恰美仁波切 · 禳解法總集之 · 度母消災法短軌

文摘   2024-11-22 22:44   云南  

=== 愿 诸 见 闻 者  •  速 疾 成 佛 道 ===




༄༅།།ཆགས་མེད་གཏོ་འབུམ་ལས་ཁོལ་དུ་ཕྱུང་བ་སྒྲོལ་མ་གཡུལ་ཟློག་བསྡུས་པ་བཞུགས་སོ།།
【恰美仁波切禳解法總集之度母消災法短軌】


༈ ཐོག་མར་སྐྱབས་སེམས་གསོལ་འདེབས་ནི།
首先皈依發心祈請如下


ན་མོ

南  摩

དཀོན་མཆོག་གསུམ་དང་རྩ་བ་གསུམ༔

袞秋 松當 札瓦松     三寶三根本聖眾

སྐྱབས་གནས་རྣམས་ལ་སྐྱབས་སུ་མཆི༔

嘉內 南拉 嘉素     皈依一切皈依處

འགྲོ་ཀུན་སངས་རྒྱས་ལ་འགོད་ཕྱིར༔ 

卓棍 桑傑 拉貴企     為令眾生皆成佛

བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དོ༔

強秋 秋都 森皆多     生起最勝菩提心

ལན་གསུམ། 唸 三 遍


༈ མདོས་ལ་དམིགས་པ་མཆོད་སྦྱིན་སྦྱངས་སྤེལ་ནི།

於所緣靈器施供物淨增如下


ཨོཾ་ཡ་མྲྀ་ཏེ་ཧཱུྃ་ཕཊ།

嗡 阿密喋 吽呸


ཨོཾ་སྭ་བྷཱ་ཝ་ཤུདྡྷཿ  སརྦ་དྷརྨཿ  སྭ་བྷཱ་ཝ་ཤུདྡྷོ྅་ཧཾ།

嗡 梭巴哇 修達 薩哇 達瑪 梭巴哇 修多杭


གིས་སྦྱངས། 淨.空

སྟོང་པའི་ངང་ལས་བྷྲཱུཾ་ཡིག་ཡོངས་གྱུར་པའི།།

東貝 昂列 宗優 雍就貝    空性當中由宗所化現

ཡིད་འོང་མཛེས་ལྡན་ངར་གྱི་མི་བོ་ཆེ།།

宜翁 則滇 阿吉 密喔切    具飾披綢悅意大力士

ཁམས་དང་སྐྱེ་མཆེད་དབང་པོ་སྒོ་ལྔ་ཚང་།།

堪倘 皆且 旺波 過阿昌    界與六入五根皆齊全

རེ་རེར་ལ་ཡང་བརྒྱ་སྟོང་གྲངས་མེད་འགྱུར།།

瑞日 拉揚 嘉東 昌美就    每一複化無數大力士

འདོད་ཡོན་ལྔ་ལྡན་ལོངས་སྤྱོད་ཟད་མི་ཤེས།།

堆元 阿滇 隆覺 謝密謝    具五妙慾受用無盡斷

རང་རང་མཁོ་དགོས་དཔལ་དང་ལྡན་པར་གྱུར།།

讓讓 擴皈 巴倘 滇巴就    各自受用應有盡有現


ཨོཾ་ཨཱཿ ཧཱུྃ།

嗡 阿 吽


ན་མཿ  སརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་མུ་ཁེ་བྷྱེཿ  སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱ་ཧཱ།

