གནས་ཚུལ་ག་འདྲའི་འོག་ཤུལ་འཛིན་པའི་ཤུལ་འཛིན་བྱེད་དབང་ཤོར་བ་ཡིན།

文摘   2024-12-18 08:01   西藏  

གནས་ཚུལ་ག་འདྲའི་འོག་ཤུལ་འཛིན་པའི་ཤུལ་འཛིན་བྱེད་དབང་ཤོར་བ་ཡིན།

རང་རྒྱལ《དམངས་དོན་ཁྲིམས་གཞུང》གི་དོན་ཚན1125པའི་གཏན་འཁེལ་ལྟར་ན། ཤུལ་འཛིན་པར་གཤམ་གསལ་གྱི་བྱ་སྤྱོད་ལས་རིགས་གཅིག་ཡོད་ན་ཤུལ་འཛིན་བྱེད་དབང་ཤོར་རྒྱུ་སྟེ།(གཅིག) བསམ་བཞིན་དུ་ཤུལ་བཞག་ནོར་བདག་བསད་པ།
(གཉིས) ཤུལ་བཞག་རྒྱུ་དངོས་འཕྲོག་ཆེད་ཤུལ་འཛིན་པ་གཞན་དག་བསད་པ།
(གསུམ) ཤུལ་བཞག་ནོར་བདག་དོར་བའམ་ཤུལ་བཞག་ནོར་བདག་ལ་མནར་གཅོད་བཏང་བའི་ཉེས་ཚབས་ཆེ་བ།
(བཞི) ཁ་ཆེམས་རྫུན་བཟོ་དང་གཡོ་བཅོས། སྦས་སྐུང་། མེད་པར་བཟོ་བ་བཅས་བྱས་པའི་ཉེས་ཚབས་ཆེ་བ།
(ལྔ) མགོ་སྐོར་གཡོ་འཕྲུལ་དང་བཙན་ཤེད་ཀྱི་བྱེད་ཐབས་ལ་བརྟེན་ནས་ཤུལ་བཞག་ནོར་བདག་གིས་ཁ་ཆེམས་འཇོག་པ་དང་། ཁ་ཆེམས་སྒྱུར་བའམ་ཕྱིར་འཐེན་བྱེད་པ་བཅས་ལ་བཙན་ཤེད་དམ་འགོག་རྐྱེན་བཟོས་པའི་ཉེས་ཚབས་ཆེ་རིགས་བཅས་ཡིན།
ཤུལ་འཛིན་པར་གོང་གསལ་ནང་གསེས་དོན་ཚན་གྱི་ནང་ཚན3པ་ནས5པའི་བར་གྱི་བྱ་སྤྱོད་ཡོད་ཅིང་། དངོས་གནས་སྔ་འགྱོད་ཕྱི་འདོམས་ཀྱི་སྤྱོད་ཚུལ་ཡོད་པ་དང་ཤུལ་བཞག་ནོར་བདག་གིས་གུ་ཡངས་བཏང་བའམ་ཡང་ན་རྗེས་སུ་ཁ་ཆེམས་ནང་ཤུལ་འཛིན་པའི་གྲས་སུ་བཞག་པ་ཡིན་ན་ཤུལ་འཛིན་པ་དེའི་ཤུལ་འཛིན་བྱེད་དབང་མི་ཤོར་རྒྱུ། ཤུལ་དངོས་སྤྲོད་ཁུངས་ལ་དོན་ཚན་འདིའི་ནང་ཚན1པོའི་ནང་གཏན་འཁེལ་བྱས་པའི་བྱ་སྤྱོད་ཡོད་ན་ཤུལ་དངོས་སྤྲོད་ཁུངས་ཀྱི་དབང་ཆ་ཤོར་རྒྱུ།མཁའ་འབུམ་རྒྱལ་གྱིས་བསྒྱུར།

ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章