▶ལག་པ་གཅིག་ཨམ་ཕྲག་ནང་བཅུག་ནས་གསེར་གྱི་རྟཊ་མ་གསུམ་པ་དེ་བླངས་འདུག

文化   2024-07-29 21:58   西藏  

མཁའ་དབྱིངས་ཀྱི་སྤྲིན་དཀར་ཞེས་པའི་དབྱངས་སྒྲ་སྙན་མོ་འདི་བརྒྱུད་ནས་མེས་པོའི་ཞབས་རྗེས་ལ་བསྐྱར་དྲན་དང་རང་རིགས་ཀྱི་སྐད་དང་ཡི་གེ་གཉིས་སྔར་སོང་རྒྱུན་མཐུད་ཡོང་ཆེད།  བོད་ཁུལ་གྱི་རྩོམ་པ་པོ་རྣམས་པའི་ལེགས་རྩོམ་དག་རོལ་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་གངས་ཅན་གྱི་ལྗོངས་འདིར་དོན་ལྡན་གྱི་བྱ་བ་ཅུང་ཟད་བསྒྲུབ་རྒྱུའི་མཆོད་སེམས་བརྣལ་མ་ཞིག་བཅངས་བཞིན་མཆིས་སོ།།

མཁའ་

དབྱིངས་

ཀྱི་

སྤྲིན་

དཀར།

空丨中丨云丨彩

སྤྱི་ཟླ་7ཚེས་28ཉིན། ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་སྐྱེས་པའི་སྨི་10ཡི་རླུང་ཤུགས་དཀྲུམ་མདའི་ཚ་ཁ་འགྲན་བསྡུར་ནང་། ཀྲུང་གོའི་ལུས་རྩལ་པ་ཤེ་ཡུད་ལ་གསེར་གྱི་རྟགས་མ་ཐོབ་ཡོད། དེ་ནི་ཀྲུང་གོའི་འཐུས་མི་རུ་ཁག་ལ་ཐེངས་འདིའི་ཨོ་རྩལ་འགྲན་ཚོགས་ཐོག་ཐོབ་པའི་གསེར་གྱི་རྟགས་མ་གསུམ་པ་དེ་རེད། 
ཤེ་ཡུད་ནི་ཐེམ་ཁུངས་ཀུད་ཀྲོའུ་ཞིང་ཆེན་པི་ཅེ་གྲོང་ཁྱེར་ནས་ཡིན་པའི་ལུས་རྩལ་པ་ཞིག་ཡིན། ཁོང་གི་མ་ཡུམ་སློབ་གྲྭར་དགེ་སློབ་བཞི་བརྒྱ་ལྷག་གིས་འགྲན་བསྡུར་དེར་དོ་ཁུར་བྱེད་བཞིན་ཡོད། ཁོང་ཚོ་གཅིག་ཏུ་འཛོམས་ནས་ཤེ་ཡུད་ཀྱིས་དཀྲུམ་མདའ་རྒྱག་ཐེངས་རེར་དགའ་འབོད་རེ་བྱེད་ཀྱི་ཡོད། 

ཤེ་ཡུད་ནི་པི་ཅེ་གྲོང་ཁྱེར་ནག་ཡུང་རྫོང་ཧྭ་ཙོ་ཤང་གི་མི་ཡིན། ནག་ཡུང་གི་རི་གྲོང་ནས་རྒྱལ་སྤྱིའི་གར་སྟེགས་ལ་སྐྱོད་ཐུབ་པ་དེ་ནི་ཁོང་གི་ལྷན་སྐྱེས་རྩལ་ནུས་དང་འབྲེལ་བ་ཡོད་ལ། བྱམས་ལྡན་ཨ་ཁུས་ལམ་སྟོན་བྱས་པ་དང་། དགེ་རྒན་བཟང་པོས་ཁྲིད་སྟོན་གནང་བ། བརྩོན་པའི་ལམ་ལ་འཇུག་པ་བཅས་དང་ཡང་འབྲེལ་བ་ཡོད། ཤེ་ཡུད་ཆུང་དུས་ཕ་མ་གཉིས་འཁྲིས་སུ་མེད་ཅིང་། ཨ་ཁུ་མཉམ་དུ་འཚོ་བ་སྐྱེལ་གྱི་ཡོད། སྐབས་དེ་དུས་ཤེ་ཡུད་ཀྱི་ཨ་ཁུས་ཁོང་སྦྱངས་འབྲས་འབུར་དུ་ཐོན་པ་མེད་རུང་། ལུས་རྩལ་ཐད་རྩེར་སོན་པ་ཞིག་ཡོད་པ་ཤེས་རྟོགས་བྱུང་ཡོད།

