རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དང་འབྲེལ་བའི་གཏམ།༽

文摘   2024-11-02 19:00   四川  




ཤེས་བྱ་ཀུན་མཁྱེན་འགྲོ་ལ་རྗེས་བརྩེའི་གཏེར། །

དྲི་མེད་འོད་ཟེར་ཡང་སྤྲུལ་ཐུགས་གཏེར་མཛོད། །

འོད་གསལ་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ། །

འཇིགས་མེད་གླིང་པའི་ཞབས་ལ་གསོལ་བ་འདེབས། །


གསུང་བཤད་གནང་མཁན།
མཁན་པོ་ཕུར་བ་འཕྲིན་ལས།

གསུང་བཤད་ནང་དོན།
རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དང་འབྲེལ་བའི་གཏམ།





       དེ་ཡང་བོད་རབ་རྒྱན་ཁྲོ་མོ་ཤིང་འབྲུག་ལོའི་དབྱུ་གུ་ཟླ་བའི་ཚེས་གསུམ་སྟེ།   ཀུན་མཁྱེན་རིག་འཛིན་འཇིགས་མེད་གླིང་པའི་གཟུགས་སྐུའི་སྤྲོས་པ་གདོད་མའི་གཞི་དབྱིངས་སུ་ཉེ་བར་བསྡུས་ནས་བགྲང་བྱ་ཉིས་བརྒྱ་ཉེར་དྲུག་ལོན་པའི་རྗེས་དྲན་གྱི་དུས་ཚེས་ཁྱད་པར་ཅན་དང་འབྲེལ།  སྔ་འགྱུར་རྙིང་མའི་དྲྭ་ཚོམས་སུ་བོད་ཟླ་དགུ་པའི་ཚེས་གཅིག་ཉིན་རྫ་རྒྱལ་དགོན་གྱི་མཁན་པོ་ཕུར་བ་འཕྲིན་ལས་ལགས་ཀྱིས༼རིག་འཛིན་འཇིགས་མེད་གླིང་པའི་འདས་མཆོད་དང་འབྲེལ་བའི་གཏམ།༽ཞེས་པའི་ཞལ་བྱང་དང་འབྲེལ་ནས་རྗེས་དྲན་གསུང་བཤད་གནང་བའི་སྒྲ་ཟིན།


