རྒྱུ་རྐྱེན་མང་པོའི་ཤུགས་རྐྱེན་ཐེབས་པའི་འོག རྒྱལ་སྤྱིའི་གསེར་གྱི་རིན་གོང་དེ་ཉིན་གོང་མའི་མར་ཆག་པའི་རྣམ་པ་རྒྱུན་མཐུད་ནས་ཨང་སི་རེར་ཨ་སྒོར་2600ལས་ཆག་སྟེ། ཟླ་གཉིས་ཀྱི་དམའ་ཤོས་སུ་སླེབས་ཡོད།
ཟླ་11ཚེས་14ཉིན། རྒྱལ་སྤྱིའི་གསེར་གྱི་རིན་གོང་དེ་ཨང་སི་རེར་ཨ་སྒོར་2572.91ཡིན་པ་དང་། མཐོ་ཤོས་སུ་ཨང་སི་རེར་ཨ་སྒོར་2581.24ལ་སླེབས་པ་དང་དམའ་ཤོས་སུ་ཨང་སི་རེར་ཨ་སྒོར་2555.22ལ་སླེབས་ནས་ཆག་ཚད་0.58%ཟིན་པ་དང་། བསྟུད་མར་ཉིན་ལྔ་ཆག་ཡོད། ཟླ་11ཚེས་14ཉིན་གྱི་ཆུ་ཚོད་15ཡི་བར། རྒྱལ་སྤྱིའི་གསེར་གྱི་རིན་གོང་ཨང་སི་རེར་ཨ་སྒོར་2555ཟིན་ནས་ལོ་རྒྱུས་ཀྱི་རིན་གོང་མཐོ་ཤོས་སྐབས་ལས་7%ཙམ་ཆག་ཡོད།
གསེར་གྱི་མཐོ་རིམ་མ་འཇོག་དབྱེ་ཞིབ་པ་ལི་དབྱང་གིས། ཨ་རིའི་འདེམས་བསྐོ་ཆེན་མོ་བྱས་ཚར་བ་དང་བསྟུན་ནས། གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་པོ་ཞིག་དང་དེ་བཞིན་ས་བབ་ཐད་ཀྱི་འགལ་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་གསེར་གྱི་རིན་གོང་ཆག་ཡོད། གཞན་ཡང་། ཁེ་ཕན་ཐོབ་པའི་མ་དངུལ་སྤོ་སྒྱུར་བྱས་པ་དེའང་གསེར་གྱི་རིན་གོང་མུ་མཐུད་ཆག་པའི་རྒྱུ་རྐྱེན་ཞིག་རེད་ཅེས་བརྗོད་ཡོད།
དེའི་ཤུགས་རྐྱེན་ཐེབས་པས། རྒྱལ་ནང་གི་གསེར་གྱི་རིན་གོང་ཐད། ཟླ་11ཚེས་14ཉིན་གྱི་ཕྱི་དྲོའི་མཐའ་མའི་གོང་ཐང་ཁྱབ་བསྒྲགས་བྱེད་སྐབས། ཧྲང་ཧའེ་གསེར་ཉོ་ཚོང་སུའོ་ཡི་Au9999ཡི་མཐའ་མའི་གོང་ཐང་ཁྱབ་བསྒྲགས་བྱས་པའི་རིན་གོང་དེ་ཁེ་རེར་སྒོར་591.12ཡིན་པ་དང་། ཉིན་དེར་1.98%ཆག་ཡོད། ཧྲང་ཧའེ་གསེར་ཉོ་ཚོང་སུའོ་ཡི་གཙོ་ཤུགས་གན་རྒྱའི་མཐའ་མའི་གོང་ཐང་ཁྱབ་བསྒྲགས་བྱས་པའི་རིན་གོང་དེ་ཁེ་རེར་སྒོར་593.10ཡིན་པ་དང་། ཉིན་དེར1.95%ཆག་ཡོད། གཞན་ཡང་རྒྱལ་ནང་གི་རྒྱན་ཆའི་གསེར་གྱི་རིན་གོང་ཡང་གཅིག་རྗེས་གཉིས་མཐུད་ངང་ཆག་སྟེ། ཁེ་རེར་སྒོར་14ནས་8བར་བཅག་ཡོད།
来源:中央广播电视总台藏语
编辑:华尔让
校对:华尔让
二审:梅朵
三审:白玛曲吉
监制:彭刚