བཟའ་ཟླས་ཉེས་རྡུང་བཏང་ཚེ་དཔང་རྟགས་འདི་དག་ངེས་པར་དུ་ཉར་དགོས།

民生   2024-12-13 16:38   西藏  

欢迎提供新闻线索:lztvxwb@qq.com

    ཉེ་ཆར། སྤྱི་བདེ་པུའུ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན། ཆེས་མཐོའི་མི་དམངས་ཁྲིམས་ཁང་། སློབ་གསོ་པུའུ། དམངས་སྲིད་པུའུ། ཁྲིམས་འཛིན་པུའུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་དོན་ཁང་བཅས་ཀྱིས་མཉམ་དུ《ཁྱིམ་ཚང་གཏུམ་སྤྱོད་ལ་བསླབ་བྱ་རྒྱག་པའི་ལམ་ལུགས་ལག་ལེན་བསྟར་བར་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ཞིང་། དེའི་དམིགས་ཡུལ་ནི་ཁྱིམ་ཚང་གཏུམ་སྤྱོད་ལ་བསླབ་བྱ་རྒྱག་པའི་ལམ་ལུགས་ཀྱི་ནུས་པ་སྔར་བས་བཏོན་ཏེ། ཁྱིམ་ཚང་དང་གཉེན་སྒྲིག་ཐད་ཀྱི་འགལ་བ་དང་རྩོད་གཞི་ཧུར་ཐག་བསལ་ནས། ཁྱིམ་ཚང་གཏུམ་སྤྱོད་མ་ཐོན་པ་དང་བཀག་འགོག་ནུས་ལྡན་བྱེད་པ། འདྲ་མཉམ་དང་། འཆམ་མཐུན། ཡ་རབས་བཅས་ཀྱི་ཁྱིམ་ཚང་གི་འབྲེལ་བ་སྲུང་སྐྱོང་བཅས་བྱས་ནས་ཁྱིམ་ཚང་འཆམ་མཐུན་དང་སྤྱི་ཚོགས་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།

ཁྱིམ་ཚང་དུ་གཏུམ་སྤྱོད་སྤེལ་ཡོད་མེད་ཀྱི་དཔང་རྟགས་ཚད་གཞི་ཁ་གསལ་བཟོས་པ། 

    《བསམ་འཆར》ནང་ཁྱིམ་ཚང་གཏུམ་སྤྱོད་ཀྱི་དཔང་རྟགས་ལ་གཤམ་གསལ་གྱི་ཆ་རྐྱེན་གཉིས་ཡོད་དགོས་པ་སྟེ།
    གཅིག གཏུམ་སྤྱོད་སྤེལ་མཁན་གྱིས་ཁྱིམ་ཚང་གཏུམ་སྤྱོད་སྤེལ་བ་ཁས་བླངས་ཚེ། གཏུམ་སྤྱོད་སྤེལ་མཁན་ནམ་གནོད་འཚེ་ཕོག་མཁན་གྱིས་གསལ་བཤད་རྒྱག་དགོས་པའམ་ཡང་ན་དཔང་མིའི་དཔང་ཚིག་ཡོད་དགོས།
   གཉིས། གཏུམ་སྤྱོད་སྤེལ་མཁན་གྱིས་ཁྱིམ་ཚང་གཏུམ་སྤྱོད་སྤེལ་བ་ཁས་མ་བླངས་ཚེ། གནོད་འཚེ་ཕོག་མཁན་གྱིས་གསལ་བཤད་བྱེད་པའམ་ཡང་ན་དཔང་མིའི་དཔང་ཚིག་དང་དེ་མིན་གྱི་ཁ་གསབ་དཔང་རྟགས་ཡོད་དགོས། 
    ཁ་གསབ་དཔང་རྟགས་རིགས་8ཡོད་པ་སྟེ།
     ཁྱིམ་ཚང་གཏུམ་སྤྱོད་སྤེལ་བའི་སྐོར་བརྙན་བླངས་པའམ་ཡང་ན་སྒྲ་འཇུག་བྱས་རིགས།
     ཁྱིམ་ཚང་གཏུམ་སྤྱོད་སྤེལ་བའི་འབྲེལ་ཡོད་ཀྱི་ཁ་པར་གྱི་སྒྲ་འཇུག་དང་། འཕྲིན་ཐུང་། གློག་རྡུལ་འཕྲིན་ཡིག་སོགས་གློག་རྡུལ་གྱི་དཔང་རྟགས།
     གཉེན་ཉེ་དང་ཁྱིམ་མཚེས་སོགས་དཔང་མིའི་དཔང་ཚིག
     དོ་བདག་གི་ན་སོ་དར་ལ་མ་བབས་པའི་བུ་ཕྲུག་གིས་མཁོ་འདོན་བྱས་པའི་རང་ཉིད་ཀྱི་ལོ་ཚོད་དང་རིག་སྟོབས་དང་འཚམ་པའི་དཔང་ཚིག 
     གཏུམ་སྤྱོད་སྤེལ་མཁན་གྱིས་བྲིས་པའི་འགྱོད་བཤགས་ཡི་གེའམ་ཡང་ན་ཁས་ལེན་ཡི་གེ 
     རྨས་སྐྱོན་ཕོག་པའི་གསལ་འབྱེད་བསམ་འཆར། 
     སྨན་བཅོས་སྒྲིག་གཞིའི་ནད་བརྟག་སྨན་བཅོས་ཀྱི་ཟིན་ཐོ། 
     འབྲེལ་ཡོད་སྡེ་ཚན་དང་ཚན་པར་འབྱོར་བའི་ཁྱིམ་ཚང་གཏུམ་སྤྱོད་སྐོར་གྱི་ཞུ་གཏུག་དང་གནས་ཚུལ་གོང་ཞུའམ་ཡང་ན་རོགས་སྐྱོབ་རེ་ཞུའི་ཟིན་ཐོ་བཅས་ཡིན།

来 源:西藏日报藏文媒体

编 辑:巴 洛

复 审:顿珠、尼玛普赤

终 审:欧 珠






扫码关注微信、抖音






拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章