欢迎提供新闻线索:lztvxwb@qq.com
ལྷ་རྩེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་གྲོང་གསེབ་བདེ་སྐྱིད་ཁང་གི་མ་བྱན་བསྡུ་རྒྱུའི་སྤྱི་བསྒྲགས།
གཅིག གདན་ཞུའི་ལས་གནས་ཀྱི་མི་གྲངས་དང་ལས་ཡུལ།
(༡) སླེའུ་ཤང་ཤེལ་དཀར་གྲོང་ཚོའི་གྲོང་གསེབ་བདེ་སྐྱིད་ཁང་ལ་མ་བྱན་མི་གཉིས་བསྡུ་རྒྱུ།(མ་བྱན་ལག་ཁྱེར་དགོས་པ)
(༢)རེ་ས་ཤང་འཛོམས་དཔེ་གྲོང་ཚོའི་གྲོང་གསེབ་བདེ་སྐྱིད་ཁང་ལ་མ་བྱན་མི་གཉིས་བསྡུ་རྒྱུ།(མ་བྱན་གྱི་ལག་ཁྱེར་དགོས་པ)
(༣)མང་ཕུ་ཤང་གནས་གྲོང་ཚོའི་གྲོང་གསེབ་བདེ་སྐྱིད་ཁང་ལ་མ་བྱན་མི་གཉིས་བསྡུ་རྒྱུ།(མ་བྱན་གྱི་ལག་ཁྱེར་དགོས་པ)
གཉིས། གདན་ཞུའི་ཆ་རྐྱེན།
(གཅིག)ཆབ་སྲིད་ཀྱི་བྱང་ཚད་ལྡན་པ་དང་། སྒྲིག་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་ཐུབ་པ། སྤྱོད་ལམ་བཟང་བ་བཅས་ཡིན་དགོས་པ་དང་། ལས་ཀར་ནན་ཏན་གྱིས་འགན་འཁུར་བ་དང་། རྣམ་འགྱུར་ལེགས་པ། བྱམས་སེམས་ལྡན་པ། ངང་རྒྱུད་རིང་བ། འགན་འཁྲི་འཁུར་སེམས་ལྡན་པ། བཀོད་སྒྲིག་ལ་བརྩི་བཀུར་ཞུ་ཐུབ་པ་བཅས་དགོས།
(གཉིས)ཐེམ་ཐོ་ལྷ་རྩེ་རྫོང་ཁོངས་ནས་ཡིན་པ།
(གསུམ། )ལོ་ན་18ནས་45ལོན་པ།
(བཞི། )མིང་ཐོ་འགོད་མཁན་ལ་དམའ་འབྲིང་ཡན་གྱི་རིག་གནས་ཆུ་ཚད་ལྡན་དགོས་ལ། དེ་མཐུན་གྱི་མ་བྱན་གྱི་ཐོབ་ཐང་དཔང་ཡིག་ཡོད་དགོས།
(ལྔ)སྔོན་ལ་བསམ་གཞིགས་བྱ་རྒྱུའི་ཆ་རྐྱེན། སླེའུ་ཤང་ཤེལ་དཀར་གྲོང་ཚོ་དང་། མང་ཕུ་ཤང་གནས་གྲོང་ཚོ། རེ་ས་ཤང་འཛོམས་དཔེ་གྲོང་ཚོ་བཅས་ནས་ཡུལ་དེ་རང་ནས་ཡིན་པའི་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་མི་སྣ་དང་། འབྲེལ་ཡོད་ལས་ཀའི་ཉམས་མྱོང་ཡོད་མཁན། གཅེས་སེམས་ཡོད་པ། རྒན་གསོའི་ཞབས་ཞུའི་ལས་དོན་སྒྲུབ་མཁས་པ་བཅས་ཀྱི་གྲོང་གསེབ་ཀྱི་བུད་མེད་དང་དབང་སྐྱོན་ཅུང་ཟད་ཡོད་ཀྱང་མ་བྱན་གྱི་ལས་ཀར་བྱང་བའི་མི་སྣ་བཅས་ཡིན།
གསུམ། གདན་ཞུའི་གོ་རིམ།
(གཅིག) མིང་ཐོ་འགོད་པ།
