འདོ་བའི་འཚེར་སྐད་མུ་འབྲེལ་སྒོར་གཞས་ལྔ་པ། །
འབྲོག་ཕྲུག་གི་རེ་བ།
ཚིག། མེ་གླང་རྡོར་ཆུང་།
དབྱངས། མེ་གླང་རྡོར་ཆུང་།
ལེན་མཁན། མེ་གླང་རྡོར་ཆུང་།
《牧童的希望》
作词:梅朗多琼
作曲:梅朗多琼
演唱:梅朗多琼
ཡུལ་འབྲོག་ཁྱིམ་ཚང་གི་འབྲོག་ཕྲུག་པ། །
དྲིན་ཕ་མ་ཡེ་ལ་ཞབས་འདེགས་རེ། །
དེ་མེད་ན་དྲིན་ལན་ལོག་འཇལ་མ་གྱིས། །
ཡུལ་རྒྱ་གྲོང་འགྲེམས་པའི་ན་གཞོན་པ། །
རང་རིག་གཞུང་འདི་ལ་འབད་བརྩོན་གྱིས། །
དེ་བྱུང་ན་སྲོལ་བཟང་ཡར་དར་རེད། །
ཡུལ་མཐོ་སྒང་ཚང་གི་གདོང་དམར་བ། །
སྐད་ཡི་གེ་མ་བརྗེད་སྲོག་ལྟར་སྲུང་། །
ལས་དེ་ཚོ་རང་རིགས་འོས་འགན་རེད། །
ཡུལ་ས་མཐར་འཁྱམས་པའི་ལོ་ཆུང་ཚོ། །
ས་གར་སོང་རང་ལུགས་མ་འདོར་རོགས། །
སེམས་བསམ་པ་གཞན་ལ་ལྷག་བསམ་དགོས། །
ཡུལ་ཆོལ་གསུམ་ལྗོངས་ཀྱི་དྲྭ་རྒྱལ་པ། །
རྒྱུ་དཔལ་འབྱོར་ཆད་དུ་ངོ་ཚ་མེད། །
ལས་དེ་འདྲ་མ་བྱེད་ཤ་ཉེ་ཚོ། །
དཔའ་བློ་སྟོབས་ལྡན་པའི་སྟག་ཤར་ཚོ། །
ལུས་སྐྱེ་གཟུགས་མཛེས་པའི་སྨན་ཤར་ཚོ། །
སེམས་ཁ་ཕྱོགས་མ་ནོར་མདུན་དུ་བསྐྱོད། །
ཡུལ་གངས་རིའི་འདབས་ཀྱི་བ་ངའི། །
ཚིག་དབྱངས་ལ་དྲངས་ནས་གླུ་ཞིག་ལེན། །
ཚིག་གཞན་སེམས་དཀྲུཊ་ན་དགོངས་དག་ཞུའོ། །
སྐོར་བྲོ་དུང་ཟླ་གཡས་འཁྱིལ།
ཚིག། རིག་པའི་གླིང་བུ།
དབྱངས། མེ་གླང་རྡོར་ཆུང་།
ལེན་མཁན། ཚེ་བསྟན་སྒྲོལ་དཀར།
《月轮右旋锅庄》
作词:智慧笛子
作曲:梅朗多琼
演唱:次旦卓嘎
བོད་ཁ་བ་གཅིག་གི་གདུང་རྒྱུད་པ། །
ཕ་མེས་པོ་གཅིག་གི་རིགས་རྒྱུད་ཚོ། །
གླུ་བཀྲ་ཤིས་སྐོར་བྲོ་མཆོད་པ་འབུལ། །
ཞབས་རྡོག་བྲོ་ཁྲ་མོ་བརྗིད་ཉམས་འཁྱིལ། །
སྐྱབས་སྟོན་པ་གཅིག་གི་རྗེས་འཛིན་པ། །
ལས་སྨོན་ལམ་གཅིག་གི་རིགས་རྒྱུད་ཚོ། །
གླུ་བཀྲ་ཤིས་སྙན་མོ་མཆོད་པ་འབུལ། །
ཞབས་རྡོག་བྲོ་ཁྲ་མོ་གར་སྟབས་འགྱིང་། །
དྲིན་ཕ་མ་གཅིག་གི་བརྒྱུད་འཛིན་པ། །
སྐྱིད་ལས་དབང་གཅིག་གི་རིགས་རྒྱུད་ཚོ། །
གླུ་ཚངས་དབྱངས་དྲུག་འགྱུར་མཆོད་པ་འབུལ། །
ཞབས་རྡོག་བྲོ་ཁྲ་མོ་གསོན་ཉམས་སྤྲོ། །
སྨོན་ལམ།
ཚིག། མེ་གླང་རྡོར་ཆུང་།
དབྱངས། མེ་གླང་རྡོར་ཆུང་།
ལེན་མཁན། མེ་གླང་རྡོར་ཆུང་དང་ཚེ་བསྟན་སྒྲོལ་དཀར།
《祈祷》
作词:梅朗多琼
作曲:梅朗多琼
演唱:梅朗多琼和次旦卓嘎
རྟ་མཆོག་སྒང་གི་སྟག་ཤར། །
དབུ་འཕང་མཐོ་བའི་རྨོག་དཀར། །
གྱི་ལིང་ཐང་དཀར་རྒོད་འདྲ། །
ལས་རླུང་དར་བའི་སྨོན་ལམ། །
དགའ་ཨ་ལ་ཡེ་་་་་་སྟག་ཤར་ཚོ། །
གྱི་ལིང་ཐང་དཀར་རྒོད་འདྲ། །
ལས་རླུང་དར་བའི་སྨོན་ལམ། །
འཁོར་བའི་ལས་ཀྱི་བདག་མོ། །
སྦྲ་ནག་ཚང་གི་སྲས་མོ། །
མེ་ཏོག་གསེར་ཆེན་ལྟར་འདྲ། །
སྐྱེ་གཟུགས་དར་བའི་སྨོན་ལམ། །
དགའ་ཨ་ལ་ཡེ་་་་་་སྨན་ཤར་ཚོ། །
མེ་ཏོག་གསེར་ཆེན་ལྟར་འདྲ། །
སྐྱེ་གཟུགས་དར་བའི་སྨོན་ལམ། །
མི་ཁའི་དྲག་ཆར་འབབ་འབབ། །
ཆཊ་བསྡང་རླུང་བུ་འཚུབ་འཚུབ། །
མི་ཚེ་དགའ་སྐྱོ་མཉམ་བསྲེས། །
བསམ་དོན་གྲུབ་པའི་སྨོན་ལམ། །
དགའ་ཨ་ལ་ཡེ་་་་་་ཨ་རོགས་ཚོ། །
མི་ཚེ་དགའ་སྐྱོ་མཉམ་བསྲེས། །
བསམ་དོན་གྲུབ་པའི་སྨོན་ལམ། །
སྟོད་མངའ་རིས་ཡུལ་གྱི་བུ་ཆུང་ངའི། །
ས་བྱང་ཐང་ཡུལ་གྱི་བུ་མོ་ངའི། །
སྙན་མོ་དབྱངས་ཀྱི་མཆོད་པ། །
ཁྱེད་རྣམས་སྤྲོ་བའི་སྨོན་ལམ། །
སྟག་ཤར་ལགས། །
སྨན་ཆུང་ལགས། །
མཉམ་དུ་ལེན་པའི་གླུ་འདི། །
ཆོལ་གསུམ་ལྗོངས་ལ་འཕུལ་ཡོད། །