温馨提示!!!
广大农牧民群众:
虫草采集工作临近尾声,即将到来虫草交易的高峰期,为切实保护广大农牧民群众的财产安全,避免虫草交易过程中发生各类经济纠纷,实现结古街道社会局势持续稳定,维护民族团结,规范虫草市场和流通环节。
现向广大农牧民群众温馨提示:
01
请妥善保管好自己的虫草,勿将虫草放置车内等不安全地带,谨防虫草丢失。
02
在从事虫草交易活动中,拒绝签订无效合同,交易中应当面结清虫草交易款项,谨防拖欠虫草收购款,做到“一手交钱、一手交货”,防止以任何手段骗取虫草。
03
严禁未成年人私自出售虫草。一是在虫草交易过程中容易被他人利用年少不懂交易而受欺骗。二是未成人手中留有过多钱财,从而进行非理性消费影响健康成长。三是未成年人在家长不了解的情况下私自扣留部分当日采集的虫草,对家庭的整体收入产生影响。
04
虫草交易过程中,不法分子以高价收购虫草为由,进行诈骗;为严防财产损失,广大农牧民群众在虫草交易过程中不能与陌生人进行轻易交易,要通过正规渠道,正确方式进行虫草买卖,避免受骗。
ཤ་ཚའི་དྲན་སྐུལ།!!!
རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས།
དབྱར་རྩྭ་དགུན་འབུ་བཀོག་འཐུའི་ལས་དོན་མཇུག་འགྲིལ་ལ་ཉེ་ཞིང་དབྱར་རྩྭ་དགུན་འབུ་ཉོ་ཚོང་ཇེ་མང་དུ་འགྲོ་བའི་སྐབས་འདིར། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་ཐུབ་པ་དང་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་པའི་རྒྱུད་རིམ་ནང་དཔལ་འབྱོར་གྱི་རྩོད་གཞི་སྣ་ཚོགས་མི་ཐོན་པ་བྱས་ཏེ་སྐྱེ་རྒུ་སྲང་ལམ་དོན་གཅོད་ཀྱི་སྤྱི་ཚོགས་དུས་བབ་རྒྱུན་མཐུད་བརྟན་ལྷིང་ཡོང་བ་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ནས་དབྱར་རྩྭ་དགུན་འབུའི་ཉོ་ཚོང་ཁྲོམ་ར་དང་འཁོར་རྒྱུག་གི་རྒྱུད་རིམ་ཚད་ལྡན་ཅན་དུ་གཏོང་ཆེད་རྒྱ་ཆེའི་མང་ཚོགས་རྣམ་ལ་གསལ་འདེབས་བྱ་རྒྱུ་གཤམ་གསལ་ལྟར།
༡ རང་ཉིད་ཀྱི་དབྱར་རྩྭ་དགུན་འབུ་ཉར་ཚགས་ཡག་པོ་བྱེད་དགོས་པ་ལས་དབྱར་རྩྭ་དགུན་འབུ་རླངས་འཁོར་དང་བདེ་འཇགས་མེད་པའི་གནས་སུ་འཇོག་མི་རུང་བ་ དབྱར་རྩ་དགུན་འབུ་བོར་བརླག་འགྲོ་རྒྱུར་དོགས་ཟོན་བྱེད་དགོས།
༢ རང་ཤང་གི་རྒྱ་ཆེའི་མང་ཚོགས་རྣམ་པར་དྲལ་སྐུལ་ཞུ་རྒྱུར། དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་སྐབས་ངེས་པར་དུ་དངུལ་དང་དངོས་པོ་ལག་སྤྲོད་བྱེད་པ་ལས་ནུས་པ་མེད་པའི་གན་རྒྱ་འཇོག་རྒྱུ་མེད་ཅིང་། མིག་མཐོང་ལག་ཟིན་དུ་དངུལ་གྲངས་གཙང་རྩིས་རྒྱག་པ་ལས་བུ་ལོན་བཞག་པའམ་རྩིས་སྤྲོད་ནར་འགྱངས་བྱ་རྒྱུ་སྤངས་ཏེ་“དངུལ་དང་དངོས་པོ་རྩིས་སྤྲོད་”བྱེད་གང་ཐུབས་ཀྱིས་མང་ཚོགས་ཀྱི་ལག་ནས་དབྱར་རྩྭ་དགུན་འབུ་གཡོ་ལེན་བྱེད་པའི་བྱ་སྤྱོད་ལ་སྔོན་འགོག་གཏིང་གཟབ་བྱ་དགོས།
༣ ལོ་ཆུང་གཞོན་ནུས་རང་དགར་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་པར་སྔོན་འགོག་བྱ་དགོས། གཅིག་ནས་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་སྐབས་ལོ་ཆུང་བ་དང་ཉམས་མྱོང་ཞན་པའི་རྐྱེན་གྱིས་གཞན་གྱིས་མགོ་སྐོར་གཏོང་ཉེན་ཆེ། གཉིས་ནས་ལོ་ཆུང་གཞོན་ནུའི་ལག་ཐོག་ཏུ་དངུལ་དམར་མང་པོ་ཉར་ཚེ་ལུགས་དང་མི་མཐུན་པར་བེད་སྤྱོད་བྱེད་ངེས་པས་ཕྲུ་གུའི་བདེ་ཐང་ལ་གནོད་སྐྱོན་ཚབ་ཆེན་ཐེབས་ཀྱི་ཡོད། གསུམ་ནས་ལོ་ཆུང་གཞོན་ནུ་འགའ་ཞིག་གིས་ཁྱིམ་བདག་གིས་གནས་ཚུལ་མི་ཤེས་པའི་སྐབས་དང་བསྟུན་ནས་དབྱར་རྩྭ་དགུན་འབུ་ལྐོག་ཉར་བྱེད་ཀྱི་ཡོད་པས་ཁྱིམ་ཚང་གི་སྤྱིའི་ཡོངས་འབབ་ལ་གནོད་སྐྱོན་བཟོས་ཀྱི་ཡོད།
༤ དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་སྐབས་ཚོང་པ་འགའ་ཞིག་གིས་ཁྲིམས་འགལ་གྱིས་རིན་གོང་མཐོ་པོས་དབྱར་རྩྭ་དགུན་འབུ་ཉོ་སྒྲུབ་བྱེད་པར་ཁ་གཡར་ནས་ཁ་བསླུས་རྒྱབ་པ་། རྒྱ་ཆེའི་མང་ཚོགས་ཚོས་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱེད་སྐབས་རྒྱུས་མངའ་མེད་པའི་མི་དང་གང་བྱུང་དུ་ཉོ་ཚོང་མི་བྱ་བར་ཡང་དག་ཐབས་ལམ་རྒྱུད་ནས་དབྱར་རྩྭ་དགུན་འབུ་ཉོ་ཚོང་བྱས་ཏེ་གཞན་གྱི་མགོ་སྐོར་ནང་མི་ཚུད་པ་བྱ་དགོས།