སློབ་གསོ་པུས་ཟླ་11ཚེས་11ཉིན་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག སློབ་གསོ་པུའི་རྨང་གཞིའི་སློབ་གསོ་སིའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ལྟ་སྐྱོང་སློབ་གསོའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་དང་མུ་མཐུད་དུ་གཙང་བཤེར་བཅོས་སྒྲིག་གཏིང་ཟབ་བྱས་ནས། བུ་བཅོལ་ཁང་སློབ་ཆུང་ལྟ་བུར་འགྱུར་བ་སོགས་ཚད་ལྡན་མིན་པའི་བུ་བཅོལ་ཁང་གཉེར་བའི་བྱ་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད།
•བུ་བཅོལ་ཁང་གི་ཆེད་ལས་མཛུབ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དང་། བུ་བཅོལ་ཁང་གིས་གསོ་སྐྱོང་དང་སློབ་གསོ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། རོལ་རྩེད་གཞི་རྩའི་བྱེད་སྒོར་འཛིན་རྒྱུ་དོན་འཁྱོལ་བྱེད་པ། ཕུན་སུམ་ཚོགས་པའི་སློབ་གསོའི་ཁོར་ཡུག་གཏོད་པ། ཕྲུ་གུས་རང་འགུལ་ངང་འཚོལ་ཞིབ་དང་སློབ་སྦྱོང་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། ཕྲུ་གུ་རོལ་རྩེད་དང་འཚོ་བའི་ཁྲོད་བདེ་ཐང་དང་སྤྲོ་སྣང་ལྡན་པའི་ངང་འཚར་ལོངས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་ཁྲིད་སྟོན་བྱ་རྒྱུ་ཡིན་པ་དང་།
•ལྟ་སྐྱོང་སློབ་གསོའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སློབ་ཚན་དང་སློབ་ཁྲིད་ཀྱི་ཐོན་ཁུངས་ལ་ཞིབ་བཤེར་གཏན་འབེབས་དང་དོ་དམ་བྱེད་ཐབས་ཞིབ་འཇུག་གཏན་འབེབས་བྱེད་པ། བུ་བཅོལ་ཁང་དུ་སྤྱོད་བཞིན་པའི་སློབ་ཚན་དང་སློབ་ཁྲིད་ཀྱི་ཐོན་ཁུངས་ལྟ་སྐུལ་དོ་དམ་ཚད་ལྡན་དུ་གཏོང་བ་བཅས་བྱ་རྒྱུ་ཡིན་པ།
•ལྟ་སྐྱོང་སློབ་གསོའི་སྤུས་ཚད་ལ་དཔྱད་དཔོག་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བུ་བཅོལ་ཁང་ལ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་གཏིང་ཟབ་སྤེལ་བ། 《བུ་བཅོལ་ཁང་གི་གསོ་སྐྱོང་དང་སློབ་གསོའི་སྤུས་ཚད་ལ་དཔྱད་དཔོག་བྱེད་པའི་ཕྱོགས་སྟོན》དོན་འཁྱོལ་བྱེད་པ། ཚན་རིག་དང་མཐུན་པའི་ཁྲིད་སྟོན་བྱེད་པ། བུ་བཅོལ་ཁང་གིས་སློབ་གསོ་དང་སློབ་གསོའི་བརྒྱུད་རིམ་ལ་དམིགས་པ་དང་། རང་ངོས་ལ་དཔྱད་དཔོག་བྱ་རྒྱུར་ཤུགས་སྣོན་རྒྱག་པ། བུ་བཅོལ་ཁང་གི་ལྟ་སྐྱོང་སློབ་གསོའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱ་རྒྱུ་ཡིན་པ།
•ཁྱིམ་བདག་གིས་ཚན་རིག་དང་མཐུན་པའི་ངང་ཕྲུ་གུ་སྐྱོང་བར་མཛུབ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་རྒྱུ་དང་། སློབ་ལོ་མ་ལོན་གོང་གི་སློབ་གསོའི་དྲིལ་བསྒྲགས་ཟླ་བའི་སྟེགས་བུ་མུ་མཐུད་སྤྱོད་པ། བུ་བཅོལ་ཁང་གི་དྲིལ་བསྒྲགས་གཡུལ་ས་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ། ཁྱིམ་བདག་ལ་ཁ་ཕྱོགས་ནས་ཚན་རིག་དང་མཐུན་པའི་ཕྲུ་གུ་སྐྱོང་ལུགས་དྲིལ་བསྒྲགས་བྱེད་པ། ཡང་དག་པའི་ཕྲུ་གུ་སྐྱོང་བའི་འདུ་ཤེས་དང་ཤེས་བྱ་བརྒྱུད་སྤེལ་བྱེད་པ། ཁྱིམ་ཚང་དང་བུ་བཅོལ་ཁང་གིས་ཕྲུ་གུ་མཉམ་དུ་སྐྱོང་བའི་ལམ་སྲོལ་བཟང་པོ་ཆགས་པ་བཅས་བྱ་རྒྱུ་ཡིན་པ་རེད།
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
来源:中央广播电视总台藏语
编辑:华尔让
校对:华尔让
二审:梅朵
三审:白玛曲吉
监制:彭刚