༼རྒྱལ་སྟོན་དགའ་བས་བསུ། སྟོབས་ལྡན་རྒྱལ་ཁབ་བསྐྱར་དར་ཡོང་བར་ང་རང་ཡོད༽ཅེས་པའི་སྐད་གཉིས་གྱེར་འདོན་གྱི་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་ཐོབ་མཁན་དང་བྱ་དགའ་ལེན་པའི་སྐོར་གྱི་སྤྱི་བསྒྲགས།༼རྒྱལ་སྟོན་དགའ་བས་བསུ། སྟོབས་ལྡན་རྒྱལ་ཁབ་བསྐྱར་དར་ཡོང་བར་ང་རང་ཡོད༽ཅེས་པའི་སྐད་གཉིས་གྱེར་འདོན་གྱི་འགྲན་བསྡུར་ཆེན་མོ་དེར་དཔྱད་འདེམས་ཨུ་ལྷན་གྱིས་ཞིབ་དཔྱད་བྱས་པ་དང་། དྲ་རྒྱའི་ཐོག་འདེམས་ཤོག་འཕངས་པ་བརྒྱུད། ཕུལ་དུ་བྱུང་བའི་བརྩམས་ཆོས་མང་པོ་ཞིག་ཐོན་ཡོད། དེས་ན་ང་ཚོས་སྤྲོ་བ་རབ་ཏུ་འཕེལ་བཞིན་ཚང་མར་ད་ཐེངས་ཀྱི་འགྲན་བསྡུར་ཆེན་མོའི་ཁྲོད་བྱ་དགའ་ཐོབ་མཁན་གྱི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུ་ཡིན།
གཅིག བྱ་དགའ་ཐོབ་པའི་མིང་ཐོ། ༡ རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཚོགས་ཆུང་། བྱ་དགའ་ཨང་དང་པོ་ཐོབ་མཁན། ༼ སྤེན་ཉི། ༽བྱ་དགའ་ཨང་གཉིས་པ་ཐོབ་མཁན། ༼ དཔལ་ཡོན། ༽ བྱ་དགའ་ཨང་གསུམ་པ་ཐོབ་མཁན། ༼ བྱ་རིམ་ཨང་གྲངས་༦༩༡༢ ༽༢ གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚོགས་ཆུང་། བྱ་དགའ་ཨང་དང་པོ་ཐོབ་མཁན། ༼ དཔལ་འབྱོར། ༽བྱ་དགའ་ཨང་གཉིས་པ་ཐོབ་མཁན། ༼རྒྱ་ལོད།༽ བྱ་དགའ་ཨང་གསུམ་པ་ཐོབ་མཁན། ༼ ཤེས་རབས། ༽ཕུལ་བྱུང་བྱ་དགའ་ཐོབ་མཁན། ༼ ལྷག་པ། དགུ་ལུས། མདོ་ཁམས་རྒྱལ། སྐལ་གཡང་སྐྱིད།༽
གཉིས་པ། བྱ་དགའ་ལེན་པའི་དུས་ཚོད། ༢༠༢༤ལོའི་ཟླ་༡༠ཚེས་༢༢ཉིན་ནས་༢༠༢༤ལོའི་ཟླ་༡༡ཚེས་༥ཉིན་བར། ལས་ཀའི་དུས་ཚོད༼སྔ་དྲོའི་ཆུ་ཚོད་༩:༣༠ནས་༡༣:༠༠དང་། ཆུ་ཚོད་༡༥:༣༠ནས་༡༨:༠༠བར༽
བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དྲ་སྦྲེལ་པུའི་གཞུང་ལས་ཁང་།
༡ བྱ་དགའ་ཐོབ་མཁན་གྱིས་གོང་གསལ་གྱི་བྱ་དགའ་ལེན་པའི་དུས་ཚོད་དང་ས་གནས་ལྟར་བྱ་དགའ་ལེན་པར་ཡོང་དགོས། བྱ་དགའ་ལེན་པའི་དུས་ཚོད་ལས་ཡོལ་ཚེ་རང་ཉིད་ཀྱིས་བྱ་དགའ་བློས་བཏང་བར་བརྩི་རྒྱུ། གལ་ཏེ་དམིགས་བསལ་གནས་ཚུལ་དབང་གིས་རང་ཉིད་དངོས་སུ་བྱ་དགའ་ལེན་པར་ཡོང་མ་ཐུབ་ཚེ་མི་གཞན་མངགས་ནས་ཚབ་ལེན་བྱེད་ཆོག༢ བྱ་དགའ་ཐོབ་མཁན་གྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་བྱ་དགའ་ལེན་པར་ཡོང་དགོས། ཚབ་ལེན་བྱེད་མཁན་གྱིས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་དང་། དེ་བཞིན་བྱ་དགའ་ཐོབ་མཁན་གྱིས་མངགས་པའི་མངག་ཡིག་དང་ཐོབ་ཐང་ལག་ཁྱེར་གྱི་པར་བཤུས་བཅས་འཁྱེར་ནས་ཡོང་དགོས། སླར་ཡང་བྱ་དགའ་ཐོབ་མཁན་གྱི་གྲོགས་པོ་ཚང་མར་བཀྲ་ཤིས་རྟེན་འབྲེལ་ཞུ། ཀློག་པ་པོ་ཚང་མས་ད་ཐེངས་ཀྱི་བྱེད་སྒོར་རྒྱབ་སྐྱོར་དང་དེའི་ནང་ཞུགས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གལ་ཏེ་ཁྱེད་ཀྱིས་བྱ་དགའ་ལེན་པའི་ཐད་དོགས་གཞི་གང་ཞིག་ཡོད་ན། ཁྱེད་ཀྱིས་བྱ་དགའ་ལེན་པའི་དུས་ཚོད་ནང་དུ་ང་ཚོའི་ལས་དོན་མི་སྣར་འབྲེལ་གཏུག་གནང་རོགས། འབྲེལ་གཏུག་ཁ་པར་ཨང་གྲངས་ནི། ༠༨༩༡-༦༨༣༢༩༩༣ཡིན། རྩོམ་སྒྲིག བཀྲ་ཤིས་རྒྱལ་པོ།
ཞུ་དག བཀྲ་ཤིས་རྒྱལ་པོ།
ཞིབ་བཤེར། སྤེན་པ་ཚེ་རིང་།
མ་ཡིག་མཁོ་འདོན། དྲ་སྦྲེལ་པུའུ།