ཟླ་11ཚེས་8ཉིན། སྐབས་བཅུ་བཞི་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སློབ་ལོ་མ་ལོན་གོང་གི་སློབ་གསོའི་བཅའ་ཁྲིམས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 2025ལོའི་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།
སློབ་ལོ་མ་ལོན་གོང་གི་སློབ་གསོའི་བཅའ་ཁྲིམས་ནང་། རྒྱལ་ཁབ་ཀྱིས་སློབ་ལོ་མ་ལོན་གོང་གི་སློབ་གསོའི་འགན་ལེན་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ་དང་། སློབ་ལོ་མ་ལོན་གོང་གི་སློབ་གསོ་ཁྱབ་གདལ་ལ་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་པ་དང་། བཀོད་སྒྲིག་ལུགས་མཐུན། སྤྱི་ཕན་ཡོངས་ཕན། བདེ་འཇགས་སྤུས་ལེགས་བཅས་ཀྱི་སློབ་ལོ་མ་ལོན་གོང་གི་སློབ་གསོའི་སྤྱི་པའི་ཞབས་ཞུའི་མ་ལག་བསྐྲུན་རྒྱུ་ཡིན་ལུགས་ཁ་གསལ་བཏོན་ཡོད།
བཅའ་ཁྲིམས་འདིའི་ནང་། སློབ་ལོ་མ་ལོན་གོང་གི་སློབ་གསོ་ཡིན་ཕྱིན་སློབ་ལོ་མ་ལོན་གོང་གི་བྱིས་པར་ཕན་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། སློབ་ལོ་མ་ལོན་གོང་གི་བྱིས་པར་དམིགས་བསལ་སྲུང་སྐྱོབ་དང་སྔོན་ལ་སྲུང་སྐྱོབ་བྱ་རྒྱུ་དང་། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་བུ་བཅོལ་ཁང་གི་བདེ་འཇགས་ཐད་ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་རྒྱུ་དང་འཐུས་ཚང་དུ་གཏོང་རྒྱུ། བུ་བཅོལ་ཁང་ཉེ་འཁོར་གྱི་བདེ་འཇགས་དོ་དམ་དང་སྐོར་གཡེང་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ། ཁྲིམས་ལྟར་སློབ་ལོ་མ་ལོན་གོང་གི་བྱིས་པ་དང་བུ་བཅོལ་ཁང་གི་བདེ་འཇགས་འགན་སྲུང་བྱ་རྒྱུ་བཅས་གཏན་འབེབས་བྱས་ཡོད།
来源:中央广播电视总台藏语
编辑:华尔让
校对:华尔让
二审:梅朵
三审:白玛曲吉
监制:彭刚