སློབ་རའི་དྲག་སྤྱོད་སྤེལ་མཁན་ལ་ཉེས་ཆད་ཇི་ལྟར་གཅད་དགོས།

文摘   2025-01-16 08:35   西藏  

སློབ་རའི་དྲག་སྤྱོད་སྤེལ་མཁན་ལ་ཉེས་ཆད་ཇི་ལྟར་གཅད་དགོས།


གྱོད་དཔེ།

2020ལོའི་ཟླ9པའི་ཚེས8ཉིན། ལོ16ལ་སོན་པའི་སློབ་གྲོགས་འཛོམས་སྐྱིད་ཀྱིས་འཛིན་གྲྭ་མི་གཅིག་པའི་སློབ་གྲོགས་གངས་སྒྲོན་གྱིས་རང་ཉིད་དང་གྲོགས་པོ་འགར་ལྐོག་ཏུ་སྡིགས་མོ་བྱེད་བཞིན་ཡོད་པ་ཐོས་རྗེས། གངས་སྒྲོན་ལ་བསམ་ཞིག་ཤེས་སུ་འཇོག་བསམས་ཏེ། ཟླ་དེའི་ཚེས11ཉིན་གྱི་ཕྱི་དྲོར་སློབ་གྲྭ་གྲོལ་རྗེས། འཛོམས་སྐྱིད་ཀྱིས་སློབ་གྲོགས་སྒྲོལ་མ་དང་གཡང་མཚོ། མཚོ་སྐྱིད། འབུམ་ཡག འབྲུག་འབུམ། རྡོ་རྗེ་སོགས་མི10ལྷག་བསྡུས་ཏེ་གངས་སྒྲོན་སྡེ་འདབས་ཀྱི་ནགས་གསེང་དུ་བོས་རྗེས། ཚང་མས་མཉམ་གཅིག་ཏུ་གངས་སྒྲོན་ལ་ལག་འགུལ་ནས་འགྲམ་ལྕག་གཞུས་པ་དང་སྐྲ་ཡིས་འཐེན་པ་སོགས་གཅར་རྡུང་ཚད་མེད་བྱས། སྐབས་དེར་སློབ་གྲོགས་མཚོ་སྐྱིད་དང་རྡོ་རྗེ་གཉིས་སྔ་གཞུག་བྱས་ནས་ཡུལ་དངོས་སུ་ཁ་བྲལ། དེ་ནས་ཅུང་མ་འགོར་བར། གཡང་མོ་དང་ཀླུ་མོ། གཡང་འཛིན་བཅས་ཡུལ་དངོས་སུ་ཐོན་མ་ཐག གཡང་མོས་གངས་སྒྲོན་ལ་འགྲམ་ལྕག་གཞུས་ནས་གཅར་རྡུང་བྱས་ཤིང་། དེའི་འཕྲོར་ཀླུ་མོ་དང་གཡང་འཛིན་གཉིས་ཀྱིས་ཀྱང་གངས་སྒྲོན་གྱི་དོར་མ་བཙན་གྱིས་ཕུད་དེ་མོའི་གསང་གནས་ལ་ལྕུག་ཕྲན་གྱིས་གཞུས་ནས་མནར་གཅོད་ཚད་མེད་བཏང་། སློབ་གྲོགས་སྐོར་ཞིག་གིས་གངས་སྒྲོན་ལ་མནར་གཅོད་གཏོང་བའི་བྱ་སྤྱོད་དག་པར་དང་བརྙན་བླངས་ནས་དྲ་ཐོག་ཏུ་བརྒྱུད་སྐུར་བྱས་པས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས།