那瑪 薩哇 達他嘎喋 拔悠 比修 目給貝 薩哇

他康 鄔嘎喋 薩帕 那 宜芒 嘎嘎那康 梭哈


ལན་གསུམ་བརྗོད།  唸 三 遍

བདག་གི་བསམ་པའི་སྟོབས་དང་ནི།།

達吉 桑貝 多倘尼    以我所發思維力

དེ་བཞིན་གཤེགས་པའི་སྦྱིན་སྟོབས་དང་།།

帖暇 謝貝 謹多倘    如來所行布施力

ཆོས་ཀྱི་དབྱིངས་ཀྱི་སྟོབས་རྣམས་ཀྱིས།།

卻吉 映吉 多南吉    以及法界諸力量

མདོས་བདག་རྣམས་ལ་མཆོད་པ་དང་།།

多達 南拉 卻巴倘    布施冤親業債主

སེམས་ཅན་རྣམས་ལ་ཕན་བདག་སླད།།

森間 南拉 遍達列    為利諸眾普天情

དོན་རྣམས་གང་དག་བསམ་པ་ཀུན།།

屯南 岡他 桑巴棍    心中所欲諸事情

དེ་དག་ཐམས་ཅད་ཅི་རིགས་པ།།

帖他 湯界 吉瑞巴    所有這些皆各自

ཐོོགས་པ་མེད་པར་འབྱུང་གྱུར་ཅིག།

透巴 美巴 瓊就季    無礙圓滿所欲事


བདེན་སྟོབས་བརྗོད།  宣 真 諦 力


ན་མོ།

南  摩

སངས་རྒྱས་ཀྱི་བཀའ་བདེན་པ་དང་།།

森傑 吉嘎 滇巴倘    佛之真諦力

ཆོས་ཀྱི་བཀའ་བདེན་པ་དང་།།

卻 吉 嘎 滇 巴 倘    法之真諦力

དགེ་འདུན་གྱི་བཀའ་བདེན་པ་དང་།།

給敦吉 嘎 滇巴倘    僧之真諦力

བདེན་པ་ཆེན་པོའི་མཐུས།།

滇 巴 千 坡 突     及大真諦之力

བདག་ཅག་མི་ནོར་བསྲུང་བྱ་ཐམས་ཅད་ལ་གནོད་ཅིང་འཚེ་བར་བྱེད་

པའི་གདོན་བགེགས་ཐམས་ཅད་འདིར་མཆིས་པར་གྱུར། ཊཱ་ཀི་ཧཱུྃ་ཛཿ

達佳 密諾 松洽 湯界拉 虐淨 策拔

且貝 頓給 湯界迪 契巴就 札期 吽札

對吾等人財所護眾之危害者即刻到此


ལན་གསུམ་བརྗོད་མཐར།  唸 三 遍

དཀོན་མཆོག་རྩ་གསུམ་རབ་འབྱམས་བདེན་སྟོབས་ཀྱིས།།

棍秋 札孫 罖將 滇多吉    無邊三寶三根眾諦力

འདྲེ་མོ་གཤེད་འཁྱམས་བྱེད་པོ་མི་མ་ཡིན།།

哲嫫 謝欠 且波 密瑪寅    女鬼非人漂遊劊子手

བདག་ཅག་མི་ནོར་བསྲུང་བྱ་ཐམས་ཅད་ལ།།

達佳 密諾 松洽 湯界拉    吾等人財所護所有眾

འཚེ་བར་བྱེད་པའི་གདོན་བགེགས་མ་ལུས་པ།།

遮哇 且貝 頓給 瑪呂巴    危害眾魔無餘身何處

ས་འོག་ས་སྟེང་ས་བླ་གར་གནས་ཀྱང་།།

薩哦 薩丁 薩喇 嘎內羌    地上地下中央等地方

དམིགས་པའི་གླུད་གཟུགས་འདི་ལ་དབྱེར་མེད་གྱུར།།

密貝 路俗 迪拉 耶美就    跟此所緣替身轉無二


ལན་གསུམ་བརྗོད།  唸 三 遍

༈ ངར་མི་གཅིག་ལ་གཏོར་ཆུང་བཅོ་བརྒྱད་བསྐོར། དེ་ལ་ནམ་མཁའ་རྒྱང་བུ་མདའ་འཕང་འཛུགས། ཆངས་བུ་མར་མེ་དར་མཚོན་ཟས་སྣ་བཞག།  一小替身的周圍繞放十八個小食子朵瑪,並且供放彩線編成的供物、護籬、立箭、紡錘,一握式面塊、網緞、刀器、供燈及食物。

