ཟ་ཁང་དུ་ཟ་མ་ཟ་སྐབས་འཚིག་རྨས་བྱུང་ན་སྐྱིན་ཚབ་ཇི་ལྟར་སྤྲོད་དགོས།

文摘   2024-12-01 08:01   西藏  

ཟ་ཁང་དུ་ཟ་མ་ཟ་སྐབས་འཚིག་རྨས་བྱུང་ན་སྐྱིན་ཚབ་ཇི་ལྟར་སྤྲོད་དགོས།

རང་རྒྱལ《དབང་གནོད་འགན་འཁྲིའི་བཅའ་ཁྲིམས》ཀྱི་དོན་ཚན37པའི་གཏན་འཁེལ་ལྟར་ན། མགྲོན་ཁང་དང་ཚོང་ར། དངུལ་ཁང་། རླངས་འཁོར་ས་ཚུགས། རོལ་རྩེད་ཁང་སོགས་སྤྱི་པའི་འདུ་ར་ཡི་དོ་དམ་པའམ་ཡང་ན་མང་ཚོགས་རང་བཞིན་གྱི་བྱེད་སྒོ་སྒྲིག་འཛུགས་བྱེད་མཁན་གྱིས་བདེ་འཇགས་འགན་སྲུང་གི་འོས་འགན་མ་བསྒྲུབས་པར་གཞན་ལ་གནོད་སྐྱོན་བཟོས་ན། དབང་གནོད་འགན་འཁྲི་འཁུར་དགོས།

ཕུང་གསུམ་པའི་བྱ་སྤྱོད་དབང་གིས་གཞན་ལ་གནོད་སྐྱོན་བཟོས་ན་ཕུང་གསུམ་པས་དབང་གནོད་ཁག་འགན་འཁུར་དགོས་པ་དང་། དོ་དམ་པའམ་ཡང་ན་སྒྲིག་འཛུགས་བྱེད་མཁན་གྱིས་བདེ་འཇགས་འགན་སྲུང་གི་འོས་འགན་མ་བསྒྲུབས་ན་བབ་མཚུངས་ཀྱི་ཁ་གསབ་འགན་འཁྲི་འཁུར་དགོས།

མཁའ་འབུམ་རྒྱལ་གྱིས་བསྒྱུར།

ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章