1.མིང་ཐོ་འགོད་པའི་དུས་ཚོད་ནི། 2024ལོའི་ཟླ་12པའི་ཚེས་17ནས་2024ལོའི་ཟླ་12པའི་ཚེས་20བར་ཡིན།
2.མིང་ཐོ་འགོད་ས། ལྷ་རྩེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱི་ཐོག་སོ་གཉིས་པ (ལས་ཞུགས་གཞུང་དོན་ཁང)དང་།
3.མིང་ཐོ་འགོད་དུས་འཁྱེར་དགོས་པའི་ཡིག་ཆ། ཐེམ་ཐོ་དང་། ཐོབ་ཐང་ལག་ཁྱེར། སློབ་ཐོན་ལག་འཁྱེར། མ་བྱན་གྱི་དཔང་ཡིག་བཅས་འདོན་སྤྲོད་བྱ་དགོས། (མ་ཡིག་འདོན་སྤྲོད་བྱ་དགོས)
(གཉིས) ཐོབ་ཐང་ལ་ཞིབ་བཤེར།
ལས་དོན་མི་སྣས་མིང་ཐོ་འགོད་མཁན་གྱིས་མཁོ་འདོན་བྱས་པའི་དཔྱད་གཞིར་ཞིབ་བཤེར་བྱེད་དགོས་ཤིང་། ཆ་འཕྲིན་དང་དཔྱད་ཡིག་རྫུན་མ་མཁོ་འདོན་བྱེད་པའམ་ཡང་ན་རང་ཉིད་ཀྱི་གནས་ཚུལ་ངོ་མ་རྐང་བཙུགས་ནས་སྦ་གསང་བྱས་རིགས་ལ་རྩད་ཆོད་མཐའ་གསལ་བྱུང་ཚེ་འཕྲལ་མར་བསྡུ་སྤྱོད་ཀྱི་ཐོབ་ཐང་མེད་པ་བཟོ་རྒྱུ།
(གསུམ) ངོ་རྒྱུགས།
ངོ་རྒྱུགས་ལེན་པའི་དུས་ཚོད། ཐོབ་ཐང་ལ་ཞིབ་བཤེར་བྱས་ནས་རྒྱུགས་འཕྲོད་པའི་མི་སྣ་ངོ་རྒྱུགས་ལེན་པའི་གོ་རིམ་བཞིན་བརྡ་ཐོ་གཏོང་རྒྱུ།
(བཞི། )ཡོངས་བསྒྲགས།
ངོ་རྒྱུགས་མཇུག་འགྲིལ་རྗེས་ངོ་རྒྱུགས་ཀྱི་སྦྱངས་འབྲས་ལ་གཞིགས་ཏེ་མཐོ་བ་ནས་དམའ་བའི་བར་གདན་ཞུས་མི་སྣ་གཏན་འཁེལ་བྱ་རྒྱུ་དང། ངོ་རྒྱུགས་འབྲས་བུ་དེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཡོངས་བསྒྲགས་བྱ་རྒྱུ་དང་ཡོངས་བསྒྲགས་བྱེད་པའི་དུས་ཚོད་ཉིན་5ཡིན།
བཞི། གླ་ཕོགས་དང་ཐོབ་ཐང་།
གཏན་འཇགས་གླ་ཕོགས་ཟླ་རེར་སྒོར་༣༠༠༠སྤྲོད་རྒྱུ་དང་། ཆབས་ཅིག་སྡོད་གནས་བཀོད་སྒྲིག་བྱ་རྒྱུ།
ལྔ་བ། འབྲེལ་གཏུག་མི་སྣ་དང་འབྲེལ་གཏུག་བྱེད་ཐབས།
འབྲེལ་གཏུག་མི་སྣ། བུ་ཁྲིད་དང་ལྷག་པ་བཀྲ་ཤིས།
འབྲེལ་གཏུག་ཨང་གྲངས།
0892-8912773
1898992440
ལྷ་རྩེ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ནས།
2024ལོའི་ཟླ་12ཚེས་16ཉིན།
拉孜县民政局农村幸福院招聘工作人员公告
拉孜县人力资源和社会保障局
2024年12月16日
来 源:拉孜县人力资源和社会保障局(微信公众号)
编 辑、翻译:巴 洛
复 审:顿珠、尼玛普赤
终 审:欧 珠
扫码关注微信、抖音