གཏམ་བཟང་། ༽ བོད་ལྗོངས་ནས་ཡིན་པའི་ཁོང་པེ་ཅིང་སློབ་ཆེན་དུ་ཚུད་འདུག

文化   2024-08-01 21:13   西藏  

མཁའ་དབྱིངས་ཀྱི་སྤྲིན་དཀར་ཞེས་པའི་དབྱངས་སྒྲ་སྙན་མོ་འདི་བརྒྱུད་ནས་མེས་པོའི་ཞབས་རྗེས་ལ་བསྐྱར་དྲན་དང་རང་རིགས་ཀྱི་སྐད་དང་ཡི་གེ་གཉིས་སྔར་སོང་རྒྱུན་མཐུད་ཡོང་ཆེད།  བོད་ཁུལ་གྱི་རྩོམ་པ་པོ་རྣམས་པའི་ལེགས་རྩོམ་དག་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་གངས་ཅན་གྱི་ལྗོངས་འདིར་དོན་ལྡན་གྱི་བྱ་བ་ཅུང་ཟད་བསྒྲུབ་རྒྱུའི་མཆོད་སེམས་བརྣལ་མ་ཞིག་བཅངས་བཞིན་མཆིས་སོ།།

མཁའ་

དབྱིངས་

ཀྱི་

སྤྲིན་

དཀར།

空丨中丨云丨彩

ཟླ་7ཚེས་21ཉིན་གྱི་སྔ་དྲོ།  སྦྲག་སྲིད་ཀྱི་མཐོ་རྒྱུགས་ཆེད་སྤྱོད་སྐྱེལ་འདྲེན་རླངས་འཁོར་ཞིག་ལྷ་ས་གྲོང་ཁྱེར་ཁྲིམས་འཛིན་ལས་མིའི་སྡོད་ཁུལ་དུ་སླེབས་ཤིང་། པེ་ཅིང་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་ཚུད་བརྡ་ཐོ་ཞིག་སློབ་མ་ནོར་བུ་བཀྲ་ཤིས་ཀྱི་ལག་ཏུ་བསྐྱལ་ཡོད།

2024ལོའི་མཐོ་རྒྱུགས་ཀྱི་སྦྱངས་འབྲས་ཁྱབ་བསྒྲགས་བྱས་པ་དང་། བོད་ལྗོངས་ནས་ཡིན་པའི་ནོར་བུ་བཀྲ་ཤིས་ཀྱིས་སྐར་མ་628ཀྱི་ཕུལ་བྱུང་སྦྱངས་འབྲས་ཐོག་ནས་པེ་ཅིང་སློབ་ཆེན་གྱི་གསར་འགྱུར་དང་ཁྱབ་སྤེལ་སློབ་གླིང་དུ་ཚུད་པ་མ་ཟད།  ཁོང་ནི་2024ལོའི་མཐོ་རྒྱུགས་ཁྲོད་ནང་སའི་བོད་ལྗོངས་འཛིན་གྲྭའི་བོད་རིགས་སློབ་མའི་ནང་གི་རིག་གནས་ཚན་ཁག་གི་ཨང་དང་པོ་ཡང་ཡིན་པ་རེད།

ནོར་བུ་བཀྲ་ཤིས་ནི་པེ་ཅིང་སློབ་འབྲིང་བརྒྱད་ཅུ་ནས་སློབ་མཐར་ཕྱིན་པ་དང་།  ནང་སར་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཁྲོད་ཁོང་གིས་ས་ཁོངས་དང་རིག་གནས་ཀྱི་ཁྱད་པར་ལས་བྱུང་བའི་དཀའ་ངལ་སྣ་ཚོགས་ཁྱད་བསད་བྱས་ཏེ། འགྱུར་མེད་ཀྱི་དད་སེམས་དང་འབད་བརྩོན་ལྷོད་མེད་བྱས་པར་བརྟེན། མཐར་ཕུལ་བྱུང་གི་གྲུབ་འབྲས་ཐོབ་ནས་རང་ཉིད་ཀྱི་ཕུགས་འདུན་མངོན་གྱུར་བྱུང་།

