མཁའ་དབྱིངས་ཀྱི་སྤྲིན་དཀར་ཞེས་པའི་དབྱངས་སྒྲ་སྙན་མོ་འདི་བརྒྱུད་ནས་མེས་པོའི་ཞབས་རྗེས་ལ་བསྐྱར་དྲན་དང་རང་རིགས་ཀྱི་སྐད་དང་ཡི་གེ་གཉིས་སྔར་སོང་རྒྱུན་མཐུད་ཡོང་ཆེད། བོད་ཁུལ་གྱི་རྩོམ་པ་པོ་རྣམས་པའི་ལེགས་རྩོམ་དག་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་གངས་ཅན་གྱི་ལྗོངས་འདིར་དོན་ལྡན་གྱི་བྱ་བ་ཅུང་ཟད་བསྒྲུབ་རྒྱུའི་མཆོད་སེམས་བརྣལ་མ་ཞིག་བཅངས་བཞིན་མཆིས་སོ།།
མཁའ་
དབྱིངས་
ཀྱི་
སྤྲིན་
དཀར།
空丨中丨云丨彩
ཏང་གི་མཛད་ཕྱོགས་སྲིད་ཇུས་བཟང་པོ་ཡི་བཀའ་དྲིན། །
མཁའ་ལ་འཕགས་པའི་ནམ་མཁའི་ནོར་བུ་དང་འདྲ་བས། །
ཞིང་འབྲོག་དམངས་ཀྱི་བདེ་སྐྱིད་འཚོ་བ་ཡི་འཛུམ་མདངས། །
ས་ལ་རྒྱུ་བའི་འབྲི་ཆུའི་རླབས་ཕྲེང་དང་མཚུངས་སོ། །
སྤྱི་ལོ་2035ལོར་སླེབས་སྐབས། ཀྲུང་གོ་འདི་ཉིད་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་བསྐྲུན་ཚར་བ་བྱ་རྒྱུ་དེ་ཏང་ཀྲུང་དབྱང་གིས་བཏོན་པའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་མ་ཟད། དེ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་བཤད་ཡང་ནས་བསྐྱར་དུ་གནང་ས་དང་ཐུགས་རེ་ཟབ་མོ་བཅོལ་བའི་རྒྱལ་ཁབ་ཀྱི་དོན་ཆེན་ཞིག་ཀྱང་རེད། དེར་བརྟེན། ས་གནས་ཁག་དང་ཚན་པ་ཁག་ནས་སློག་གསོའི་བྱ་གཞག་ལ་མཐོང་ཧ་ཅང་ཆེན་པོ་བྱེད་པ་དང་། སྤྱི་ཚོགས་ཐོག་སློབ་གསོའི་བྱ་གཞག་དོན་གཉེར་ལ་ཕྱོགས་མཐའ་ཀུན་གྱིས་ཕྱར་བ་གྲུ་འདེགས་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ཡང་ཏང་གི་ཐུགས་ཁུར་དང་། སྤུན་ཟླའི་ཞིང་ཆེན་གྱི་རོགས་རམ། བོད་ལྗོངས་རང་ཉིད་ཀྱི་མཐོང་ཆེན་སོགས་ལ་བརྟེན་པས་ཡར་ངོའི་ཟླ་བཞིན་ཇེ་གསལ་དུ་འགྲོ་བཞིན་ཡོད། དཔེ་མཚོན་ཙམ་ཞུས་ན། སློབ་གྲྭ་འབྲིང་ཆུང་གི་སློབ་མར་སློབ་གསོའི་འགན་ལེན་གསུམ་གྱི་གཟིགས་སྐྱོང་སྲིད་ཇུས་མངོན་འགྱུར་བྱུང་ཡོད་ཅིང་། སློབ་གྲྭ་ཆེ་ཁག་ཏུ་རྒྱུགས་འཕྲོད་ན་སློབ་ཡོན་སོགས་ཀྱི་ཐད་འགན་ལེན་ཧྲ་ཏག་ཏག་གནང་གི་ཡོད། དེབ་རིན་ལྟོ་རིན་མི་དགོས། །འགན་ལེན་གཞུང་ནས་གནང་གིས། །ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།