མཛེས་བཟོ་བྱས་ནས་མིག་ལ་ཆ་ག་བཏོད་པར་མཐོ་དམའ་ཤོར་ན་ཇི་ལྟར་བྱ།

文摘   2024-12-02 08:02   西藏  

མིག་མཐའི་སྐྱི་མོར་གཤགས་བཅོས་བྱས་ཏེ་ཆ་ག་བཏོད་པར་མཐོ་དམའ་ཤོར་ན་ཇི་ལྟར་བྱ།

གྱོད་དཔེ།

2022ལོའི་ཟླ5པ་ནས་བཟུང་། ལྷ་མོས་རྟག་ཏུ་མེ་ཏོག་སྐྱིད་ཀྱི་ཡག་ལས་ཁང་དུ་གདོང་ལ་ཡག་ལས་ཅི་རིགས་བྱས། 2023ལོའི་ཟླ3པར། ཡག་ལས་ཁང་དེ་གས་ལྷ་མོར་ངེད་ཚང་གིས་ངོ་གདོང་མཛེས་བཅོས་བྱེད་པར་ཉམས་མྱོང་ལྡན་ཞིང་མཛེས་བཅོས་ཆོག་ཡིག་ཐོབ་ཐང་ཆ་ཚང་ལོན་པའི་མཛེས་བཟོ་སྨན་པ་ཞིག་གདན་དྲངས་ཡོད་རབས་དང་། ལྷ་མོར་ཁྱོད་ཀྱི་མིག་ལ་ཆ་ག་བཏོད་ན་ཡག་རབས་མང་པོ་བཤད་པས་མོས་མིག་མཐའི་སྐྱི་མོ་གཤགས་བཅོས་བྱས་པ་རེད། གཤགས་བཅོས་ཚར་རྗེས་རྒྱུ་རྐྱེན་མང་པོའི་དབང་གིས་རྨ་ཁ་ཡུན་རིང་པོར་མ་སོས་པར་མ་ཟད། མིག་གཉིས་ཀྱི་ཆ་ག་ལ་མཐོ་དམའ་ཡོད་པ་སོགས་ཀྱི་གནས་ཚུལ་བྱུང་བ་རེད། ཕྱིས་སུ་ལྷ་མོས་མེ་ཏོག་སྐྱིད་ཀྱི་ཡག་ལས་ཁང་ལ་དེ་དང་འབྲེལ་ཡོད་ཀྱི་ཆོག་ཡིག་མེད་པ་ཤེས་ཏེ་མི་དམངས་ཁྲིམས་ཁང་དུ་ཞུ་གཏུག་བྱས་ནས། ཆ་ག་གཤགས་བཅོས་བྱས་པའི་རིན་པ་སྒོར12000ཕྱིར་སྟེར་དགོས་པ་དང་ཁྲིམས་ལྟར་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན།

བཅའ་ཁྲིམས་དབྱེ་ཞིབ།

མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་ནས་ངོས་བཟུང་བ་ནི། ཡག་ལས་སྨན་བཅོས་ནི་འཛད་སྤྱོད་པས་རང་གི་འཚོ་བ་ཇེ་བཟང་དང་གཟུགས་གཞི་ཇེ་ཡག་ཏུ་གཏང་ཆེད་འགྲོ་སྒོ་བཏང་ནས་འཛད་སྤྱོད་བྱེད་པ་ཞིག་ཡིན། འདི་ལ《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》སྤྱད་དགོས། ཡག་ལས་སྨན་བཅོས་ཀྱི་ཞབས་ཕྱི་བསྒྲུབ་པར་ངེས་པར་དེ་དང་འབྲེལ་ཡོད་ཀྱི་ཐོབ་ཐང་ཆོག་ཡིག་ཡོད་དགོས་པར་མ་ཟད་དམིགས་གསལ་ཆེད་མཁས་སྨན་པས་སྨན་བཅོས་བྱ་དགོས། ཡིན་ན་ཡང་གྱོད་དོན་འདིའི་ཁྲོད་དུ། མེ་ཏོག་སྐྱིད་ཀྱི་ཡག་ལས་ཁང་ལ་ཡག་ལས་སྨན་བཅོས་ཐོབ་ཐང་ཆོག་ཡིག་མེད་པའི་གནས་ཚུལ་འོག རང་དགར་ངང་ལྷ་མོ་ལ་མགོ་གཡོགས་མགོ་སྐོར་བཏང་སྟེ་ཡག་ལས་སྨན་བཅོས་བྱས་པ་དེས། འཛད་སྤྱོད་པའི་གནས་ཚུལ་ཤེས་དབང་ལ་གནོད་འཚེ་བཟོས་ཡོད་པ་དང་། མི་དམངས་ཁྲིམས་ཁང་གིས་མེ་ཏོག་སྐྱིད་ལ་མགོ་གཡོགས་མགོ་སྐོར་བཏང་བའི་བྱ་སྤྱོད་ཡོད་པར་ངོས་བཟུང་སྟེ། 《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་གཏན་འཁེལ་ལྟར། ལྷ་མོ་ལ་གཤགས་བཅོས་བྱས་པའི་རིན་པ་སྒོར12000ཕྱིར་བསློག་དགོས་པ་དང་དེའི་ལྡབ་གསུམ་གྱི་སྐྱིན་ཚབ་གཞལ་དགོས་པའི་དཔྱད་མཚམས་བཏང་།

ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章