【健康常识】དགུན་དུས་ལུག་ཤ་དང་ཟས་རིགས་འདི་དག་མཉམ་དུ་ཟ་རྒྱུ་མི་འདུག

民生   2024-12-17 12:59   西藏  

欢迎提供新闻线索:lztvxwb@qq.com


    གྲང་ངར་ཆེ་བའི་དགུན་དུས་ལ་མི་མང་པོ་ཞིག་གིས་གཟུགས་པོར་དྲོད་སྐྱེད་པའི་ཆེད་དུ་ལུག་ཤ་ཟ་རྒྱུར་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། དེས་ན། གཤམ་ལ་དགུན་དུས་སུ་ལུག་ཤ་ཟ་སྟངས་སྐོར་གྱི་འབྲེལ་ཡོད་བདེ་ཐང་གི་ཤེས་བྱ་ཁག་གཅིག་ཞུ་གི་ཡིན།

     དེ་ཡང་ལུག་ཤར་དྲོད་སྐྱེད་པའི་ནུས་པ་ལྡན་པས་གཟུགས་པོ་སྐྱོ་ལ་ལུས་སྟོབས་ཞན་པའི་མིས་སྟོན་དགུན་གཉིས་ལ་བཟས་ན་ཕན་པོ་ཡོད། འོན་ཀྱང་གཟུགས་པོར་དྲོད་ཆེ་བའི་མིས་ལུག་ཤ་བཟས་ན་ཚ་བ་རྒྱས་སྲིད་ལ། གདོང་ལ་ཐོར་པ་སྐྱེས་པ་དང་། མིད་པ་སྐྲངས་ཤིང་ན་ཟུག་རྒྱག་པ། སྣ་ཁྲག་དོན་པ་བཅས་བྱེད་ཀྱི་ཡོད། དེས་ན་ལུག་ཤ་དང་ཚ་དྲོད་འཕེལ་བའི་བཟའ་བཅའ་མཉམ་དུ་ཟ་མི་ཉན་པར། བསིལ་བའི་རང་བཞིན་ནམ་མངར་བཅུད་སྙོམས་པའི་སྔོ་ཚལ་རིགས་མཉམ་དུ་བཟས་ན་བཟང་། དཔེར་ན། ལུག་ཤ་ཟ་སྐབས་སྲན་ཞོ་ལྟ་བུ་མཉམ་དུ་བཟས་ན་གཟུགས་པོར་ཕན་པ་མ་ཟད། ཚ་བ་སེལ་ཞིང་སྐོམ་པ་སེལ་བའི་ནུས་པ་ཐོན་ཐུབ། སྤྱིར་ན་ལུག་ཤ་ནི་ཕོ་བས་འཇུ་སླ་བ་ཞིག་ཡིན་མོད། འོན་ཀྱང་བཟས་དྲགས་ན་ཕོ་བ་སྐྲངས་ནས་གཟུགས་པོའི་བདེ་ཐང་ལ་གནོད་སྲིད་པས་ཟ་ཚོད་རན་པོ་བྱེད་དགོས།


ལུག་ཤ་ཟ་དུས་ཀྱི་འཛེམ་བྱ་ཁག་གཅིག

དང་པོ། ལུག་ཤ་དང་ཚུའུ་མཉམ་དུ་བཟའ་མི་རུང་། ལུག་ཤ་ནི་ཚ་བའི་རང་བཞིན་གྱི་ཟས་རིགས་ཡིན་པ་དང་། ཚུའུ་ནི་སྐྱུར་བའི་རང་བཞིན་ཡིན་པས། དེ་གཉིས་ངོ་བོ་མཐུན་ཐབས་མེད་ལ་མཉམ་དུ་བཟས་ན་གཉིས་ཀའི་ནུས་པ་ཤོར་ནས་བདེ་ཐང་ལ་གནོད་སྲིད།

གཉིས་པ། ལུག་ཤ་མཉམ་དུ་ཇ་འཐུང་མི་རུང་། ལུག་ཤ་ཟ་དུས་ཇ་བཏུངས་ན་མཉེན་སྐྱུར་སྤྲི་དཀར་རྫས་འབྱུང་ཞིང་། ཕོ་རྒྱུའི་འགུལ་སྐྱོད་ཞན་དུ་ཕྱིན་ནས་བཙོག་པ་འགག་སྲིད།

གསུམ་པ། ལུག་ཤ་ནན་ཀྭ་དང་པན་ལི་སོགས་དང་མཉམ་དུ་བཟའ་མི་རུང་། ལུག་ཤ་དང་ནན་ཀྭ། པན་ལི་སོགས་ནི་ཚ་བའི་རང་བཞིན་གྱི་ཟས་རིགས་ཡིན་པས། མཉམ་དུ་བཟས་ན་ལུས་པོའི་ཕྱི་ནང་ཀུན་ལ་ཚ་བ་རྒྱས་སྲིད།

བཞི་པ། ལུག་ཤ་དང་ཤིས་ཀྭ་མཉམ་དུ་བཟའ་མི་རུང་། ལུག་ཤ་དང་ཤིས་ཀྭ་མཉམ་དུ་བཟས་ན་ལུག་ཤའི་དྲོད་སྐྱེད་པའི་ནུས་པ་ཞན་དུ་འགྲོ་བ་མ་ཟད། མཚེར་པ་དང་ཕོ་བའི་བདེ་ཐང་ལ་གནོད་ཅིང་གྲོད་ཁོག་ཀྱང་བཤལ་སྲིད།




来 源:中央广播电视总台藏语

编 辑:巴 洛

复 审:顿珠、尼玛普赤

终 审:欧 珠






扫码关注微信、抖音






拉孜窗口
以客观地反映事实真相,忠实地反映社情民意,用主流价值观即社会主义核心价值理念引导社会思潮和舆论走向,通过客观、真实、科学、准确的报道,推进拉孜文明,促成拉孜和谐发展。
 最新文章