ཞི་ཅིན་ཕིང་གིས་ཨའོ་མོན་གྱི་མཛད་སྒོ་འདིར་ཞུཊ་སྐབས་ནན་བཤད་གནང་དོན…

民生   2024-12-21 20:22   西藏  

欢迎提供新闻线索:lztvxwb@qq.com


    ཚེས་20ཉིན་གྱི་སྔ་དྲོར། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་དྲུག་པའི་འགན་བཞེས་མཛད་སྒོ་ཨའོ་མོན་ཨེ་ཤེ་ཡ་ཤར་མའི་ལུས་རྩལ་འགྲན་ཚོགས་ཀྱི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་མཛད་སྒོར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་གསུངས་དོན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25སོང་རིང་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་ཨའོ་མོན་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་རྒྱལ་སྤྱིའི་ཐོག་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ནུས་ལྡན་ཕྱིན་ཡོད། སྐབས་གསར་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་གོ་སྐབས་ལ་དམ་འཛིན་དང་། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས། རང་འགན་ཐེག་པ་ཁུར་ལེན་བཅས་བྱས་ཏེ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་བས་ལེགས་པའི་སྒོ་ནས་བཏོན་ནས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུའི་རེ་བ་ཡོད།


ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བཞིན་པ། 

    སྔ་དྲོའི་ཆུ་ཚོད་10པར། རྟེན་འབྲེལ་ཚོགས་ཆེན་དང་འགན་བཞེས་མཛད་སྒོ་འགོ་ཚུགས་ཤིང་། ཚང་མས་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་བླངས་པ་རེད།  

    ཞི་ཅིན་ཕིང་ཀྲུའུ་ཞི་སྡིངས་ཆའི་ཐོག་ཕེབས་ནས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ་རེད། ཚེན་ཧའོ་ཧུའེ་ཡིས་དང་ཐོག་འགན་བཞེས་དམ་བཅའ་བཞག་གནང་ཞིང་། ཁོང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་དང་རྒྱལ་རྟགས་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁུལ་དར་ལ་ཕྱོགས་ཏེ་ཕྱག་གཡས་པ་བཀྱགས་ནས་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གཞི་རྩའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་བརྗིད་ཉམས་ལྡན་པའི་ངང་དམ་བཅའ་བཞག་གནང་བ་རེད། དམ་བཅའ་བཞག་གྲུབ་རྗེས་ཞི་ཅིན་ཕིང་གིས་ཚེན་ཧའོ་ཧུའེ་ལ་ཕྱག་དམ་པོར་བཏང་གནང་བ་རེད།

    དེ་རྗེས། ཞི་ཅིན་ཕིང་གིས་མུ་མཐུད་དམ་བཅའ་འཇོག་པར་ལྟ་སྐུལ་གནང་ཞིང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་སྐབས་དྲུག་པའི་དཔོན་རིགས་གཙོ་བོས་ཚེན་ཧའོ་ཧུའེ་ཡི་སྣེ་ཁྲིད་འོག་འགན་བཞེས་དམ་བཅའ་བཞག་གནང་བ་རེད། དམ་བཅའ་བཞག་གྲུབ་རྗེས་ཞི་ཅིན་ཕིང་གིས་ཁོང་ཚོ་རེ་རེ་བཞིན་ལ་ཕྱག་བཏང་གནང་བ་རེད།


ཞི་ཅིན་ཕིང་གིས་དམ་བཅའ་འཇོག་པར་ལྟ་སྐུལ་གནང་བ་དང་ཚེན་ཧའོ་ཧུའེ་ཡིས་འགན་བཞེས་དམ་བཅའ་འཇོག་བཞིན་པ།

    སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། 

   ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ཚུན་ཐོབ་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེས་འཛམ་གླིང་སྐྱེ་བོ་ཀུན་ལ“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ལ་མངོན་གསལ་དོད་པའི་ལམ་ལུགས་ཀྱི་ལེགས་ཆ་དང་སྐྱེ་སྟོབས་ཆེན་པོ་ལྡན་ཞིང་། དེ་ནི་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་བཟང་པོ་ཞིག་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཞབས་འདེགས་ཞུ་བའི་ལམ་ལུགས་བཟང་པོ་ཞིག སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བ་ཞི་བདེ་མཉམ་གནས་དང་མཉམ་ལས་གཉིས་ཕན་མངོན་འགྱུར་བྱེད་པའི་ལམ་ལུགས་བཟང་པོ་ཞིག་བཅས་ཡིན་པས་ངེས་པར་དུ་ཡུན་རིང་མཐའ་འཁྱོངས་བྱེད་དགོས་པ་ར་སྤྲོད་བྱས་ཡོད། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ནང་འདུས་པའི་ཞི་བདེ་དང་། བསྟུན་མཁས། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་རིན་ཐང་གི་འདུ་ཤེས་ནི་ཀྲུང་གོའི་ཡིན་ལ་འཛམ་གླིང་གི་ཡང་ཡིན་པས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འོས་པ་ཞིག་ཡོད།

    ཞི་ཅིན་ཕིང་གིས་སྐབས་གསར་པའི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་ལ་རེ་བ་བཞི་བཏོན་གནང་བ་སྟེ། གཅིག་ནི་དཔལ་འབྱོར་འོས་འཚམ་སྣ་མང་གི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ་དང་། གཉིས་ནི་དམིགས་བསལ་སྲིད་འཛིན་ཁུལ་གྱི་བཅོས་སྐྱོང་ཕན་ནུས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ། གསུམ་ནི་ཆུ་ཚད་དེ་བས་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་ལས་སྟེགས་གཏོད་རྒྱུར་ཤུགས་སྣོན་རྒྱག་དགོས་པ། བཞི་ནི་སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཧུར་ཐག་བྱེད་དགོས་པ་བཅས་རེད།

    ཚེན་ཧའོ་ཧུའེ་ཡིས་ཤིས་ཚིག་སྒྲོན་སྐབས་གསུངས་དོན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་འཛིན་དཔོན་ཡིན་པའི་ངོས་ནས་རང་ཉིད་ཀྱི་འགན་འཁྲི་ལྕི་ལ་ལས་འགན་ཡང་གཟི་བརྗིད་ལྡན་པ་ཞིག་ཡིན་པ་ཚོར་གྱི་འདུག ང་ཚོས“འབད་འབུངས་མཉམ་སྐྱོད་དང་དྲང་འཛིན་གསར་བཅོས”ཀྱི་སྲིད་སྐྱོང་འདུ་ཤེས་རྒྱུན་འཛིན་བྱས་ཏེ། སེམས་མཐུན་སྟོབས་སྒྲིལ་དང་གཞུང་འཁྱོངས་གསར་འབྱེད་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ཕྱོགས་ཡོངས་དང་། གནད་ལ་འཁེལ་བ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་གཏན་ལ་ཕབ་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་རྩ་ཁྲིམས་སྲིད་ལུགས་ཀྱི་སྒྲིག་ལམ་སྲུང་སྐྱོང་བརྟན་པོ་བྱེད་པ། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བརྟན་པོ་བྱེད་པ། “རྒྱལ་གཅེས་པས་ཨའོ་མོན་སྐྱོང་བའི”རྩ་དོན་དོན་འཁྱོལ་བརྟན་པོ་བཅས་བྱས་ནས་ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན། 

来 源:西藏日报藏文媒体

编 辑:尼玛普赤

复 审:顿珠、巴洛

终 审:欧 珠






扫码关注微信、抖音






拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章