དེ་རིང་དང་སང་ཉིན་གྱི་ལོ་ཐོ། རྒྱལ་སྲས་ལག་ལེན། 9《每日藏历》

文摘   生活   2024-10-04 07:26   西藏  


   



















ལྷན་རྒྱས་ཁམས་བཟང་།  ཁྱེད་རྣམས་པས་དུས་རྒྱུན་དུ་འཕྲིན་སྟེགས་འདིར་དོ་ཁུར་དང་ལྟ་ཀློག་གནང་བར་སྙིང་ཐག་པ་ནས་ཐུག་རྗེ་ཆེ་ཞུ།  གུས་པས་ཀྱང་དུས་ཚོད་དང་འཁོམ་པ་གང་ཡོད་ལྷུར་ལེན་ནས་ནང་དོན་སྤུས་དག་རེ་ཨེ་ཡོང་གི་བསམ་པ་དང་འབད་བརྩོན་བྱེད་བཞིན་ཡོད།  ཁྱེད་རྣམས་ནས་ཀྱང་ལྟ་ཀློག་བྱེད་ཞོརལ་རང་གི་དགའ་ཉེ་ལ་ངོ་སྤྲོད་གནང་བ་དང་སྦྲགསི་གྲོགས་ཚོམས་སོགས་ལ་རྒྱུད་བསྐུར་རེ་གནང་རྒྱུའི་རེ་བ་སྙིང་དབུས་ནས་ཞུ་ཞུ་ཞུ།  

དེ་རིང་།


བོད་ཟླ་བརྒྱད་པ།སྤྱི་ཟླ་བཅུ་པ་ཆེ།
རྒྱ་ཟླ་དགུ་པ་ཆུང་།
42
འབྱུང་འཕྲོད།
ས་རླུང་།---ས་རླུང་།
རེ་གཟའ།
པ་སངས།
ཟླ་སྐར།
མེ་བཞི།---ནག་པ།
གནམ་སྒོ།
ཚོང་མི་བྱ།
སྐྲ་སྐར་བཟང་ངན།
ཁ་མཆུ་འོང་།
རྟེན་འབྲེལ།
སྐྱེ་མཆེད
ཚེས་ཆ།
ཞན།
བུམ་སྟོང་ལྷོ། ཧལ་ཁྱི་ནུབ་སྟོད། ཡས་ལམ་ཤར་ལྷོ། ལྕགས་གླང་། ཉི་དྲོས་སྔ་ཆ།

ཟླ་འདིར་ཚེས་༢༠ཆད། ཚེས་༢༦ལྷག རང་ཟླའི་ཚེས་ ༢༦ ནས་ཕྱི་ཟླའི་ཚེས་ ༢༦ བར་བུམ་སྟོང་ནུབ། ཧལ་ཁྱི་ནུབ་སྟོད། ཡས་ལམ་ཤར་ལྷོ།

སང་ཉིན།


བོད་ཟླ་བརྒྱད་པ།སྤྱི་ཟླ་བཅུ་པ་ཆེ།
རྒྱ་ཟླ་དགུ་པ་ཆུང་།
53
འབྱུང་འཕྲོད།
ས་རླུང་།---ས་རླུང་།
རེ་གཟའ།
སྤེན་པ།
ཟླ་སྐར།
ནག་པ།---ས་རི།
གནམ་སྒོ།
བུ་སྒོར་མི་ཁྲིད།
སྐྲ་སྐར་བཟང་ངན།
ཕྱུགས་པོ་འོང་།
རྟེན་འབྲེལ།
སྲིད
ཚེས་ཆ།
ཞན།
བུམ་སྟོང་ལྷོ། ཧལ་ཁྱི་ནུབ་སྟོད། ཡས་ལམ་ཤར་ལྷོ། ཆུ་སྟག  སྤང་མདོག་འགྱུར། ཟིལ་དཀར་འོང་།ནམ་ལངས་ཕྱི་ཆ།

ཟླ་འདིར་ཚེས་༢༠ཆད། ཚེས་༢༦ལྷག རང་ཟླའི་ཚེས་ ༢༦ ནས་ཕྱི་ཟླའི་ཚེས་ ༢༦ བར་བུམ་སྟོང་ནུབ། ཧལ་ཁྱི་ནུབ་སྟོད། ཡས་ལམ་ཤར་ལྷོ།

