欢迎提供新闻线索:lztvxwb@qq.com
ཟས་ལ་ལ་ཁམ་གང་ལས་མ་བཟས་ཀྱང་འཚོ་བཅུད་མང་པོ་ཁ་གསབ་བྱེད་ཐུབ་པ་དང་། ཟས་ལ་ལ་ཕོར་པ་ཆེན་པོ་གཉིས་གསུམ་ཙམ་བཟས་ནའང་གྲོད་པ་རྒྱགས་ཐུབ་པ་ཙམ་ལས་འཚོ་བཅུད་ཏིལ་འབྲུ་ཙམ་ཡང་ཁ་གསབ་བྱེད་མི་ཐུབ། དེའི་རྒྱུ་མཚན་ནི་ཟས་ཀྱི་འཚོ་བཅུད་འདུས་ཚད་ལ་ཁྱད་པར་ཡོད་པའི་རྐྱེན་གྱིས་རེད། དེས་ན་གཤམ་ལ་དགུན་དུས་ལུས་ལ་ཕན་པའི་ཟས་ཀྱི་འཚོ་བཅུད་འདུས་ཚད་མཐོ་བའི་སྔོ་ཚལ་དང་ཤིང་འབྲས་རིགས་བཅུ་མཉམ་སྤྱོད་ཞུ་རྒྱུ་ཡིན་པས་གཟིགས་པར་ཞུ།
པོའོ་ཚལ་གྱི་འཚོ་རྒྱུ་Kཡི་འདུས་ཚད་ནི་བཟའ་ཆས་ཁྲོད་ཀྱི་མདུན་གྲས་སུ་སླེབས་ཡོད་པ་དང་།β-གུང་ལ་ཕུག་གི་འཚོ་རྒྱུ་དང་ལོ་མའི་སེར་རྒྱུ་སོགས་དབྱང་འགྱུར་འགོག་པའི་འཚོ་བཅུད་ཀྱི་གྲུབ་ཆ་དང་ལོ་སྐྱུར་གྱི་འདུས་ཚད་ཀྱང་ཧ་ཅང་མཐོ་པོ་ཡོད་པས། མིའི་ལུས་པོའི་རུས་པའི་སྲ་ཚད་ཇེ་དྲག་ཏུ་གཏོང་ཐུབ་ལ། སྙིང་གི་ཁྲག་རྩ་སྲུང་སྐྱོང་དང་མིག་དབང་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད།
ཀོ་ཕིག་ལྗང་ཁུ་ནི་མེ་ཏོག་རྒྱ་གྲམ་རིགས་ཀྱི་སྔོ་ཚལ་ཡིན་པ་དང་། དེར་ཕུན་སུམ་ཚོགས་པའི་ཟི་ཆིན་སྐྱུར་ཚྭ་ལྡན་ཡོད་ལ། འདབ་སྐྱུར་གྱི་འདུས་ཚད་ཀྱང་ཧ་ཅང་མཐོ་པོ་ཡོད་པས། འབྲས་སྐྲན་དང་སྙིང་ཁམས་ཁྲག་རྩའི་ནད། སྦྲུམ་བུའི་དབང་རྩའི་སྦུ་གུ་ཡ་མ་གཟུགས་སོགས་སྔོན་འགོག་བྱེད་པར་ཕན་པ་ཡོད།
ཤ་མངར་ནི་ཤ་མོའི་རིགས་ཀྱི་གྲས་ཤིག་ཡིན་པ་དང་། དེར་མངར་ཆ་མང་པོ་ལྡན་ཡོད་ཅིང་། འཚོ་རྒྱུ་Dའདུས་ཚད་ཅུང་ལེགས་པའི་ཟས་རིགས་ཤིག་ཡིན་པས། ནད་འགོག་སྙོམ་སྒྲིག་དང་། སྐྲན་འགོག ཁྲག་མངར་ཁྲག་ཚིལ་སྙོམ་སྒྲིག་བཅས་ཀྱི་ནུས་པ་ལྡན།
གུང་ལ་ཕུག་ནི་དཀར་པོ་ཆིག་ཐུབ་ཀྱི་སྤུན་མཆེད་ཡིན་ཟེར་བའི་བཤད་ཚུལ་ལྟར། གུང་ལ་ཕུག་ལ་འཚོ་བཅུད་གྲུབ་ཆ་ཧ་ཅང་ཕུན་སུམ་ཚོགས་པོ་ལྡན་ཡོད། β-གུང་ལ་ཕུག་གི་འཚོ་རྒྱུ་དེ་རྒྱུན་མཐོང་གི་སྔོ་ཚལ་ཁྲོད་མདུན་གྲལ་དུ་སླེབས་ཀྱི་ཡོད་པས། དབྱང་འགྱུར་དང་གཉན་ཚད་འགོག་པའི་ནུས་པ་ཡོད་པ་མ་ཟད། ཕྱི་པགས་ཕྲ་ཕུང་གི་ཆ་ཚང་རང་བཞིན་ལ་སྲུང་སྐྱོང་དང་། དབུགས་ལམ་གྱི་བདེ་ཐང་ལ་ཁག་ཐེག་བྱེད་པར་ཧ་ཅང་གལ་ཆེའི་ནུས་པ་ཐོན་གྱི་ཡོད། དེ་མིན་ཕྲ་ཕུང་གི་རིམས་འགོག་ནུས་པ་མཐོར་འདེགས་ཐུབ་པ་མ་ཟད། འགོས་ནད་རང་བཞིན་གྱི་ནད་རིགས་ཕོག་ཚད་ཇེ་ཉུང་དུ་གཏོང་ཐུབ།