ཀྱཻ།


རྗེ་བཙུན་བཅོམ་ལྡན་འདས་མ་ཐུགས་རྗེ་ཅན།།

傑尊 炯滇 喋瑪 突傑間    具悲怙主薄伽梵度母

བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི།།

達倘 塔耶 森間 湯界吉    我和無邊浩瀚眾生之

དུས་མིན་འཆི་བ་བཅོ་བརྒྱད་བདུད་དང་བགེགས།།

讀敏 契哇 久傑 讀倘給    十八非時死亡魔與鬼

མ་རུངས་འབྱུང་པོ་སྡེ་བརྒྱད་མི་མ་ཡིན།།

瑪容 瓊波 喋傑 密瑪寅    兇狠魔鬼八部及非人

ཕ་རོལ་འཁྲུག་རྩོད་དུས་ཀྱི་གཡུལ་ངོ་བསྒྱུར།།

帕若 出作 讀吉 優哦究    他方紛爭時亂皆擊退


ཞེས་གྲངས་བསག་ནས་མཐར།  རྫོངས་འདེབས་བསྔོ་བ་ནི།  
如是唸完後。送替身,唸祈請迴向。


ཨོཾ་ཨཱཿ ཧཱུྃ།

嗡 阿 吽


བདེ་གཤེགས་རིན་ཆེན་མང་དང་གཟུགས་མཛེས་དང་།།

喋謝 仁千 芒倘 俗則倘    多寶如來妙色佛

འབྱམས་ཀླས་འཇིགས་ཀུན་བྲལ་ལ་ཕྱག་འཚལ་ལོ།།

將列 記棍 察拉 恰擦洛    無邊離畏佛頂禮

བགེགས་ཆེན་བཞི་དང་སྟོང་ཕྲག་བརྒྱད་བཅུའི་གདོན།།

給千 息倘 東剎 傑追頓    四魔以及八萬厲

རྒྱལ་བསེན་དམ་སྲི་རྒྱལ་འདྲེ་ཡུལ་འདྲེ་དང་།།

加森 唐夕 加哲 優哲倘    居鬼王魔爭戰鬼

སྲིད་པའི་འཁྲུགས་་འདྲེ་ཐན་སྐྱ་ཉི་ཤུ་གཅིག།

夕貝 出哲 滇佳 涅書季    二十一種惡兆鬼

མི་ཁ་དགྲ་མཆུ་ཀླུ་སྲིན་ཕོ་མོའི་གདོན།།

密卡 札出 路辛 波嫫頓    人舌敵批龍族魔

ཟ་འདྲེ་ཤི་འདྲེ་ལྟོག་འགོངས་དབུལ་སྲི་དང་།།

薩哲 息哲 多皈 鄔夕倘    饞鬼死鬼餓鬼等

ལྟེ་ཕུར་ནག་མོ་འདྲེ་སྲིན་དགུ་འཁོར་བཅས།།

喋普 那嫫 哲辛 固擴皆    窮鬼女鬼圍九魔

དམན་མོ་མོ་གདོན་བཙན་འདྲེ་ལམ་འདྲེ་དང་།།

免嫫 嫫頓 珍哲 朗哲倘    殺手女魔道路鬼

བྱིས་པའི་གདོན་ཆེན་བཅོ་ལྔ་ལོ་སྤར་སྨེ།།

吉貝 頓千 久阿 洛巴美    十五種類幼童魔

སྔགས་་བཙུན་བུད་མེད་སྤྱོད་པ་དམ་ལས་འདས།།

阿尊 樸美 覺巴 唐列喋    咒僧女子行越誓

སྨོན་ལམ་ལོག་པའི་མཚམས་སྦྱར་ངན་པ་ནི།།

悶朗 洛貝 參佳 安巴尼    因發邪願而變成

ངན་འདྲེ་གྱུར་པ་ཤི་འདྲེ་ཤི་སྲི་དང་།།

安哲 就巴 息哲 息夕倘    厲魔死鬼死煞等

བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་ལ།།

達佳 奔洛 松洽 密諾拉    與吾師生人與財

ཚེ་རབས་འཁོར་བ་ཐོག་མ་མེད་པ་ནས།།

策罖 擴哇 透瑪 美巴內    無始累世與他結

ཟས་ནོར་སྲོག་གི་ལན་ཆགས་ཡོད་པ་རྣམས།།

瑟諾 索吉 朗恰 約巴南    財命冤親債主們

ཟ་རེ་འཐུང་སྙོམ་བྱེད་པའི་སདྲེ་གདོན་རིགས།།

薩瑞 通諾 且貝 哲頓瑞    曾經相處鬼魔類

དཀོན་མཆོག་རྩ་གསུམ་རབ་འབྱམས་བདེན་པའི་མཐུས།།

棍秋 札孫 罖將 滇貝突    今因三寶三根力

ཐམས་ཅད་མ་ལུས་ངོམས་ཤིང་ཚིམ་གྱུར་ཅིག།

湯界 瑪呂 喔興 慶就季    所有無餘得滿足

བཀྲེས་སྐོམ་སྡུག་བསྔལ་ཀུན་ཞི་ཕན་སེམས་ལྡན།།

札貢 讀阿 棍息 遍森滇    平息饑渴得利心

མཐར་ཐུག་བདག་གིས་སངས་རྒྱས་ཐོབ་པར་ཤོག།

塔突 達吉 桑傑 託巴修    究竟因我得佛果


ན་མཿ སརྦ་ཏ་ཐཱ་ག་ཏ་ཨཱ་ཝ་ལོ་ཀི་ཏེ་ཨོཾ་སམྦྷ་ར་སམྦྷ་ར་ཧཱུྃ།

那瑪 薩哇 答他嘎達 阿哇 洛喋 嗡 桑巴罖 桑巴罖 吽


ཅེས་རྫོངས་འདེབས་བྱས་ལ། གླུད་གང་ཡིན་མགོ་མཇུག་ལ་བརྒྱའམ་ཉེར་གཅིག་གང་ལྕོགས་མཐར།
  在替身首尾各唸二十一或百遍,唸畢:


