསྟན་པའི་སྐབས་གླེང་གཞི་ཡང་མང་ཙམ་འབྱུང་བ་ཞིག


ཕྱག་དཔེ་མངགས་ཉོ་བྱ་ཡུལ། 


པདྨ་རིན་ཆེན།   འཕྲིན་ཕྲན།RB1376990

དཀོན་མཆོག་རྒྱལ་མཚན།  འཕྲིན་ཕྲན།A2692731322

ཆོས་བཟང་རྒྱ་མཚོ།   འཕྲིན་ཕྲན། Chibzng



སྤྱི་སྟེགས་གསལ་བཤད།


ཕྲིན་སྟེགས་འདི་རུ་སྔ་འགྱུར་རྙིང་མའི་མཁས་གྲུབ་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱིས་གསུངས་པའི་ཆོས་ཚན་ཁག་དང་།  སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལས་རིམ། དེ་བཞིན་ཚན་ཆུང་གིས་ཆེད་ཞུས་མཁས་དབང་གང་མང་གི་གསུང་བཤད།   སྔ་འགྱུར་རང་ལུགས་ཀྱི་གཞུང་ཆེན་ཁག་དང་ལྟ་གྲུབ་འཛིན་མཚམས་སོགས་ལས་འཕྲོས་པའི་དཔྱད་རྩོམ་དང་།  དེ་བཞིན་རིག་འཛིན་གོང་མ་རྣམས་ཀྱི་རྣམ་ཐར་རྗེས་དྲན་སོགས་ཆེད་སྤེལ་བྱེད་སྤེལ་ཞུས་ཡོད་པས་གསན་གཟིགས་གནང་བར་མཆོག་ཏུ་དགེའོ་ཞུ། གཞན་ཡང་འདིར་བཀོད་པའི་གསུང་བཤད་དང་དཔྱད་རྩོམ་སོགས་ཀྱི་ནང་དོན་རྣམས།   རྩོམ་པ་པོ་དང་གསུང་བཤད་གནང་མཁན་མི་སྒེར་གྱི་ལྟ་བ་ཡིན་པ་ལས།  ངེད་སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལྟ་བ་ཡིན་པའི་ངེས་པ་མེད་ཞུ།   

བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ།།

ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས།།

མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ།།

མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།


宁玛巴
公众号宁玛巴
 最新文章