=== 愿 诸 见 闻 者 • 速 疾 成 佛 道 ===
༈ ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔སྒྲོལ་མའི་མཎྜལ་བསྡུས་ཆོག་ཟབ་པའི་སྙིང་པོ་བརྒྱད་ལྡན་ཞེས་བྱ་བ༔
【 法性虛空界藏 · 度母曼紮供略軌 · 具八甚深心要 】
དབྱིངས་རིག་དབྱེར་མེད་སྐུ་གསུམ་ཐིག་ལེའི་ཀློང་༔
因利也妹固鬆替類龍 界明無別三身明點界
ཤེས་རབ་རང་བྱུང་རྗེ་བཙུན་ཏཱ་རེ་མ༔
謝熱讓迴借尊搭雷瑪 勝慧自生至尊達惹瑪
རང་རྩལ་འཕགས་མ་ལྷ་མོ་ཉེར་གཅིག་བཅས༔
讓雜帕瑪拉莫涅計界 自力聖二十一度母尊
རྒྱལ་བའི་ཡོན་ཏན་ཕྲིན་ལས་ཡོངས་རྫོགས་ངང་༔
甲威遠殿稱類永走昂 如來事業功德圓滿體
རྟོག་ཚོགས་ཞེན་པ་བྲལ་བས་ཕྱག་འཚལ་ལོ༔
豆措賢巴乍畏恰叉落 遠離妄念執著敬頂禮
གཟུང་འཛིན་འཁྲུལ་འཁོར་བཟློག་ཕྱིར་སྐྱབས་སུ་མཆི༔
悚增出扣奪企賈速企 迴遮二取妄計誠皈依
ཀུན་བཟང་དགོངས་ཀློང་ཡངས་པར་གསོལ་བ་འདེབས༔
棍桑共龍洋巴索哇爹 普賢廣大意界誠祈請
ཚེ་སྒྲུབ་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས༔
側珠踏入親巴金寄洛 長壽修法究竟祈加持
གང་ཤར་འདོད་ཡོན་བདེ་དགའི་དཔལ་གྱིས་མཆོད༔
港下堆遠爹給巴寄卻 所現妙欲喜樂吉祥供
སྐུ་གསུམ་ལྷུན་གྲུབ་རྟོགས་པའི་མཎྜལ་འབུལ༔
固鬆昏珠豆貝美乍布 三身任運證悟曼紮供
བསོད་ནམས་ཚོགས་གཉིས་རྫོགས་པའི་རྒྱུར་གྱུར་ནས༔
雖南措尼走貝局久涅 願成福慧二資圓滿因
དོན་གཉིས་འབྲས་བུ་སྨིན་པའི་དཔལ་ཐོབ་ཤོག༔
頓尼這部命貝巴透秀 願得二利異熟吉祥果
རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱེད་མཁྱེན་ནོ།།
結尊帕瑪濁瑪妾千諾 至尊聖度母尊汝念知
འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ༎
及當都崙棍累架度所 一切痛苦怖畏祈救度
རྒྱལ་ཀུན་སྐྱེད་མཛད་རྒྱལ་ཡུམ་ཕྲིན་ལས་མ༔
甲棍屆賊甲由稱類瑪 能生諸佛勝母事業母
བསྙེན་སྒྲུབ་མོས་པས་རྒྱུན་དུ་གསོལ་བཏབ་མཐུས༔
年住美貝君度所大圖 念修勝解恆時祈請力
བདག་ཅག་བསོད་ནམས་ཡེ་ཤེས་ཚོགས་རྫོགས་ནས༔
打架雖南耶謝措走涅 圓滿我等福德慧資糧
ཕྲིན་ལས་བཞི་འགྲུབ་མཆོག་ཐུན་དངོས་གྲུབ་སྩོལ༔
稱列細住秋吞虐竹作 四業成就勝共悉地賜
བདག་སྣང་ལྷ་སྔགས་ཆོས་ཉིད་ཆེན་པོའི་ངང་༔
達囊拉昂卻尼千杯昂 自顯尊咒廣大法性中
ཕྲིན་ལས་ལམ་ཁྱེར་འཁོར་བ་དོང་སྤྲུགས་བྱ༔
稱列浪妾扣哇東住甲 事業轉為道用輪迴出
ༀ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
嗡 達惹 度達惹 度惹 梭哈
ཞེས་བཟླས་པ་བདུན་མཐྲ། 唸誦七遍
སྣང་སྲིད་དག་མཉམ་ཆོས་སྐུ་ཆེན་པོའི་ངང་༔
囊司大娘卻因千杯昂 萬有清淨平等法身中
གཟུགས་སྐུ་རྣམ་གཉིས་འགྲོ་བའི་ཁམས་བཞིན་དུ༔
速固商泥卓喂康行度 為利眾生顯現二色身
རྒྱུན་ཆད་མེད་པར་ཕན་བདེའི་དགེ་མཚན་གྱི༔
棍切妹巴片諜給曾記 恒無間斷利樂善吉祥
ཕུན་ཚོགས་བསོད་ནམས་བྱེ་བས་མཛེས་གྱུར་ཅིག༔
噴措雖南界威則久計 俱衹圓滿福德願莊嚴
寧瑪文殊-經典伏藏漢譯NMKT 2020/04