欢迎提供新闻线索:lztvxwb@qq.com
拉孜县举行传统手工业能级提升
-氆氇培训项目交流座谈会
ལྷ་རྩེ་རྫོང་གིས་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་ནུས་རིམ་མཐོར་གཏོང་བྱེད་པའི་སྣམ་ལས་གསོ་སྦྱོང་རྣམ་གྲངས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་པ།
12月10日,援藏拉孜小组举行拉孜县传统手工业能级提升-氆氇培训项目交流座谈会。县委常务副书记、政府常务副县长、援藏拉孜小组组长宫爱如,县农业农村和科学技术局负责人、援藏拉孜小组代表,15名优秀学员代表参加会议。
ཟླ་12ཚེས་10ཉིན། བོད་སྐྱོར་ལྷ་རྩེ་ཚོགས་ཆུང་གིས་ལྷ་རྩེ་རྫོང་གི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་ནུས་རིམ་མཐོར་གཏོང་བྱེད་པའི་སྣམ་ལས་གསོ་སྦྱོང་རྣམ་གྲངས་ཀྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ། སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པ། བོད་སྐྱོར་ལྷ་རྩེ་ཚོགས་ཆུང་གི་ཙུའུ་ཀྲང་ཀུང་ཨའེ་རུའུ་དང་། རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱི་འགན་འཁུར་བ། བོད་སྐྱོར་ལྷ་རྩེ་ཚོགས་ཆུང་གི་འཐུས་མི་བཅས་དང་། ཕུལ་བྱུང་སློབ་མའི་འཐུས་མི་15བཅས་ཚོགས་འདུར་ཞུགས་ཡོད་པ་རེད།
会上,县农业农村和科学技术局负责人介绍了氆氇培训项目总体情况,曲下镇鲁如村科技专干、学员代表介绍了在沪期间学习培训情况,查务乡吉角村村民、学员代表琼拉作了交流发言。
ཚོགས་འདུའི་ཐོག རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་ཀྱི་འགན་འཁུར་བས་སྣམ་ལས་གསོ་སྦྱོང་རྣམ་གྲངས་ཀྱི་སྤྱིའི་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཆུ་ཤར་གྲོང་རྡལ་ལུག་རུ་གྲོང་ཚོའི་ཚན་རྩལ་ཆེད་ལས་པ་དང་། སློབ་མའི་འཐུས་མི་བཅས་ཀྱིས་ཧྲང་ཧའེ་རུ་སློབ་སྦྱོང་དང་གསོ་སྦྱོང་བྱས་པའི་གནས་ཚུལ་ངོ་སྤྲོད་བྱས་པ། གྲའུ་ཤང་འཇིགས་སྐྱོབ་གྲོང་ཚོའི་གྲོང་མི་གཅུང་ལགས་ཀྱིས་སློབ་མའི་འཐུས་མིའི་ངོས་ནས་སྤེལ་རེས་གཏམ་བཤད་ཀྱང་བྱས་ཡོད་པ་རེད།
据了解;2024年,援藏拉孜小组结合实际、立足长远,紧盯提技能、搭平台、育人才,以吉角村乡村振兴示范项目为支点,投入上海市对口支援资金70万元,组织实施了拉孜县传统手工业能级提升-氆氇培训项目,在县农业农村和科学技术局和各乡镇的支持配合下,选派26名群众赴上海参加为期一个月的氆氇培训,26名群众涵盖村“两委”、妇联主任、乡村振兴及科技专干、致富带头人、脱贫户等群体,培训由上海沙涓时装科技有限公司承接。
ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་བོད་སྐྱོར་ལྷ་རྩེ་ཚོགས་ཆུང་གིས་དོན་དངོས་དང་ཟུང་འབྲེལ་བྱས་པ་དང་། ཕུགས་བསམ་ལ་གཞི་ཚུགས་པ། རྩལ་ནུས་མཐོར་གཏོང་དང་། ལས་སྟེགས་འཛུགས་སྐྲུན། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ལ་དམ་པོར་དམིགས་ནས། འཇིགས་སྐྱོབ་གྲོང་ཚོའི་གྲོང་གསེབ་དར་རྒྱས་དཔེ་སྟོན་རྣམ་གྲངས་ནས་འགོ་བཙུགས་ཏེ། ཧྲང་ཧའེ་གྲོང་ཁྱེར་གྱི་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་ཁྲི་70བཏང་ནས་ལྷ་རྩེ་རྫོང་གི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཀྱི་ནུས་རིམ་མཐོར་གཏོང་གི་སྣམ་ལས་གསོ་སྦྱོང་རྣམ་གྲངས་ལག་ལེན་བསྟར་ཡོད་པ་དང་། རྫོང་ཞིང་ལས་གྲོང་གསེབ་དང་ཚན་རིག་ལག་རྩལ་ཅུས་དང་ཤང་གྲོང་ཁག་གི་རྒྱབ་སྐྱོར་དང་གཞོགས་འདེགས་འོག་མང་ཚོགས་མི་གྲངས་26མངགས་ནས་ཧྲང་ཧའེ་རུ་དུས་ཡུན་ཟླ་གཅིག་གི་སྣམ་ལས་གསོ་སྦྱོང་བྱས་ཤིང་། དེའི་ནང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་། བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་རེན། གྲོང་གསེབ་དར་རྒྱས་དང་ཚན་རྩལ་ཆེད་ལས་པ། ཕྱུག་འགྱུར་སྣེ་ཁྲིད་པ། དབུལ་སྒྲོལ་དུད་ཚང་གི་མི་སྣ་སོགས་ཚུད་ཡོད་ལ། ཧྲང་ཧའེ་ཧྲ་ཅོན་གྱོན་ཆས་ཚན་རྩལ་ཚད་ཡོད་ཀུང་སིས་གསོ་སྦྱོང་གི་འགན་ཡོངས་སུ་བླངས་ཡོད་
པ་རེད།
记 者:索朗次仁
视频编辑:次旦玉珍
编 辑、翻译:巴 洛
复 审:顿珠、尼玛普赤
终 审:欧 珠
扫码关注微信、抖音