ན་མོ།
南  摩


ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་།།

卻南 湯界 就列瓊    萬法皆由因而生

དེ་རྒྱུ་དེ་བཞིན་གཤེགས་པས་གསུངས།།

帖就 帖欣 謝貝松    此因唯是如來知

རྒྱུ་ལ་འགོག་པ་གང་ཡིན་པ།།

就拉 夠巴 岡寅巴    何為能礙因之事

དགེ་སྦྱོང་ཆེན་པོས་འདི་སྐད་གསུངས།།

給窘 千貝 迪給松    摩訶沙門如是說


སྡིག་པ་ཅི་ཡང་མི་བྱ་ཞིང་།།

迪巴 吉揚 密洽興    莫做任何惡

དགེ་བ་ཕུན་སུམ་ཚོགས་པར་སྤྱད།།

給哇 噴孫 措巴界    諸善圓滿行

རང་གི་སེམས་ནི་ཡོངས་སུ་འདུལ།།

讓吉 森尼 雍速杜    究竟調己意

འདི་ནི་སངས་རྒྱ་བསྟན་པ་ཡིན།།

迪尼 桑傑 滇巴寅    此乃佛教法


བརྗོད་ལ་མར་མེ་སྤར་ལ་གཏོར་གླུད་ཁ་ཕྱིར་བསྒྱུར་ལ་བཞག་ནས།
到此後點燈並把替身面轉向外方


བསྭོ།


བསྐུལ་ལོ་འདྲེ་གདོན་འབྱུང་པོའི་ཚོགས།།

固洛 哲頓 瓊坡措    勸請一切鬼魔眾

དཔོན་གཡོག་མང་སྤྲུལ་འཁོར་བཅས་ཀུན།།

奔優 芒朱 擴皆棍    面前所變主僕眷

མི་ནོར་ལྷག་པའི་འདོད་ཡོན་འདི།།

密諾 拉貝 堆元迪    勝於實人此妙欲

ཁྱེར་ཅིག་བཞེས་ཤིག་ལྷ་འདྲེའི་ཚོགས།།

切季 謝息 拉哲措    全部受用神鬼眾

བདག་དང་རྒྱུ་སྦྱོར་ཡོན་བདས་གིས།།

達倘 就左 元達吉    勿做我和施主之

ཚེ་བརྐུ་སྲོག་བདུད་བགེགས་མ་བྱེད།།

策棍 索讀 給瑪且    偷壽奪命等障礙

བཟུང་བ་ཐོང་ལ་བཅིང་པ་ཁྲོལ།།

松哇 通拉 淨巴措    被抓放而被捆解

བསྡམ་པ་ལྷོད་ལ་མནན་པ་ཆོག།

當巴 洛拉 年巴措    被縛松而被壓放

བུ་ལོན་བྱང་ལ་ལན་ཆགས་བསྒྱུར།།

樸倫 強拉 連恰究    解清債而轉冤孽

མི་ལ་ན་ཚ་བར་ཆད་བསྒྱུར།།

