②0②④▷「བརྩེ་བའི་ཕ་ཡུལ་རྩེ་གཞུང་།」《ཤེར་བསྟན། ཚེ་དབང་ལྷ་མོ།》

文摘   2024-07-28 20:20   西藏  






གཞས་
ཚིག



བྱང་ཐང་བུ་མོ།
བརྩེ་བའི་ཕ་ཡུལ་རྩེ་གཞུང་།

高天圣境

ཚིག འབྲུག་ལྷ་རྒྱལ།

歌词:周拉

དབྱངས། གླིང་རྒྱལ་འཆི་མེད་ཚེ་རིང་།

歌曲:郎甲曲迈才让

གཞས་མ། ཤེར་བསྟན། ཚེ་དབང་ལྷ་མོ།

原唱:谢旦:泽旺拉姆

བརྙན་སྒྲིག་བཟོ། བྷོ་ཊ་ཚང་།

剪輯:調色/博扎苍

རྩེ་གཞུང་རིང་མོ་གཡུ་ཡི་ཐང་ཆེན་ཡིན།

མེ་ཏོག་སྣ་བརྒྱ་གཟི་ཡི་ཕྲ་རྒྱན་ཡིན།

རྩེ་ཆུ་སྔོན་མོ་འབྲུག་རིས་དགུ་འཁྱིལ་ཡིན།

བཀའ་བསྟན་རྡོ་བརྩིགས་འཇིག་རྟེན་ངོ་མཚར་ཡིན།

མགོ་སྦྲ་མཐིང་སྨུག་རང་ཁྱིམ་དྲོན་མོ་ཡིན།

རྟ་ནོར་ལུག་གསུམ་གཡང་གི་རུ་མ་ཡིན།

འོ་ཞོ་མངར་མོ་ཟས་ཀྱི་ཉིང་བཅུད་ཡིན།

སྐྱིད་པའི་རྩེ་གཞུང་ལྷ་ཡི་ཞིང་ཁམས་ཡིན།

ཨ། བརྩེ་བའི་ཕ་ཡུལ་རྩེ་གཞུང་།

ཕ་མེས་ཀྱི་རྣམ་ཤེས་འཁོར་ས།

ཕྱི་རབས་པའི་བླ་སྲོག་འཐིམ་ས།

རྩེ་གཞུང་རིང་མོ་མི་གཤིས་དྲང་ས་ཡིན།

རྒན་པའི་བྱམས་བརྩེའི་ཉི་འོད་དྲོ་ས་ཡིན།

གཞོན་པའི་གུས་བརྩིའི་འདབ་ལོ་རྒྱས་ས་ཡིན།

རྒན་དར་གཞོན་གསུམ་དཔའ་སྤོབས་མཐོ་ས་ཡིན།

ཕ་གཏམ་དྲོན་མོ་ངག་ནས་བརྡོལ་ས་ཡིན།

གླུ་གཞས་སྙན་མོ་དབྱིངས་ལ་གྱེར་ས་ཡིན།

དགའ་བའི་འཛུམ་གྱིས་མགྲོན་བསུ་བྱེད་ས་ཡིན།

སྐྱིད་པའི་རྩེ་གཞུང་ལྷ་ཡི་ཞིང་ཁམས་ཡིན།

ཨ། བརྩེ་བའི་ཕ་ཡུལ་རྩེ་གཞུང་།

ཕ་མེས་ཀྱི་རྣམ་ཤེས་འཁོར་ས།

ཕྱི་རབས་པའི་བླ་སྲོག་འཐིམ་ས།
     
   


           


☆ཚར☆

拉巴次仁贴吧
ལྷག་པ་ཚེ་རིང་གིས་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུའོ།བོད་ཀྱི་གླུ་བ་གླུ་མའི་སྒྱུ་རྩལ་འཕྲིན་སྟེགས་ཆེན་མོ།藏区藏族歌手文艺音乐大平台
 最新文章