ཤུལ་བཞག་རྒྱུ་དངོས་དོ་དམ་བྱེད་འགན་སུས་འཁུར་དགོས།

文摘   2025-01-19 07:55   西藏  

ཤུལ་བཞག་རྒྱུ་དངོས་དོ་དམ་བྱེད་འགན་སུས་འཁུར་དགོས།


རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1145དང1146པའི་གཏན་འཁེལ་ལྟར་ན། ཤུལ་འཛིན་བྱེད་མགོ་ཚུགས་རྗེས་ཁ་ཆེམས་ལག་བསྟར་བྱེད་མཁན་ནི་ཤུལ་བཞག་རྒྱུ་དངོས་དོ་དམ་བྱེད་མཁན་ཡིན་པ་དང་། ཁ་ཆེམས་ལག་བསྟར་བྱེད་མཁན་མེད་ན་ཤུལ་འཛིན་པ་ཚོས་དུས་ཐོག་ཏུ་ཤུལ་བཞག་རྒྱུ་དངོས་དོ་དམ་བྱེད་མཁན་འདེམ་སྒྲུག་བྱ་དགོས་ཤིང་། ཤུལ་འཛིན་པས་འདེམ་སྒྲུག་མ་བྱས་ན་ཤུལ་འཛིན་པས་ཐུན་མོང་དུ་ཤུལ་བཞག་རྒྱུ་དངོས་དོ་དམ་བྱེད་འགན་འཁུར་རྒྱུ་དང་། ཤུལ་འཛིན་པ་མེད་པའམ་ཤུལ་འཛིན་པ་ཚང་མས་ཤུལ་འཛིན་མ་བྱས་ན། ཤུལ་འཇོག་མཁན་འཚོ་བཞུགས་སྐབས་སྡོད་སའི་དམངས་སྲིད་སྡེ་ཁག་གམ་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ཤུལ་བཞག་རྒྱུ་དངོས་དོ་དམ་བྱེད་འགན་འཁུར་དགོས། ཤུལ་དངོས་དོ་དམ་པ་གཏན་འཁེལ་བྱ་བར་རྩོད་གཞི་ཡོད་པའི་རིགས་ལ། ཁེ་གྱོང་གི་འབྲེལ་ཡོད་མིས་མི་དམངས་ཁྲིམས་ཁང་ལ་ཤུལ་དངོས་དོ་དམ་པ་དམིགས་འཛུགས་བྱ་རྒྱུའི་རེ་འདུན་ཞུས་ཆོག་ཅེས་བཀོད་ཡོད།

མཁའ་འབུམ་རྒྱལ་གྱིས་བསྒྱུར།


ལག་བསྟར་རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章