དཀྲོག་གཏམ་གང་སར་སྤེལ་ན་མཇུག་འབྲས་འདི་རེད།
དྲ་རྒྱའི་ཁོར་ཡུག་གཙང་འགྱུར་ནུས་ལྡན་དང་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱ་ཆེད། ལྷ་སའི་སྤྱི་བདེ་དྲ་རྒྱའི་བདེ་འཇགས་སྡེ་ཚན་གྱིས་ཁྲིམས་ལྟར་དྲ་རྒྱར་བཅོས་སྐྱོང་བྱས་ཏེ། འཆམ་མཐུན་གྱི་དྲ་རྒྱའི་ཁོར་ཡུག་སྲུང་སྐྱོང་ཏན་ཏིག་བྱས་པ་རེད། ལྷ་སའི་དྲ་དམངས་ཤིག་གིས་ཉེ་ཆར་དྲ་རྒྱའི་སྟེགས་བུའི་ཐོག་དིང་རིའི་ས་ཡོམ་གྱི་ཡོམ་འགོག་གེགས་སེལ་གྱི་བྱམས་སེམས་མི་སྣའི་ཞལ་འདེབས་མ་དངུལ་དང་དངོས་རྫས་ཞལ་འདེབས་ལ་དམའ་འབེབས་བྱེད་པའི་ཚུལ་མིན་གཏམ་བརྗོད་སྤེལ་ནས་སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་བཟོས་ཡོད། ལྷ་སའི་དྲ་རྒྱའི་ཉེན་རྟོག་པས་དྲ་འཕྲིན་སྡེ་ཚན་དང་མཉམ་དུ་ཁྲིམས་ལྟར་དྲ་དམངས་དེར་སྐོང་འདྲི་བྱས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད་པར་མ་ཟད། མི་དེའི་དྲ་རྒྱའི་ཨང་གྲངས་ཀྱང་མེད་པར་བཟོས་པ་རེད།
དྲ་བའི་ཉེན་རྟོག་པས་རྒྱ་ཆེའི་དྲ་དམངས་ཀྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ནན་པོ་ཞུས་ནས། དྲ་རྒྱའི་སྒྲིག་ལམ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་གང་ཞིག་ཡིན་རུང་། དེ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་འཁུར་དགོས་པར་དྲན་སྐུལ་བྱས་ཡོད།
为有效净化网络环境,全力保障人民群众合法权益,拉萨公安网安部门依法治理网络乱象,切实维护清朗和谐的网络空间环境。
近日,拉萨一网民在网络平台发布诋毁日喀则定日县抗震救灾爱心人士捐款捐物的不当言论,造成不良影响。拉萨网警会同网信部门联合执法,对该网民开展约谈,依据《中华人民共和国治安管理处罚法》相关规定对其依法予以行政处罚,并对其平台账号予以封停。
警方提醒:网络不是法外之地,对于在互联网发布不当言论、蓄意歪曲事实、违反公序良俗、故意扰乱网上公共秩序的违法犯罪行为,公安机关将坚决依法予以打击。
来源 | 拉萨网警
译文 | 阳光西藏