ཉར་གསོ་བྱས་པའི་བུ་ཕྲུག་ལ་ཕ་མ་ངོ་མ་གཉོར་སྐྱོང་བྱེད་པའི་འོས་འགན་ཡོད་དམ།
རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་འབྲེལ་ཡོད་གཏན་འཁེལ་ལྟར་ན། རྒྱལ་ཁབ་ཀྱིས་ཁྲིམས་མཐུན་གྱི་ཉར་གསོའི་འབྲེལ་བ་སྲུང་སྐྱོང་བྱ་རྒྱུ་སྟེ། ཉར་གསོ་བྱེད་མཁན་གྱི་ཕ་མ་དང་ཉར་གསོ་བུ་ཕྲུག་བར་གྱི་ཁེ་དབང་ངམ་འོས་འགན་ཐད《དམངས་དོན་ཁྲིམས་གཞུང》ནང་ཕ་མ་དང་བུ་ཕྲུག་བར་གྱི་འབྲེལ་བའི་སྐོར་གྱི་འབྲེལ་ཡོད་གཏན་འཁེལ་སྤྱོད་ཅིང་། དུས་མཚུངས་སུ་ཉར་གསོ་བྱེད་མཁན་བུ་ཕྲུག་དང་ཕ་མ་ངོ་མའི་བར་གྱི་ཁེ་དབང་དང་འོས་འགན་དེ་ཉར་གསོའི་འབྲེལ་བ་བཙུགས་པའི་དབང་གིས་མེད་པར་གྱུར་པ་ཡིན། གཏན་འཁེལ་དེ་དག་གིས་བུ་ཕྲུག་དང་མི་གཞན་བར་ཉར་གསོའི་འབྲེལ་བ་བྱུང་ཚེ། བུ་ཕྲུག་དང་ཕ་མ་ངོ་མའི་བར་གྱི་ཁེ་དབང་དང་འོས་འགན་མེད་པ་མཐོང་ཐུབ། འདིར་བརྗོད་པའི་ཉར་གསོའི་འབྲེལ་བ་བཙུགས་པའི་ཉིན་ཞེས་པ་ནི་ཉར་གསོའི་ཐོ་འགོད་བྱས་པ་ཚད་གཞིར་འཛིན་རྒྱུ། དེ་ཡང་གསལ་པོར་བཤད་ན་མི་གཞན་གྱིས་ཉར་གསོ་བྱས་པའི་བུ་ཕྲུག་དང་ཕ་གཡར་མ་གཡར་བར་ཉར་གསོའི་ཐོ་འགོད་བྱས་རྗེས། དེའི་ཉར་གསོའི་འབྲེལ་བ་བཅའ་ཁྲིམས་སྟེང་ནས་ཁས་ལེན་བྱུང་བ་དང་ཆབས་ཅིག བུ་ཕྲུག་དང་ཕ་མ་ངོ་མའི་བར་གྱི་ཁེ་དབང་དང་འོས་འགན་གྱི་འབྲེལ་བ་ཡང་མེད་པར་གྱུར་ཞིང་། ཕ་མ་ངོ་མས་ནར་མ་སོན་པའི་བུ་ཕྲུག་གསོ་སྐྱོང་བྱེད་པའི་འོས་འགན་འཁུར་མི་དགོས་ལ། བུ་ཕྲུག་ནར་སོན་རྗེས་ཕ་མ་ངོ་མར་གསོ་སྐྱོང་བྱེད་པའི་འོས་འགན་ཡང་མེད། ཉར་གསོ་བྱེད་མཁན་ཕ་མས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱ་ཆེད། དུས་ཐོག་ཏུ་ཉར་གསོའི་ཐོ་འགོད་འགྲོ་ལུགས་འགྲིམ་རྒྱུར་དོ་སྣང་བྱ་དགོས། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་རྗེས་ཀྱི་ཉར་གསོའི་འབྲེལ་བར་ད་གཟོད་བཅའ་ཁྲིམས་ཀྱི་སྲུང་སྐྱོང་གང་ལེགས་ཐོབ།