ཁོང་གིས། མཐོ་རྒྱུགས་འགོ་མ་ཚུགས་གོང་གི་སྐར་མ་ལྔའི་ནང་། ངས་རང་ཉིད་ཀྱི་སེམས་ལྷོད་ལ་བབ་གང་ཐུབ་བྱས་པ་དང་། རང་གིས་རང་ལ་ད་བར་འབད་བརྩོན་ཆེན་པོ་བྱས་པས་རང་ཉིད་ལ་ཡིད་ཆེས་ཡོད་དགོས། བློ་བདེ་བག་ཕེབས་ངང་རང་གིས་ཤེས་པའི་ནང་དོན་ཚང་མ་ནུས་པས་ལྕོགས་ཚོད་ཀྱིས་དྲིས་ལན་ཡག་པོ་བརྒྱབ་ཚེ། པེ་ཅིང་སློབ་ཆེན་དུ་རྒྱུགས་འཕྲོད་རྒྱུ་དེའང་ངའི་བསམ་ཡུལ་ལས་འདས་པ་ཞིག་མིན་ཞེས་རང་གི་རང་ལ་སྐུལ་ལྕག་བྱས་པ་ཡིན་ཞེས་བརྗོད་པ་རེད། 

གསར་འགོད་པས་ནོར་བུ་བཀྲ་ཤིས་ཀྱི་ཁྱིམ་དུ་རོལ་དབྱངས་གྲགས་ཅན་མི་སྣའི་ཆེད་བསྒྲིགས་མང་པོ་མཐོང་བྱུང་། ནོར་བུ་བཀྲ་ཤིས་ཀྱིས་གསར་འགོད་པར་ཁོང་ཉིད་གླུ་དབྱངས་དང་ཞབས་བྲོ་སོགས་ལ་དགའ་པོ་ཡོད། བོད་ཀྱི་རོལ་དབྱངས་ལ་དགའ་བས་མི་ཚད་ད་དུང་ཕྱི་རྒྱལ་གྱི་Kpopརོལ་དབྱངས་ལའང་དགའ་པོ་ཡོད་ཚུལ་གླེང་ཞོར་དུ་རང་ཉིད་ཀྱིས་ཉར་ཚགས་བྱས་པའི་བརྩམས་ཆོས་ཆེད་བསྒྲིགས་སོགས་གསར་འགོད་པར་བསྟན། ཁོང་གིས། འདི་དག་ཚང་མ་ངས་རང་ཉིད་ཀྱི་ལག་དངུལ་སྤྱད་དེ་ཉོས་པ་ཡིན།  ང་རང་ལ་སློབ་སྦྱོང་ཐད་གནོན་ཤུགས་ཆེན་པོ་འཕྲད་སྐབས་རོལ་དབྱངས་ཀྱིས་ངའི་སེམས་ཁམས་ལྷོད་ལ་འབབ་ཏུ་བཅུག་གི་འདུག་ཅེས་བརྗོད་པ་རེད།

ནོར་བུ་བཀྲ་ཤིས་ཀྱི་ཨ་མ་མིག་དམར་བུ་ཁྲིད་ནི་ཁྲིམས་འཛིན་སྲིད་འཛིན་མི་སྣ་ཞིག་ཡིན་ཞིང་།  ཁོང་ཉིད་རྒྱུན་པར་ཨ་མ་ལགས་དང་ལྷན་དུ་བཅའ་ཁྲིམས་ཐད་ཀྱི་གནད་དོན་ལ་གྲོས་བསྡུར་བྱེད་པར་ཧ་ཅང་དགའ་པོ་ཡོད།   མིག་དམར་བུ་ཁྲིད་ཀྱིས་ངའི་བུ་དང་ངེད་གཉིས་དུས་རྒྱུན་གྲོགས་པོ་དང་འདྲ་པོ་ཡོད།  སློབ་སྦྱོང་གི་སྦྱངས་འབྲས་ལས་ངས་ཕྲུ་གུའི་ལུས་སེམས་བདེ་ཐང་ལ་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད།     ང་རང་བུའི་སེམས་ཁམས་གསོ་མཁན་ཞིག་དང་བྱ་བ་གང་ཞིག་ཡིན་རུང་བུས་ང་དང་མཉམ་སྤྱོད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས།

ནོར་བུ་བཀྲ་ཤིས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས། རང་ཉིད་ཀྱི་ཕུགས་འདུན་སེམས་ལ་བཅངས་ཏེ་འབད་འཐབ་བྱེད་ཕོད་ན།  མདུན་ཕྱོགས་སུ་དཀའ་ངལ་གང་འདྲ་ཡོད་ཀྱང་འོད་ཟེར་སྟོང་ལྡན་གྱི་མ་འོངས་གཏོད་ཐུབ་པར་ར་སྤྲོད་གང་ལེགས་བྱས་ཡོད། ཁོང་ཉིད་ལ་རྟེན་འབྲེལ་ཞུ་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

空中云彩之音
伴着我们的旋律,将耳边西藏的声音、新生的的文化,同时也将一个最真实的西藏送至您的心底。最后您对这个平台有什么宝贵的意见希望您能第一时间发给我们。谢谢!
 最新文章