རྒྱུ་སྐར་བཟང་ངན།



རྒྱལ།

མེ་བཞི།

ནམ་གྲུ།

ཐ་སྐར།

 


མི་བརྟན་འགྱུར་བའི་སྐར་མ་བཞིར།།  མཆོད་་ཆོག་ཆོས་འཆད་སྡོམ་པ་འབོགས།། གོང་མར་ཞུ་ནོར་འབུལ་བ་དང་།།  རང་དོན་མྱུར་པོ་སྒྲུབ་སོགས་བཟང་།། 


སྣར་མ།

དབོ།

ཆུ་སྨད།

མོན་གྲུ།

 


རབ་ཏུ་བརྟན་པའི་སྐར་མ་བཞིར།།  ཡུལ་གསར་འཛིན་དང་དཔོན་གསར་བསྐོ།།  རབ་ཏུ་བརྟན་པའི་ལས་སོགས་བཟང་།། 



མགོ།

ནག་པ།

ལྷ་མཚམས།

ཁྲུམས་སྨད།

 


མྱུར་ལ་བཟང་བའི་སྐར་མ་གཞིར།།  རྒྱན་དང་རྩེད་མོ་ཞིང་ལས་དང་།།   མྱུར་བའི་ལས་རྣམས་སྒྲུབ་པར་བཟང་།


ལག

སྐག

སྣྲོན།

སྣྲུབས།

 


འབྲས་བུ་ངན་པའི་སྐར་མ་གཞིར།།   འཇོམས་འཕྲོག་དྲག་པོའི་ལས་ལ་སོགས།།  ངན་པར་སྤྱོད་པའི་ལས་རྣམས་བྱ།། 


ནབས་སོ།

ས་རི།

གྲོ་བཞིན།

བྱེ་བཞིན།

མོན་གྲེ།

 


མྱུར་ལ་འགྱུར་བའི་སྐར་མ་ལྔར།།   གཞན་ཡུལ་བགྲོད་དང་ཚོང་ལ་སོགས།།  བརྟན་མིན་མྱུར་འགྲུབ་ལས་རྣམས་བྱ།


བྲ་ཉེ།

མཆུ།

གྲེ།

ཆུ་སྟོད།

ཁྲུམས་སྟོད།

 


བརྟན་པའི་དོན་འགྲུབ་སྐར་མ་ལྔར།།  གཉེན་སྦྱོར་བྱ་དང་ཕྱུགས་སོགས་ཉ།།  འཁོར་བསྟེན་དབང་བསྐུར་རབ་གནས་ཚོང་།།  མཁར་ལས་རྨང་འདིང་དགེ་ལས་བཟོ།།  སྦྱིན་སྲེག་ལ་སོགས་བྱ་བར་བཟང་།


སྨིན་དྲུག

ས་ག

 


བཏང་སྙོམས་བྱེད་པའི་སྐར་གཉིས་ལ།།   དོན་གཉེར་བཏང་སྙོམས་རིན་ཆེན་ལྔ།།  ས་བཟོ་ལ་སོགས་བཟོ་རྣམས་དང་།།   སྦྱིན་སྲེག་ཆོ་ག་བྱ་བར་བཟང་།།

འབྱུང་འཕྲོད།


ས་གཉིས་ནང་འཕྲད་དངོས་གྲུབ་སྦྱོར།  དངོས་གྲུབ་སྦྱོར་བས་ཅི་བསམ་འགྲུབ།།  རྟེན་བཞེངས་མཁར་རྩིག་ཞིང་ཉོ་བ།།  རྒྱས་པའི་ལས་རྣམས་བྱ་བ་དང་།།  མདུན་མ་བྱེད་སོགས་བརྟན་ལས་བཟང་།།

ཆུ་གཉིས་ནང་འཕྲད་བདུད་རྩི་སྦྱོར།།  བདུད་རྩི་སྦྱོར་བས་ཚེ་སྟོབས་འཕེལ།།  སྨན་སྦྱོར་ཁྲུས་བྱེད་བག་མ་ལེན།།  ཚེ་དབང་ཚེ་སྒྲུབ་ཆོ་ག་དང་།།  གཉེན་དང་ཚོང་བསྐྱེད་འཕེལ་ལས་བཟང་།།

