མཚམས་སྦྱོར་པ་བསྐྱུར་ནས་ཐད་ཀར་ཁང་བདག་ལ་གླ་གཏོང་གན་རྒྱ་བཞག་ཆོག་གམ།

文摘   2024-12-03 08:05   西藏  

མཚམས་སྦྱོར་པ་བསྐྱུར་ནས་ཐད་ཀར་ཁང་བདག་ལ་གླ་གཏོང་གན་རྒྱ་བཞག་ཆོག་གམ།

བློ་མཐུན་རྩོམ་སྒྲིག་པ་ལགས།

ང་སློབ་ཆེན་མཐར་ཕྱིན་རྗེས། ས་གནས་དེ་གའི་ཀུང་སི་ཞིག་ཏུ་གནས་སྐབས་བྱ་བ་བཙལ་ཏེ་ལས་ཚོགས་སུ་ཞུགས་པ་ཡིན་མོད། འོན་ཀྱང་ཀུང་སི་དེ་གས་སྡོད་གནས་མཁོ་འདོན་མི་བྱེད་པས་ངས་ཉིན་ཞིག་ཆེད་དུ་ཁོམ་སྐབས་ཤིག་གི་བར་གླགས་དང་བསྟུན་ནས་ཁང་པ་བཙལ་དུ་སོང་མཐར། ཀུང་སིའི་ཉེ་འཁོར་གྱི་གཞིས་ཁུལ་འགའ་ལས་གཅིག་ཀུང་སི་དང་ཤིན་ཏུ་ཐག་ཉེ་བས་བློར་བབས་བྱུང་། དེ་བས་ངས་གཞིས་ཁུལ་དེའི་འགྲམ་གྱི་མཚམས་སྦྱོར་ཀུང་སི་རུ་སོང་ནས་དེར་ཁང་པ་གླ་རྒྱུ་ཡོད་མེད་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། སྟབས་ལེགས་པ་ཞིག་ལ་གཞིས་ཁུལ་དེར་ཁང་པ་གཉིས་གླ་རྒྱུ་ཡོད་པར་མ་ཟད་མཚམས་སྦྱོར་ཀུང་སིའི་ལས་བྱེད་མི་སྣས་ང་ཁྲིད་དེ་ཁང་པར་ལྟ་རུ་སོང་བ་ན། ངས་ཁང་པ་གཅིག་གི་མཛེས་བཟོ་ཤིན་ཏུ་ལེགས་པ་དང་ཁང་རིན་ཡང་འོས་འཚམ་ཡིན་པར་འདོད་དེ། མཚམས་སྦྱོར་ཀུང་སིའི་ལས་བྱེད་མི་སྣར་ཁང་བདག་འབོད་དུ་བཅུག་ནས་ཞིབ་ཏུ་ཁང་པར་ལྟ་ཞོར། ལས་བྱེད་མི་སྣས་མཉམ་བཞག་མེད་པའི་གནས་ཚུལ་འོག་ཁང་བདག་གི་སྐད་འཕྲིན་བླངས་པ་ཡིན། ང་ཚོས་ཁང་པར་བལྟས་ཚར་རྗེས། ཁང་བདག་དང་མཚམས་སྦྱོར་པ་གཉིས་ཀས་ཁང་རིན་དང་མཚམས་སྦྱོར་གྲོན་དངུལ་ལ་གྲོས་བྱས་པ་དང་། ང་ལ་མཚོན་ན་ལས་ཚོགས་སུ་ཞུགས་ནས་ཅུང་འགོར་མེད་པས། གཅིག་ནས་གསོག་དངུལ་མེད་པ་དང་གཉིས་ནས་མཚམས་སྦྱོར་གྲོན་དངུལ་མི་ཉུང་བ་ཞིག་སྟེར་དགོས་པའི་ཕྱོགས་ལ་བསམ་བློ་མི་གཏོང་ག་མེད་བྱུང་། དེ་བས་ངས་མཚམས་སྦྱོར་གྲོན་དངུལ་ལ་གྲོན་ཆུང་བྱ་ཆེད། མཚམས་སྦྱོར་ཀུང་སི་མ་བརྒྱུད་པར་ཐད་ཀར་སྐད་འཕྲིན་དུ་ཁང་བདག་ལ་འབྲེལ་གཏུག་བྱས་ཏེ་ཁང་པའི་གླ་གཏོང་གན་རྒྱ་འཇོག་བསམས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ངའི་བྱེད་སྟངས་འདི་འགྲིག་གམ།

