རྩོམ་འབྲི་བ། རེ་བའི་བན་ཆུང་།

文摘   2024-07-28 20:20   西藏  










བྱང་ཐང་བུ་མོ།
 ༄༅།  །མ་བྲིས་རི་མོ་རང་བྱོན།

རྩོམ་འབྲི་བ།  རེ་བའི་བན་ཆུང་།

བྲིས་ན་ཤོག་དཀར་ངོས་སུ།།
སྣག་ཚའི་རི་མོ་བྲིས་ཤོག།
མ་བྲིས་སེམས་ཀྱི་རི་མོ།།
གང་གི་ཐོག་ཏུ་འབྲི་སམ།།

བྲིས་ན་རྡོ་བརྐོས་རི་མོ།།
ཟུབ་རྒྱུ་མེད་པ་བྲིས་ཤོག།
མ་བྲིས་སེམས་ཀྱི་རི་མོ།།
སུ་དང་གང་ལ་འབྲི་སམ།།

བྲིས་བྲིས་རི་མོའི་སྒྱུ་རྩལ།།
མཁས་འདོད་ཅན་གྱི་བྲིས་ཤོག།
མ་བྲིས་རི་མོ་རང་བྱོན།།
སེམས་པའི་ནང་གི་རྟེན་ཡིན།།
   


           


☆ཚར☆

拉巴次仁贴吧
ལྷག་པ་ཚེ་རིང་གིས་སྤྱི་སྟེགས་ལ་ཕེབས་པར་དགའ་བསུ་ཞུའོ།བོད་ཀྱི་གླུ་བ་གླུ་མའི་སྒྱུ་རྩལ་འཕྲིན་སྟེགས་ཆེན་མོ།藏区藏族歌手文艺音乐大平台
 最新文章