 


སྤྱི་ལོ་2014ལོར་ཁོང་གི་ཨ་ཁུས་ཤེ་ཡུད་པི་ཅེ་གྲོང་ཁྱེར་ལུས་རྩལ་སློབ་གྲྭར་དཀྲུམ་མདའ་རྒྱག་སྟངས་སློབ་སྦྱོང་བྱེད་པར་བཏང་ཡོད། བང་ཤིན་ཀྲེ་སྐབས་དེ་དུས་པི་ཅེ་ལུས་རྩལ་སློབ་གྲྭའི་ཚ་ཁའི་རྣམ་གྲངས་ཀྱི་གཙོ་འགན་འཁུར་མཁན་དགེ་རྒན་ཡིན་པ་རེད། ཁོང་གིས། ཤེ་ཡུད་ནི་ལྷན་སྐྱེས་ཀྱི་ཡོན་ཏན་ལྡན་པ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ལོ་གཅིག་སོང་རྗེས། ཀུད་ཀྲོའུ་ཞིང་ཆེན་གྱི་ཚ་ཁའི་ལེགས་སྐྱེས་འགྲན་བསྡུར་ཐོག ཤེ་ཡུད་ལ་སྐྱེས་པའི་ལོ་ཆུང་ཚོགས་ཆུང་གི་སྨི་10ཡི་རླུང་ཤུགས་དཀྲུམ་མདའ་དང་། སྨི་50ཡི་དཀྲུམ་མདའི་འགྲན་བསྡུར་རྣམ་གྲངས་གཉིས་ཀྱི་གསེར་གྱི་རྟགས་མ་ཐོབ་ཡོད། 

ཚ་ཁའི་འགྲན་བསྡུར་ནི་ཞིབ་ཚགས་ཀྱི་བྱ་བ་ཞིག་ཡིན་པས། སྦྱོང་བརྡར་མང་པོ་བྱས་ནས་རང་ཉིད་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས་ཀྱི་ཡོད། པི་ཅེ་ལུས་རྩལ་སློབ་གྲྭར་སློབ་སྦྱོང་བྱེད་པའི་ལོ་གཉིས་ནང་། ཤེ་ཡུད་ཀྱིས་དཀའ་བ་མང་པོ་སྤྱད་ཡོད་ཅིང་། དེ་དག་བང་ཤིན་ཀྲེས་མིག་མཐོང་ལག་ཟིན་བྱུང་ཡོད། 

ཤེ་ཡུད་ལ་གསེར་གྱི་རྟགས་མ་ཐོབ་པའི་ཐད། བང་ཤིན་ཀྲེས། ཤེ་ཡུད་ཀྱིས་ཀྲུང་གོའི་འཐུས་ཚབ་བྱས་ཏེ་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཐོག་གྲུབ་འབྲས་ཡག་པོ་བླངས་པས་ང་ཚོ་སྤོབས་པ་སྐྱེ་ཡི་འདུག་ཅེས་བརྗོད་ཡོད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

空中云彩之音
伴着我们的旋律,将耳边西藏的声音、新生的的文化,同时也将一个最真实的西藏送至您的心底。最后您对这个平台有什么宝贵的意见希望您能第一时间发给我们。谢谢!
 最新文章