པད་ཁའི་ཚ་ཚད་དམའ་ཞིང་འཚོ་བཅུད་ཀལ་གྱི་འདུས་ཚད་ནི་དེ་དང་ལྗིད་ཚད་མཉམ་པའི་འོ་མའི་ལྡབ་1.4ཡིན་པས་ལུས་ཀྱི་རུས་པ་གསོ་ཞིང་སྲ་བར་གནས་པ་དང་དབྱང་འགྱུར་འགོག་པ་སོགས་ལ་ཕན་ནུས་ཆེ།
སྤྲེལ་ཁམ་ནི་རྒྱུན་མཐོང་ཤིང་ཏོག་ཁྲོད་ཀྱི་འཚོ་རྒྱུ་Cཅུང་ཕུན་སུམ་ཚོགས་པའི་ཤིང་ཏོག་ཡིན་པས། སྤྲེལ་ཁམ་གཅིག་དང་ཕྱེད་ཀ་ཟོས་ན། སྐྱེ་བོ་དར་མ་ཞིག་ལ་ཉིན་གང་མཁོ་བའི་འཚོ་རྒྱུ་Cཡི་དགོས་མཁོ་ཡོངས་སུ་སྐོང་ཐུབ།
འབྲི་ཏ་ས་འཛིན་གྱི་ཚ་ཚད་ཧ་ཅང་དམའ་པོ་ཡོད་དེ། ཁེ་100ལ་ཁཱ་སྟོང་གཉིས་མ་གཏོགས་མེད་པས། ཚ་ཚད་ཚོད་འཛིན་བྱེད་འདོད་པའི་མི་རྣམས་ལ་ཤིན་ཏུ་འཚམ། གཞན་ཡང་འབྲི་ཏ་ས་འཛིན་གྱི་འཚོ་རྒྱུ་Cཡི་འདུས་ཚད་ཅུང་མཐོ་པོ་ཡོད་པས་དབྱང་འགྱུར་དང་ཚ་ནད་འགོག་པ། ལུས་ཕུང་གི་དུག་གཙང་སེལ་བྱེད་པར་ཕན་ནུས་ཆེ།
སྐྱུར་རྩི་ཆེན་པོ་ཡི་ནང་མ་གཞི་འཚོ་རྒྱུ་Cཡི་འདུས་ཚད་དམའ་ན་ཡང་། དགུན་ཁར་འཕྲོད་པའི་ཤིང་ཏོག་ཁྲོད་ནས་མངར་ཆའི་འདུས་ཚད་དམའ་བའི་ཤིང་ཏོག་ཡིན།
ལིའི་ནང་བཟའ་བཅའ་ཚི་སྣ་འདུས་ཤིང་། ལི་ཁེ་100རེའི་ནང་བཟའ་བཅའ་ཚི་སྣ་ཁེ་2.6ཙམ་ཡོད་པ་དང་། ཁུར་ལེའི་ཞིམ་ལིར་བཟའ་བཅའ་ཚི་སྣ་ཁེ་6.2ཙམ་འདུས་ཡོད་པས། ལི་བཟས་ན་འཇུ་ལམ་བདེ་ཐང་སོགས་ལ་ཕན།
ཀུ་ཤུའི་ནང་འཚོ་རྒྱུ་Cཡི་འདུས་ཚད་མང་པོ་མེད་ནའང་། དབྱང་འགྱུར་འགོག་པའི་ཧྥུན་མང་དང་། ལྗང་ཡོན་སྐྱུར། ཧོང་ཐུང་རིགས་སོགས་རྩི་ཤིང་གི་རྫས་འགྱུར་དངོས་པོའི་འདུས་ཚད་ཕུན་སུམ་ཚོགས་པོ་ཡོད།
མདོར་ན། གནམ་གཤིས་གྲང་ངར་ཆེ་ལ་སྐམ་ཤས་ཆེ་བའི་དགུན་གྱི་དུས་སུ་འཚོ་བཅུད་འདུས་ཚད་མཐོ་བའི་སྔོ་ཚལ་དང་ཤིང་འབྲས་རིགས་མང་ཙམ་མཆོད་ན་སྐུ་གཟུགས་ཀྱི་བདེ་ཐང་ལ་ཕན་ཐོགས་ཆེན་པོ་ཡོད།
来 源:中央广播电视总台藏语
编 辑:巴 洛
复 审:顿珠、尼玛普赤
终 审:欧 珠
扫码关注微信、抖音