རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་ཇི་ལྟར་བྱ་དགོས།
(1) འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱ་རྒྱུ་ནི་དེང་རབས་ཁྲིམས་སྐྱོང་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་བྱེད་སྒོའི་གཞི་རྩའི་བླང་བྱ་ཡིན། བཅའ་ཁྲིམས་ནང་སྤྱི་དམངས་ལ་ཞིབ་ཕྲའི་ཁེ་དབང་ཁག་སྤྱད་རྒྱུ་ཡོད་པ་དང་ཁེ་དབང་ལ་གནོད་འཚེ་གཏོང་བའི་བཅའ་ཁྲིམས་ཀྱི་འགན་འཁྲི་སྔར་བས་གསལ་པོ་གཏན་འཁེལ་བྱས་ཡོད།
(2) སྲིད་འཛིན་ལས་ཁུངས་ཀྱིས་ཁྲིམས་བསྟར་བྱེད་པའི་བརྒྱུད་རིམ་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་འགན་སྲུང་བྱེད་པའི་འདུ་ཤེས་བཙུགས་ཏེ། གཟབ་ནན་དང་ཚད་ལྡན། དྲང་གཞག དཔལ་ཡོན་བཅས་ཀྱི་ལམ་ནས་ཁྲིམས་བསྟར་བྱས་ཏེ་རྩ་ཁྲིམས་ལྟར་སྲིད་སྐྱོང་བ། ཁྲིམས་ལྟར་སྲིད་འཛིན་བྱེད་པ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་པ་བཅས་རྒྱུན་བསྐྱང་དགོས། (3) ལྟ་ཞིབ་ལས་ཁུངས་ཀྱིས་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་རང་ཚུགས་ཀྱིས་ལྟ་ཞིབ་དབང་ཆ་སྤྱད་རྒྱུ་དང་། གཞུང་གི་དབང་ཆ་སྤྱོད་པའི་གཞུང་གི་ལས་བྱེད་པ་ཚང་མར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ཁག་སྲུང་སྐྱོང་བྱ་དགོས། (3) འདྲི་གཅོད་ལས་ཁུངས་དང་ཞིབ་དཔྱོད་ལས་ཁུངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར། འདྲི་གཅོད་དབང་ཆ་དང་ཞིབ་དཔྱོད་དབང་ཆ་སྤྱད་ནས་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་སོ་སོ་སྲུང་སྐྱོང་བྱ་དགོས། (5) རྒྱལ་ཁབ་ཀྱིས་ཁྲིམས་སྐྱོང་སྐོར་གྱི་དྲིལ་སྒྲོག་སློབ་གསོར་ཤུགས་སྣོན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་སྙིང་སྟོབས་དར་སྤེལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྤེལ་བྱེད་པ། དམངས་ཡོངས་ཀྱི་ཁྲིམས་སྐྱོང་དང་ཁྲིམས་སྲུང་གི་འདུ་ཤེས་བཟང་པོ་དང་གོམས་སྲོལ་ཡག་པོ་ཆགས་སུ་བཅུག་སྟེ་འགྲོ་བ་མིའི་ཐོབ་ཐང་གི་ཕུགས་བསམ་དོན་དངོས་སུ་འགྱུར་གང་ཐུབ་བྱ་དགོས། ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།
ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།