ཞེས་བློ་ལྡན་གྱིས།

བློ་མཐུན་བློ་ལྡན་ལགས།

དུས་རྒྱུན་གྱི་འཚོ་བའི་ཁྲོད། ང་ཚོ་ཁང་པ་ཉོ་བ་དང་ཁང་པ་གླ་དགོས་པའི་གནས་ཚུལ་དང་འཕྲད་སྲིད། རྒྱུ་མཚན་ནི་ང་ཚོར་ཁང་པའི་ཕྱོགས་ཀྱི་ཆ་འཕྲིན་མི་འདང་བར་བརྟེན། རྒྱུན་དུ་མཚམས་སྦྱོར་ཀུང་སི་བརྒྱུད་དེ་འོས་འཚམས་ཀྱི་ཁང་ཁུངས་ཆ་འཕྲིན་བཙལ་དགོས། མཚམས་སྦྱོར་ཀུང་སིས་ཞབས་ཕྱི་འདོན་སྤྲོད་བྱས་རྗེས། དེར་བསྟུན་གྱི་གླ་ཆ་ལེན་པ་ཡིན། རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན965པའི་གཏན་འཁེལ་ལྟར་ན། མངགས་བཅོལ་མཁན་གྱིས་མཚམས་སྦྱོར་མཁན་གྱི་ཞབས་ཕྱི་དང་ལེན་བྱས་རྗེས། མཚམས་སྦྱོར་མཁན་གྱིས་འདོན་སྤྲོད་བྱས་པའི་ཉོ་འཚོང་གི་གོ་སྐབས་སམ་མཚམས་སྦྱོར་ཞབས་ཕྱི་བེད་སྤྱད་དེ། མཚམས་སྦྱོར་མཁན་བསྐྱུར་ནས་ཐད་ཀར་གན་རྒྱ་བཞག་པ་ཡིན་ན། མཚམས་སྦྱོར་མཁན་ལ་གླ་ཆ་སྤྲད་དགོས”ཞེས་བཀོད་ཡོད། ཡང་གཅིག་བཤད་ན། མཚམས་སྦྱོར་ཀུང་སིས་ཞབས་ཕྱི་འདོན་སྤྲོད་བྱས་རྗེས། མངགས་བཅོལ་མཁན་གྱིས་མཚམས་སྦྱོར་མཁན་བསྐྱུར་ནས་ཁང་བདག་ལ་ཐད་ཀར་འབྲེལ་བ་བྱས་ཏེ་གན་རྒྱ་བཞག་མི་ཆོག མཚམས་སྦྱོར་མཁན་བསྐྱུར་ནས་གན་རྒྱ་བཞག་ཀྱང་། མངགས་བཅོལ་མཁན་གྱིས་མཚམས་སྦྱོར་མཁན་ལ་གླ་ཆ་སྤྲད་དགོས།

གོང་གི་གྱོད་དོན་འདིའི་ཁྲོད་དུ། ཁྱོད་ཀྱིས་མཚམས་སྦྱོར་གྲོན་དངུལ་གྲོན་ཆུང་བྱེད་འདོད་པའི་བསམ་ཚུལ་དེ་ནི་དོན་དངོས་དང་མི་མཐུན་ཞིང་། ཁྱོད་ཀྱིས་མཚམས་སྦྱོར་ཀུང་སི་བརྒྱུད་དེ་ཁང་པ་དེ་བཙལ་བ་ཡིན་པས་མཚམས་སྦྱོར་ཀུང་སིར་འོས་མཚམས་ཀྱི་གླ་ཆ་སྤྲད་དགོས།

ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།

多种客厅
ཆུད་དུ་ཟོས་པའི་དེ་རིང་ནི།། ཁ་སང་འདས་པའི་སྐྱེ་བོ་དེས།། ཤིན་ཏུ་རེ་བའི་སང་ཉིན་ནོ།།
 最新文章