ས་ཆུ་འཕྲད་པ་ལང་ཚོ་སྦྱོར།།  ལང་ཚོ་སྦྱོར་བས་ཤིན་ཏུ་སྐྱིད།།  དགའ་སྟོན་བྱ་ཞིང་ཆེ་སར་འདོན།།  གོས་གྱོན་རྒྱན་འདོགས་རོལ་རྩེད་བཟང་།། 

མེ་གཉིས་ནང་འཕྲད་འཕེལ་འགྱུར་སྦྱོར།།  འཕེལ་འགྱུར་སྦྱོར་བས་ཟས་གོས་རྙེད།།  ཚོང་བྱ་སྦྱིན་གཏོང་ས་བོན་འདེབས།།  ནོར་རྒྱུན་མ་སྒྲུབ་ཆུ་སྦྱིན་སྟེར།།  ནོར་ལྷ་མཆོད་ཅིང་དངོས་གྲུབ་ཞུ།།

རླུང་གཉིས་ནང་འཕྲད་ཕུན་ཚོགས་སྦྱོར།།  ཕུན་ཚོགས་སྦྱོར་བས་བསམ་མྱུར་འགྲུབ།།  བསྒྲུབ་བྱ་དོན་གཉེར་ཁ་མཆུ་བསྡུམས།།  གཡོ་དྲག་མྱུར་བའི་ལས་རྣམས་བཟང་།།  

མེ་རླུང་འཕྲད་པ་སྟོབས་ལྡན་སྦྱོར།།  སྟོབས་ལྡན་སྦྱོར་བས་བཀྲིས་བྱེད།།  རིམ་གྲོ་ལྷ་གསོལ་ཆོས་སྤྱོད་བྱ།།  ཞི་རྒྱས་དབང་གི་ལས་རྣམས་འགྲུབ།།  

ས་རླུང་འཕྲད་པ་མི་འཕྲོད་སྦྱོར།།  མི་འཕྲོད་སྦྱོར་བས་ཟས་ནོར་འཛད།།  རྐུན་ཇག་འཇོམས་འཕྲོག་བྱེད་པ་སོགས།།  མྱ་ངན་འོང་བས་དོན་མི་འགྲུབ།།  

ཆུ་རླུང་འཕྲད་པ་མི་མཐུན་སྦྱོར།།  མི་མཐུན་སྦྱོར་བས་གཉེན་བཤེས་འབྱེད།།  དབྱེན་དང་ཕྲ་མ་ཞུགས་པ་དང་།།  དགྲ་བོ་འབྱུང་བའི་ལས་རྣམས་བྱ།།  

ས་མེ་འཕྲད་པ་སྲེག་པའི་སྦྱོར།།  སྲེག་པའི་སྦྱོར་བས་སྡུག་བསྔལ་བསྐྱེད།།  དམག་འདྲེན་དགྲ་གཞོམ་དྲག་ལས་རྩོད།།  ཕ་རོལ་སྡུག་བསྔལ་བསྐྱེད་ཀུན་བྱ།།  

མེ་ཆུ་འཕྲད་པ་འཆི་བའི་སྦྱོར།།། འཆི་བའི་སྦྱོར་བས་སྲོག་འཕྲོག་བྱེད།།  ཕ་རོལ་གསོད་དང་དུག་སྦྱོར་དང་།།  མཐུ་གཏད་ལ་སོགས་རིག་པས་བསྒྲུབ།།  


ཀླུའི་ཐེབས་བཟློག་དང་སྐྲ་ཚེས་བཟང་ངན་། བླ་གཟའ་དང་སྲོག་གཟའ།                    

 

མགྲོན་པོ་འགྲོ་ཕྱོགས་དང་གནམ་སྒོ། བླ་རྟའི་ཁ་དོག་སོགས་འོག་གི་པར་རིས་ནས་གཟིགས།



ཀླུའི་ཐེབས་བཟློག

ཀླུའི་ཐེབས་བཟློག



མགྲོན་པོ་འགྲོ་ཕྱོགས།

བདུད་རྩི་མཐུན་མཚམས།


ལོ་ཐོ་ལྟ་སྟངས་ཤེས་དགོངས་ན་འོག་གོ་阅读原文ཟེར་བ་དེ་མནན་དང་གཟིགས་ཐུབ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章