欢迎提供新闻线索:lztvxwb@qq.com
༄༅། །ལྷ་རྩེ་རྫོང་སྨན་རྩིས་ཁང་གནས་སྤོའི་བརྡ་ཁྱབ།
བརྩེ་བའི་རྒྱ་ཆེའི་མང་ཚོགས་རྣམས་པར།
སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་མང་ཚོགས་ལ་བོད་ལུགས་གསོ་རིག་གི་སྨན་བཅོས་ཞབས་ཞུའི་སྤུས་ཚད་དང་ཁོར་ཡུག་ལེགས་སུ་གཏོང་བའི་ཆེད། རྫོང་ཏང་ཨུད་དང་སྲིད་གཞུང་། འབྲེལ་ཡོད་འཕྲོད་བསྟེན་ཚན་པའི་ཤུགས་ཆེའི་རྒྱབ་སྐྱོར་འོག་སྨན་ཁང་གི་འཆར་བཀོད་ལྟར་སྨན་ཁང་གསར་པར་སྤོ་རྒྱུ་ཡིན། ད་ལྟ་འབྲེལ་ཡོད་གནད་དོན་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།
དང་པོ། གནས་སྤོའི་དུས་ཚོད།
སྤྱི་ལོ་༢༠༢༤ལོའི་ཟླ་བ་༡༢པའི་ཚེས་༡༢ནས་ཚེས་༡༣བར་དངོས་སུ་གནས་སྤོས་བྱ་རྒྱུ་དང་། ཉིན་གཉིས་རིང་དེ་སྔའི་ལྷ་རྩེ་རྫོང་སྨན་ཁང་ནང་གི་བོད་སྨན་ཚན་ཁག་གིས་སྨན་བཅོས་ཞབས་ཞུ་མཚམས་འཇོག་བྱ་རྒྱུ་དང་། ཟླ་བ་༡༢པའི་ཚེས་༡༦ཉིན་ནས་ཚེས་༣༠ཉིན་བར་སྨན་ཁང་གསར་པའི་ཚོད་ལྟའི་ཞབས་ཞུའི་ལས་སྒོ་འཛུགས་རྒྱུ་ཡིན།
གཉིས་པ། གནས་སྤོའི་ས་གནས། ནུབ་ཕྱོགས་ས་ཚིགས་མགྲོན་ཁང་ཁ་སྤྲོད།༼ལྷ་རྩེ་རྫོང་ཆུ་ཤར་གྲོང་བརྡལ་སྐྱིད་རུ་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་བྱང་ངོས།༽
གསུམ་པ། འབྲེལ་གཏུགས་ཁ་པར་ཨང་གྲངས། ༡༨༧༩༨༩༢༨༡༧༢ ༡༧༣༨༩༩༢༥༠༠༠
བཞི་པ། སྨན་ཁང་གསར་པའི་གཞི་རྩའི་གནས་ཚུལ།
ངེད་སྨན་རྩིས་ཁང་ལ་རབ་འབྱམས་སྨན་པ་ཡན་གྱི་སྨན་དོན་མི་སྣ་དང་གཞོགས་འདེགས་བརྟག་དཔྱད་ལག་རྩལ་མི་སྣ་བཅུ་གྲངས་ཡོད་ཅིང་། གསར་བཙུགས་ཀྱི་སྨན་ཁང་སྒྲིག་བཀོད་ཐོག་བརྩེགས་བཞི་ཅན་ནང་སྒོ་བསྟེན་ཚན་པ་དང་། ནད་སྡོད་ཚན་པ། སྨན་སྤྲོད་ཁང་། ཐོ་བཀོད་རྩིས་རྒྱག་ཁང་། བོད་ལུགས་གསོ་རིག་གི་དམིགས་བསལ་དཔྱད་བཅོས་ཁང་། བོད་སྨན་བཤམས་སྟོན་ཁང་སོགས་དང་གཞོགས་འདེགས་བརྟག་དཔྱད་གློག་པར་དང་། Bསྒྲ་རླབས། སྙིང་པར། ཁྲག་གི་བརྟག་དཔྱད་ཁག་ཡོད། མིག་སྔར་བོད་ཕྱི་ཟུང་འབྲེལ་གྱི་ཐོག་ནས་ཁྲག་རླུང་གི་ནད་དང་། ཁྲག་འཕེལ། ཁྲག་ཞག་འཕེལ་བའི་ནད། ཟུངས་ཟད་ནད། སྙིང་རླུང་ནད། གྲིབ་སྐྱོན་ནད་དང་དེའི་བསྐྱར་གསོའི་ནད་སོགས་སྙིང་ཀླད་ཁྲག་རྩའི་ནད་རིགས་ཁག་དང་། མ་ཞུ་བ། ཕོ་མཁྲིས་ནད། ཕོ་རྒྱུའི་ནད། སྨུག་པོའི་ནད། མཆིན་པའི་ནད་རིགས་ཁག་སོགས་འཇུ་བྱེད་མ་ལག་གི་ནད་རིགས། གྲུམ་བུའི་ནད། དྲེག་ནད། མཁལ་འགྲམས་ནད། རླུང་ནད་དཔུང་འཇའ། རུས་འཛེར་དང་རུས་ཆག ཚིགས་བུད་ནད་སོགས་རྒྱུན་མཐོང་གི་ནད་རིགས་ཁག་དང་བཅོས་དཀའ་བའི་ནད་སོགས་ལ་བོད་ལུགས་གསོ་རིག་གི་དམིགས་བསལ་ཁྱད་ཆོས་ལྡན་པའི་བཀོལ་སྤྱོད་ལག་རྩལ་གཏར་ག མེ་བཙའ། ལུམས། བྱུག་པ་སོགས་དཔྱད་བཅོས་རིགས་མི་འདྲ་བ་བཅུ་གྲངས་ཙམ་ལ་བརྟེན་ནས་སྨན་བཅོས་བྱེད་བཞིན་ཡོད།
拉孜县藏医院整体搬迁公告
尊敬的广大群众:
为进一步满足基层人民群众对藏医医疗卫生服务的需求,改善就医环境,提高服务质量。在县委,县政府和卫健委相关部门的大力支持下,拉孜县藏医院建设基本完工,现整体搬迁至新院区。将有关事宜公告如下。
一、具体搬迁时间
2024年12月12日至2024年12月13日,两天内完成整体搬迁,整体搬迁期间暂停原拉孜县中心医院藏医科就诊服务,12月16日至12月30日在新建藏医院试运开诊。
二、新院地址:西部驿站对面(拉孜县曲下镇吉如村村委北面)
三、联系号码:18798928172 17389925000
四、新院区基本情况
现有十几名主治医师以上藏医医务人员及辅助检查专业技术人员,设立了藏医院门诊部、住院部、药房、挂号收费室、藏医特色治疗室、理疗室、藏医展览室等。同时配备DR、B超、心电图、检验等辅助科室,采用藏西医结合的方法能熟练的诊治高血压、高血脂、红细胞增多症、贫血、心脏神经官能症、脑淤血后遗症等心血管疾病,消化不良、慢性胃肠炎、慢性胆囊炎、胃肠溃疡、肝脏病等消化系统疾病,风湿性关节炎、痛风、腰椎间盘突出、骨质增生、颈椎病、骨折、脱臼的复位等常见病及疑难杂症,目前能够开展放血、火灸、药浴、涂擦等十几种藏医特色适宜诊疗技术。
来 源:拉孜县卫生服务中心
编 辑:巴 洛
复 审:顿珠、尼玛普赤
终 审:欧 珠
扫码关注微信、抖音