མཁན་པོ་ཕུར་བ་འཕྲིན་ལས།


རྫ་རྒྱལ་དགོན་གྱི་མཁན་པོ་ཕུར་བ་འཕྲིན་ལས་ནི་སྤྱི་ལོ་༡༩༨༨ལོར་ཁམས་བྱང་སྡེ་ཉི་མ་རྫ་ཆུ་ཁ་བའི་སའི་ཆར་གཏོགས་པའི་དགེ་རྩེ་ཁྲོམ་རྫ་གོང་མ་རུ་སྐྱེས།  རང་ལོ་བཅུ་གཅིག་ཐོག་རང་དགོན་གྱི་མཁན་ཡོན་ཏན་བློ་གྲོས་དགེ་རྒན་ཉིད་དུ་བསྟེན་ནས་ཀློག་སློབ་པའི་དབུ་བཟུང་།  དེའི་རྗེས་རང་ལོ་བཅུ་གསུམ་ཐོག་རང་དགོན་གྱི་མཁན་ཆེན་དམ་པ་འབུམ་པ་རྡོ་རྗེ་འཆང་གི་སྐུ་དྲུང་ནས་རབ་ཏུ་བྱུང་།      རང་ལོ་བཅོ་ལྔའི་ཐོག་སྔ་འགྱུར་ཨ་རིག་བཤད་གྲྭར་གྲྭ་སར་ཕེབས།     རང་ལོ་བཅོ་ལྔ་ནས་མི་ལོ་ཧྲིལ་བོ་བརྒྱད་ཀྱི་རིང་དུ་གསེར་རྟ་བླ་རུང་ལྔ་རིགས་ནང་བསྟན་སློབ་གླིང་ནས་གཞུང་བཀའ་པོད་ལྔ་སོགས་ནང་བསྟན་རིགས་གཞུང་ལ་སྦྱང་བ་བྱས་ནས་མི་ལོ་དུ་མར་སྐྱོར་དཔོན་གྱི་འགན་ཁུར།    རྗེས་སུ་ལོ་གཉིས་ཀྱི་རང་ལ་རྫ་སེར་ཤུལ་དགོན་ནས་ཕར་ཕྱིན་གྱི་གཞུང་ལ་ཐོས་བརྩོན་བྱས།  དེ་ནས་རང་ལོ་ཉེར་ལྔའི་ཐོག་རང་དགོན་གྱི་བསྟན་པ་ཡོངས་ཀྱི་མངའ་བདག་རྫ་མཚམས་སྤྲུལ་ཨོ་རྒྱན་མགོན་པོ་དང་།    མཁན་སྤྲུལ་བསྟན་འཛིན་ཆོས་མཆོག    མཆོག་སྤྲུལ་གསལ་བཤད་གསུམ་གྱི་གཙོས་ལས་འཛིན་ཡོངས་ཀྱི་རེ་བ་བཞིན་རང་དགོན་གྱི་བཤད་གྲྭའི་མཁན་པོའི་འགན་ཁུར་ནས་མི་ལོ་བཅུ་གཉིས་ཙམ་ཟིན།    སྐབས་དེར་མི་ལོ་གསུམ་གྱི་རིང་དུ་ཁམས་བྱང་སྡེ་ཉི་མ་རྫ་ཆུ་ཁའི་སྔ་འགྱུར་རྒྱལ་བསྟན་དར་སྤེལ་གྱི་རྒྱུན་ལས་མི་སྣའི་འགན་ཁུར།    ད་ལྟ་སྔ་འགྱུར་རྫ་རྒྱལ་དགོན་གྱི་སློབ་སྤྱིའི་འགན་ཁུར་ཏེ་སྔ་འགྱུར་རྙིང་མའི་བསྟན་པ་ལ་སྲི་ཞུ་ཅུང་ཙམ་རེ་འགྲུབ་པའི་སྨོན་འདུན་དང་བཅས་གནས་སོ།།



སྤྱི་སྟེགས་གསལ་བཤད།


ཕྲིན་སྟེགས་འདི་རུ་སྔ་འགྱུར་རྙིང་མའི་མཁས་གྲུབ་སྐྱེས་ཆེན་གསེར་རིའི་ཕྲེང་བ་ལྟ་བུ་རྣམས་ཀྱིས་གསུངས་པའི་ཆོས་ཚན་ཁག་དང་།  སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལས་རིམ། དེ་བཞིན་ཚན་ཆུང་གིས་ཆེད་ཞུས་མཁས་དབང་གང་མང་གི་གསུང་བཤད།   སྔ་འགྱུར་རང་ལུགས་ཀྱི་གཞུང་ཆེན་ཁག་དང་ལྟ་གྲུབ་འཛིན་མཚམས་སོགས་ལས་འཕྲོས་པའི་དཔྱད་རྩོམ་དང་།  དེ་བཞིན་རིག་འཛིན་གོང་མ་རྣམས་ཀྱི་རྣམ་ཐར་རྗེས་དྲན་སོགས་ཆེད་སྤེལ་བྱེད་སྤེལ་ཞུས་ཡོད་པས་གསན་གཟིགས་གནང་བར་མཆོག་ཏུ་དགེའོ་ཞུ། གཞན་ཡང་འདིར་བཀོད་པའི་གསུང་བཤད་དང་དཔྱད་རྩོམ་སོགས་ཀྱི་ནང་དོན་རྣམས།   རྩོམ་པ་པོ་དང་གསུང་བཤད་གནང་མཁན་མི་སྒེར་གྱི་ལྟ་བ་ཡིན་པ་ལས།  ངེད་སྔ་འགྱུར་ཞབས་ཞུ་ཚན་ཆུང་གི་ལྟ་བ་ཡིན་པའི་ངེས་པ་མེད་ཞུ།   

བདེན་གསུང་བཀའ་ཡི་རྒྱ་མཚོ་ཆེན་པོ་ལ།།

ཟབ་མོའི་ཆོས་གཏེར་ནོར་བུས་མངོན་པར་མཛེས།།

མདོ་དང་སྔགས་ཀྱི་ལམ་བཟང་ཟུང་དུ་འབྲེལ།།

མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།

宁玛巴
公众号宁玛巴
 最新文章