密拉 那察 拔切究    人之疾病障礙轉

ཕྱུགས་ལ་གོད་ཁ་ཡམས་ནད་བསྒྱུར།།

秋拉 皈卡 揚內究    畜之損亡瘟疫轉

སྡེ་བརྒྱད་བན་་བོན་བྱད་མ་བསྒྱུར།།

喋傑 邊奔 切瑪究    八部僧苯詛咒轉

ནད་མུག་མཚོན་འཁྲུག་གཡུལ་ངོ་བསྒྱུར།།

內目 村出 優哦究    饑病刀兵戰爭轉

སྤར་སྨེ་ལོ་ཟླ་ཞག་དུས་ཀྱིས།།

巴美 洛達 暇讀吉    九宮八卦年月日

གེགས་བདུད་གཤེད་གསུམ་བཟློག་ཅིག་བརྒྱུར།།

給讀 謝孫 多季究    障魔怨敵轉而避

དགྲ་འདྲེ་བསམ་སྦྱོར་ལོག་པ་བཟློག་ཅིག་བསྒྱུར།།

札哲桑左洛巴多季究  敵魔邪心邪行轉


༈ ལམ་བསྟན་པ་ནི།
引 道 如 下


ཧཱུྃ་ཧཱུྃ།

吽  吽


རང་བཞིན་ཀུན་ལ་གནོད་བྱེད་འདྲེ་གདོན་བགེགས།།

讓欣 棍拉 虐且 哲頓給    危害自他妖魔眾

སྟོང་ཉིད་སྙིང་རྗེའི་མཆོད་སྦྱིན་མགྲོན་རིགས་ཀུན།།

東涅 寧傑 卻謹 尊瑞棍    悲空供施賓客類

ས་འོག་ས་སྟེང་ས་བླ་གར་གནས་ཀྱང་།།

薩哦 薩丁 薩喇 嘎內羌    地下地上中央處

དགའ་མགུ་ངོམས་པར་གྱིས་ལ་རང་གནས་སུ།།

嘎固 哦巴 吉拉 讓內速    身處何方喜滿足

ཚད་མེད་སྟོང་ཉིད་དབྱིངས་སུ་འཇའ་ལྟར་གཤེགས།།

切美 東涅 映速 嘉大謝    如虹返回空性界


ཧཱུྃ་ཧཱུྃ་ཧཱུྃ། ཕཊ་ཕཊ་ཕཊ། སརྦ་བྷུད་ཏ་གཙྪ་གཙྪ།

吽吽吽 呸呸呸 薩哇 布大 給札 給札


དགྲ་ཕྱོགས། བདུན་ཟུར།། ལུང་མདོར་གནས་སུ་གོམ་པ་བརྒྱད་བཅུའི་ཕ་རོལ་དུ་བཅོལ་ལོ། བགེགས་ཚོགས་འབྱུང་པོ་ཐམས་ཅད་མཐའ་མེད་རྒྱ་མཚོའི་ཕ་རོལ་དུ་བསྐྲད་པར་བསྒོམ་ལ། རོལ་མོ་དགུ་བརྡུང་བྱས་ལ། ཐུན་གྱིས་བྲབ་གུ་གུལ་བདུག་ལ་བགེགས་སྔགས་ལ།།  把替身送出有敵方,八十步之外十字路口,觀想一切眾魔趕到無邊大洋彼岸,唸驅魔咒。

