▶ཆིང་ཧྭ་སློབ་ཆེན་ལ་ཚུད་པའི་སློབ་མ་ཚེ་རིང་ལྷ་མོར་རྟེན་འབྲེལ་ཞུ།

文化   2024-08-07 20:31   西藏  

མཁའ་དབྱིངས་ཀྱི་སྤྲིན་དཀར་ཞེས་པའི་དབྱངས་སྒྲ་སྙན་མོ་འདི་བརྒྱུད་ནས་མེས་པོའི་ཞབས་རྗེས་ལ་བསྐྱར་དྲན་དང་རང་རིགས་ཀྱི་སྐད་དང་ཡི་གེ་གཉིས་སྔར་སོང་རྒྱུན་མཐུད་ཡོང་ཆེད།  བོད་ཁུལ་གྱི་རྩོམ་པ་པོ་རྣམས་པའི་ལེགས་རྩོམ་དག་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་གངས་ཅན་གྱི་ལྗོངས་འདིར་དོན་ལྡན་གྱི་བྱ་བ་ཅུང་ཟད་བསྒྲུབ་རྒྱུའི་མཆོད་སེམས་བརྣལ་མ་ཞིག་བཅངས་བཞིན་མཆིས་སོ།།

མཁའ་

དབྱིངས་

ཀྱི་

སྤྲིན་

དཀར།

空丨中丨云丨彩

གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་མདོ་སྤེ་ཤང་གྲོ་ལུང་གྲོང་ཚོ་ནས་ཡིན་པའི་སློབ་མ་ཚེ་རིང་ལྷ་མོར་ཆིང་ཧྭ་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་ཚུད་བརྡ་ཐོ་འབྱོར་ཞིང་། ད་ལོ་མཐོ་རྒྱུགས་ནང་ཞུགས་མཁན་སློབ་མ་ཚེ་རིང་ལྷ་མོ་ཆིང་ཧྭ་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་ཁྲིམས་ལུགས་རིག་པའི་ཆེད་ལས་ནང་ཚུད་ཡོད་པ་དང་། ཁོང་ནི་གྲོ་ལུང་གྲོང་ཚོའི་ཆིང་ཧྭ་སློབ་ཆེན་དུ་ཚུད་པའི་སློབ་མ་དང་པོར་གྱུར་ཡོད། 

2002ལོར་སྐྱེས་པའི་ཚེ་རིང་ལྷ་མོ་ནི་གྲོ་ལུང་གྲོང་ཚོའི་གྲོང་གསེབ་ཀྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། དམའ་འབྲིང་ནི་གཞིས་རྩེ་གྲོང་ཁྱེར་ཧྲང་ཧའེ་ཚོད་ལྟའི་སློབ་འབྲིང་དུ་སློབ་སྦྱོང་བྱས་པ་དང་། མཐོ་འབྲིང་ནི་ལྷ་ས་སློབ་འབྲིང་དུ་སློབ་སྦྱོང་བྱས། ཆིང་ཧྭ་སློབ་ཆེན་གྱི་སློབ་ཚུད་བརྡ་ཐོ་འབྱོར་སྐབས་ཁོང་མོས་སེམས་འགུལ་ཐེབས་པའི་ངང་། གཟི་བརྗིད་དེ་ནི་ངའི་ཁྱིམ་མི་ཡོངས་ལ་དབང་བ་དང་། ཁྱིམ་མི་ཡོངས་ཀྱིས་ལོ་བཅུ་ལྷག་རིང་ཐུན་མོང་ཐོག་འབད་བརྩོན་བྱས་པ་ལས་ཐོབ་པའི་གྲུབ་འབྲས་རེད་ཅེས་གསུངས།

ལོ་ངོ་བཅུ་ལྷག་རིང་དཀའ་སྤྱད་འབད་བརྩོན་བྱས་ནས་སློབ་སྦྱོང་བྱས་མཐར། ད་ལྟའི་སློབ་ཚུད་བརྡ་ཐོ་འདི་ནི་ཚེ་རིང་ལྷ་མོས་དཀའ་བ་སྤྱད་ནས་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ཤིག་རེད། སློབ་ཆེན་གྱི་འཚོ་བ་འགོ་ཚུགས་གྲབས་ཡོད་པའི་སྐབས་སུ། ཚེ་རིང་ལྷ་མོས་ཀྱང་རང་ཉིད་ཀྱི་ཕུགས་འདུན་དང་རེ་སྒུག་གླེང་ཡོད། 

ཚེ་རིང་ལྷ་མོས། སློབ་ཚུད་བརྡ་ཐོ་འབྱོར་སྐབས་ང་རང་སེམས་འགུལ་ཆེན་པོ་ཐེབས་པ་དང་དགའ་སྤྲོ་ཚད་མེད་སྐྱེས་བྱུང་། ཆིང་ཧྭ་སློབ་ཆེན་ནི་ངས་སེམས་གཏིང་ནས་རེ་སྨོན་བྱེད་སའི་སློབ་ཆེན་ཡིན། ངས་དགེ་རྒན་དང་ཕ་མའི་རེ་བ་སྟོང་ཟད་དུ་མི་གཏོང་བར། སློབ་ཆེན་ནང་ཆེད་ལས་ཀྱི་ཤེས་བྱ་ཡག་པོ་སྦྱོང་བ་དང་། རང་ཉིད་ཀྱི་ནུས་པ་མཐོ་རུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས།  གྲུབ་འབྲས་སྔར་ལས་ལེགས་པའི་སྒོ་ནས་ཕ་མ་དང་དགེ་རྒན་ལ་དྲིན་ལན་འཇལ་རྒྱུ་དང་། སྤྱི་ཚོགས་ལ་ཕན་ཐོགས་ཡོད་པའི་མི་ཞིག་བྱ་རྒྱུ་ཡིན་ཞེས་གསུངས་འདུག 

སློབ་མ་ཚེ་རིང་ལྷ་མོ་ལ་རྟེན་འབྲེལ་ཞུ།  ཆིང་ཧྭ་སློབ་ཆེན་གྱི་ཞིང་ས་གཤིན་པོར་ཁྱེད་ཀྱི་རེ་བའི་ལས་ལ་འབྲས་བཟང་སྨིན་པའི་སྨོན་འདུན་ཞུ། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

空中云彩之音
伴着我们的旋律,将耳边西藏的声音、新生的的文化,同时也将一个最真实的西藏送至您的心底。最后您对这个平台有什么宝贵的意见希望您能第一时间发给我们。谢谢!
 最新文章