བཅའ་ཁྲིམས་དབྱེ་ཞིབ།

ས་གནས་མི་དམངས་ཁྲིམས་ཁང་གིས་གྱོད་དོན་འདིར་འདྲི་གཅོད་བྱས་རྗེས། འཛོམས་སྐྱིད་དང་སྒྲོལ་མ། གཡང་མོ་དང་ཀླུ་མོ། གཡང་འཛིན་བཅས་མི་མང་མཉམ་རུབ་ཀྱིས་དྲག་ཤུགས་ཀྱི་བྱེད་ཐབས་ཐོག་ནས་བུད་མེད་ལ་བཙན་ཤེད་ཀྱིས་བརྙས་བཅོས་བྱས་པས། བྱ་སྤྱོད་དེའི་རིགས་ཚང་མ་བཙན་ཤེད་ཀྱིས་བརྙས་བཅོས་བྱས་པའི་ནག་ཉེས་སུ་གྲུབ་འདུག་སྙམ། འཛོམས་སྐྱིད་དང་སྒྲོལ་མ། གཡང་མོ་དང་ཀླུ་མོ། གཡང་འཛིན་བཅས་ཀྱིས་ནག་ཉེས་གསོག་སྐབས་ལོ18ལ་སོན་མེད་པའི་མི་ཡིན་ཞིང་། ཁོ་ཚོས་རང་འགུལ་གྱིས་རང་ཉེས་ངོས་ལེན་ཞུས་པར་མ་ཟད་རང་གི་ནག་ཉེས་ཡོད་ཚད་སྦ་གསང་མེད་པར་བཤད་ཅིང་། ཁོ་ཚོས་ཁྲིམས་རའི་འདྲི་གཅོད་ཁྲོད་རང་སྐྱོན་ཡོད་ཚད་ཁས་ལེན་བྱས། དོན་རྐྱེན་བྱུང་རྗེས། ཁོ་ཚོའི་ཁྱིམ་མིས་གནོད་འཚེ་ཕོག་མཁན་ལ་དཔལ་འབྱོར་ཐོག་ནས་སྐྱིན་ཚབ་སྤྲད་པར་མ་ཟད། གནོད་འཚེ་ཕོག་མཁན་གྱིས་གུ་ཡངས་ཀྱང་གནང་བ་རེད།

རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། འཛོམས་སྐྱིད་ཀྱིས་བཙན་ཤེད་ཀྱིས་བརྙས་བཅོས་བྱས་པའི་ནག་ཉེས་བསགས་པར་ཁས་ལེན་བྱས་པས། དུས་བཀག་བཙོན་འཇུག་ལོ1དང་ཟླ6གི་ཉེས་ཆད་གཅད་རྒྱུ་དང་། གཡང་མོས་བཙན་ཤེད་ཀྱིས་བརྙས་བཅོས་བྱས་པའི་ནག་ཉེས་ལ་དུས་བཀག་བཙོན་འཇུག་ལོ1དང་ཟླ4ཡི་ཉེས་ཆད་བཅད་པ་དང་། སྒྲོལ་མས་བཙན་ཤེད་ཀྱིས་བརྙས་བཅོས་བྱས་པའི་ནག་ཉེས་བསགས་པར་དུས་བཀག་བཙོན་འཇུག་ལོ1དང་ཉེས་ཆད་ཕྱིར་འགྱངས་བྱས་ནས་ལོ1གི་རྗེས་སུ་ལག་ཏུ་བསྟར་རྒྱུའི་ཉེས་ཆད་བཅད། ཀླུ་མོས་བཙན་ཤེད་ཀྱིས་བརྙས་བཅོས་བྱས་པའི་ནག་ཉེས་བསགས་པར་དུས་བཀག་བཙོན་འཇུག་ལོ1དང་ཉེས་ཆད་ཕྱིར་འགྱངས་བྱས་ནས་ལོ1གི་རྗེས་སུ་ལག་ཏུ་བསྟར་རྒྱུའི་ཉེས་ཆད་བཅད་པ་དང་། གཡང་འཛིན་གྱིས་བཙན་ཤེད་ཀྱིས་བརྙས་བཅོས་བྱས་པའི་ནག་ཉེས་བསགས་པར་དུས་བཀག་བཙོན་འཇུག་ལོ2དང་ཉེས་ཆད་ཕྱིར་འགྱངས་བྱས་ནས་ལོ2ཀྱི་རྗེས་སུ་ལག་ཏུ་བསྟར་རྒྱུའི་ཉེས་ཆད་བཅད། དཔྱད་མཚམས་ཁྱབ་བསྒྲགས་བྱས་རྗེས་གོང་གཏུག་དང་བསྐྱར་གཅོད་བྱ་དགོས་པའི་རེ་ཞུ་འདོན་མཁན་གཅིག་ཀྱང་མེད་པར་མ་ཟད་དཔྱད་མཚམས་ལ་བཅའ་ཁྲིམས་ཀྱི་ནུས་པ་ཐོན་ཡོད།


ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章