ཨོཾ་སུམྦྷ་ནི་སུམྦྷ་ནི་ཧཱུྃ་ཧཱུྃ་ཕཊ།

嗡 孫巴尼 孫巴尼 吽吽 呸

ཨོཾ་གྲྀ་ཧྞ་གྲྀ་ཧྞ་ཧཱུྃ་ཧཱུྃ་ཕཊ།

嗡 知哈那 知哈那 吽吽 呸

ཨོཾ་གྲྀ་ཧྞ་པ་ཡ་གྲྀ་ཧྞ་པ་ཡ་ཧཱུྃ་ཧཱུྃ་ཕཊ།

嗡 知哈那 巴呀 知哈那 巴呀 吽吽 呸

ཨོཾ་ཨཱ་ན་ཡ་ཧོཿབྷ་ག་ཝན་བིདྱཱི་ར་ཛ་ཧཱུྃ་ཧཱུྃ་ཕཊ།

嗡 阿那 呀霍 巴嘎問 比呀 罖札 吽吽 呸


སོགས་བརྗོད་ལ། 等念誦

༈ ཐ་མར་བསྲང་འཁོར་བསྒོམ་པ་ནི།
最 後 觀 護 輪


ཤར་ལྷོ་ནུབ་བྱང་སྟེང་འོག་ཕྱོགས་མཚམས་ནས།།

夏霍 努強 丁哦 秋參內    東南西北上下四偶方

མི་གཡོ་གཤིན་རྗེ་རྟ་མགྲིན་བདུད་རྩི་འཁྱིལ།།

密優 欣傑 大真 讀記替    不動閻王馬明甘露旋

མེ་དང་རྡོ་རྗེའི་གུར་ཁང་ཚྭ་ཚྭ་འཕྲོ།།

美倘 多傑 固康 嚓嚓措    火焰金剛帳蔓嚓嚓響

མི་ནོར་བསྲུང་བྱ་ཐམས་ཅད་ཚུད་པར་གྱུར།།

密諾 松洽 湯界 促巴就    人財所護皆被護輪罩


བཛྲ་རཏྣ་པདྨ་ཀརྨ་ཛྭ་ལ་བྷྲཱུཾ་རཀྵ་རཀྵ།

邊札 罖那 悲瑪 嘎瑪 卓拉 宗 罖夏 罖夏


བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།།

給瑞 東詫 傑究 息哇倘    寂滅八十千種魔

མི་མཐུན་གནོད་པའི་རྐྱེན་རྣམས་བྲལ་བ་ཡི།།

密吞 虐貝 見南 察哇宜    遠離一切不順違

མཐུན་པར་གྱུར་ཅིག་ཕུན་སུམ་ཚོགས་གྱུར་པས།།

吞巴 就季 噴孫 措就貝    成就順緣皆圓滿

བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།

札希 喋羌 丁迪 喋列修    如是吉祥今亦祥


༈ དེ་ནས་ཚེ་གཟུངས་ནི།
接後唸長壽咒


འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད།།

記滇 真貝 作哦 策巴美    導世之主無量壽

དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ།།

讀敏 契哇 瑪呂 重貝巴    消滅一切非時死

མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས།།

貢美 讀阿 就巴 南吉佳    無怙苦者之救護

སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ།།

桑傑 策巴 美拉 恰擦洛    頂禮世尊無量壽


ཨོཾ་ཨ་མཱ་ར་ནི་ཛི་ཝནྟི་ཡེ་སྭཱ་ཧཱ།

嗡 阿瑪 罖尼 季溫 體耶 梭哈

ཅི་འགྲུབ་བཟླས།  盡力持誦


དགེ་བ་འདི་ཡི་མྱུར་དུ་བདག།

給哇 迪宜 紐突達    以此善法願迅速

ཚེ་དཔག་མེད་མགོན་འགྲུབ་གྱུར་ནས།།

策巴 美貢 竹就內    成就無量壽怙主

འགྲོ་བ་གཅིག་ཀྱང་མ་ལུས་པ།།

卓哇 季羌 瑪呂巴    一切眾生皆無餘

དེ་ཡི་ས་ལ་འགོད་པར་ཤོག།

帖宜 薩拉 皈巴修    願度彼至其果位


དེ་ནས་རང་ལུགས་ཀྱི་ཡི་དམ་བསྲུང་མའི་ཚོགས་སྐོང་དང་། གཏོར་མ་ཤིས་བརྗོད་བསྡུས་རིམ་བྱའོ།། ཅེས་གཏོ་འབུམ་བསྡུས་པ་འདི་ཡང་ཆགས་མེད་རཱ་ག་ཨ་སྱས་སྦྱར་བའོ།། བཀྲ་ཤིས། དགེའོ།།  並修自派之護法薈供、食子供、唸吉祥文做結束。此短軌是由恰美仁波切造。

大乘天 新号
每做吉祥事,常生欢喜心。
 最新文章