ཅི་ཞིག་ལ་ཤེས་བྱའི་བདག་དབང་ཟེར།

文摘   2024-12-10 08:01   西藏  

ཅི་ཞིག་ལ་ཤེས་བྱའི་བདག་དབང་ཟེར།


མི་རྣམས་ཀྱིས་རང་གི་རིག་སྟོབས་ངལ་རྩོལ་གྲུབ་འབྲས་ལ་ཁྲིམས་ལྟར་ལོངས་སུ་སྤྱོད་པའི་ཆེད་སྤྱོད་དབང་ཆ་དང་། དུས་རྒྱུན་རྒྱལ་ཁབ་ཀྱིས་གསར་གཏོད་མཁན་ལ་སྤྲད་པའི་རིག་སྟོབས་གྲུབ་འབྲས་ལ་དུས་ཡུན་ངེས་ཅན་ཞིག་གི་ནང་ལོངས་སུ་སྤྱོད་པའི་ཆེད་སྤྱོད་དབང་ཆའམ་སྒེར་བཟུང་དབང་ཆ་ཡིན།

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན123པའི་གཏན་འཁེལ་ལྟར་ན། དམངས་དོན་བྱེད་པོར་ཁྲིམས་ལྟར་ཤེས་བྱའི་ཐོན་དངོས་བདག་དབང་ལོངས་སུ་སྤྱོད་ཆོག་ལ། ཤེས་བྱའི་ཐོན་དངོས་བདག་དབང་ནི་ཁེ་དབང་འཛིན་མཁན་གྱིས་ཁྲིམས་ལྟར་ལོངས་སུ་སྤྱོད་པའི་ཆེད་དབང་སྟེ།

(གཅིག) བརྩམས་ཆོས།

(གཉིས) གསར་གཏོད་དང་དངོས་སྤྱོད་དཔེ་གསར། ཕྱི་ཚུལ་ཇུས་འགོད།

(གསུམ) ཚོང་རྟགས།

(བཞི) ས་ཁམས་ཀྱི་མཚོན་རྟགས།

(ལྔ) ཚོང་ལས་ཀྱི་གསང་བ།

(དྲུག) འདུས་གྲུབ་གློག་ལམ་གྱི་དཔེ་རིས་ཇུས་འགོད།

(བདུན) རྩི་ཤིང་གི་རིགས་རྒྱུད་གསར་པ།

(བརྒྱད) བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་གནས་ཚུལ་གཞན་དག་བཅས་ཡིན།

མཁའ་འབུམ་རྒྱལ་གྱིས་བསྒྱུར།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章