རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཉུང་བསྡུས་ཙམ་བརྗོད་པ།

文摘   2024-11-03 12:09   新加坡  




ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། །

དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །

འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །

འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །


གསུང་བཤད་གནང་མཁན།
མཁན་པོ་ཚེ་རིང་བློ་ལྡན།

གསུང་བཤད་ནང་དོན།
རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཉུང་བསྡུས་ཙམ་བརྗོད་པ།



       



      དེ་ཡང་བོད་རབ་རྒྱན་ཁྲོ་མོ་ཤིང་འབྲུག་ལོའི་དབྱུ་གུ་ཟླ་བའི་ཚེས་གསུམ་སྟེ།   ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་གཟུགས་སྐུའི་སྤྲོས་པ་གདོད་མའི་གཞི་དབྱིངས་སུ་ཉེ་བར་བསྡུས་ནས་བགྲང་བྱ་ཉིས་བརྒྱ་ཉེར་དྲུག་ལོན་པའི་རྗེས་དྲན་གྱི་དུས་ཚེས་ཁྱད་པར་ཅན་དང་འབྲེལ།  སྔ་འགྱུར་རྙིང་མའི་དྲྭ་ཚོམས་སུ་བོད་ཟླ་དགུ་པའི་ཚེས་གཉིས་ཉིན་དཔལ་ཡུལ་མཁན་པོ་ཚེ་རིང་བློ་ལྡན་ལགས་ཀྱིས༼རིག་འཛིན་འཇིགས་མེད་གླིང་པའི་རྣམ་ཐར་ཉུང་བསྡུས་ཙམ་བརྗོད་པ།༽ཞེས་པའི་ཞལ་བྱང་དང་འབྲེལ་ནས་རྗེས་དྲན་གསུང་བཤད་གནང་བའི་སྒྲ་ཟིན།


མཁན་རིན་པོ་ཆེ་ཨ་བློ་ནི། 

དཔལ་ཡུལ་སྔ་འགྱུར་མཐོ་སློབ་མདོ་སྔགས་ཐོས་བསམ་དར་རྒྱས་གླིང་དུ་འཛིན་གྲྭ་རིམ་བགྲོད་ཀྱི་སློབ་མཐར་ཕྱིན་ཅིང་། གདན་ས་དེ་ཉིད་དུ་ལོ་མང་རིང་སློབ་ཁྲིད་མཛད་པ་མ་ཟད། ཕྱོགས་ཀྱི་དགོན་སྡེ་དག་གི་རེ་ཞུ་དང་། དཔལ་ཡུལ་སྔ་འགྱུར་མཐོ་སློབ་ཆེན་མོའི་རྒྱུན་ལས་ཀྱི་བཀའ་བཀོད་གཞི་བཟུང་ནས།   སྔ་འགྱུར་བའི་གདན་ས་དབུས་ཐུབ་བསྟན་རྡོ་རྗེ་བྲག་དང་། ནང་ཆེན་ར་ཡ་དགའ་ཚལ་གླིང་། ཉག་རོང་གཟུར་ལྷ་འབུམ་དགོན། ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་དབེན་གནས་ལྷོ་བྲག་མཁར་ཆུ་དང་། རང་དགོན་ལུང་རྟོགས་ཕུན་ཚོགས་གླིང་གི་མཚོན་དགོན་སྡེ་དུ་མར་སློབ་གཉེར་བ་རྣམས་ལ་ཆོས་ཁྲིད་བྱེད་དེ་བསྟན་པའི་སྲི་ཞུ་སྒྲུབ་བཞིན་པ་ལགས་སོ།།





སྤྱི་སྟེགས་གསལ་བཤད།


ཕྲིན་སྟེགས་འདི་རུ་སྔ་འགྱུར་རྙིང་མའི་མཁས་གྲུབ་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱིས་གསུངས་པའི་ཆོས་ཚན་ཁག་དང་།  སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལས་རིམ། དེ་བཞིན་ཚན་ཆུང་གིས་ཆེད་ཞུས་མཁས་དབང་གང་མང་གི་གསུང་བཤད།   སྔ་འགྱུར་རང་ལུགས་ཀྱི་གཞུང་ཆེན་ཁག་དང་ལྟ་གྲུབ་འཛིན་མཚམས་སོགས་ལས་འཕྲོས་པའི་དཔྱད་རྩོམ་དང་།  དེ་བཞིན་རིག་འཛིན་གོང་མ་རྣམས་ཀྱི་རྣམ་ཐར་རྗེས་དྲན་སོགས་ཆེད་སྤེལ་བྱེད་སྤེལ་ཞུས་ཡོད་པས་གསན་གཟིགས་གནང་བར་མཆོག་ཏུ་དགེའོ་ཞུ། གཞན་ཡང་འདིར་བཀོད་པའི་གསུང་བཤད་དང་དཔྱད་རྩོམ་སོགས་ཀྱི་ནང་དོན་རྣམས།   རྩོམ་པ་པོ་དང་གསུང་བཤད་གནང་མཁན་མི་སྒེར་གྱི་ལྟ་བ་ཡིན་པ་ལས།  ངེད་སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལྟ་བ་ཡིན་པའི་ངེས་པ་མེད་ཞུ།   

བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ།།

ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས།།

མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ།།

མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

宁玛巴
公众号宁玛巴
 最新文章